ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

དུས་ཚིགས་དང་པོར་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་དུས་མཚུངས་ལས་བརྒྱ་ཆ་5.3འཕར་ནས་རྒྱལ་དམངས་དཔལ་འབྱོར་གྱི་འགོ་ཡག་པོ་ཚུགས་པ།

2024-04-17 11:02:00     责编:娜科
   འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།  ཚེས་16ཉིན་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པ་ལྟར་ན།  ད་ལོའི་དུས་ཚིགས་དང་པོར་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་296229ཟིན་པ་དང་དུས་མཚུངས་ལས་བརྒྱ་ཆ་5.3འཕར་ཞིང་། རྒྱལ་དམངས་དཔལ་འབྱོར་མུ་མཐུད་ལེགས་པའི་ཕྱོགས་སུ་འཕར་ནས་འགོ་ཡག་པོ་ཚུགས་ཡོད་པ་རེད།

དུས་ཚིགས་དང་པོར་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་དུས་མཚུངས་ལས་བརྒྱ་ཆ་5.3འཕར་བ་དང་། ལོ་གོང་མའི་དུས་ཚིགས་བཞི་པ་ལས་བརྒྱ་ཆ་1.6འཕར་བ་དེ་གཙོ་བོ་བཟོ་ལས་བསྐྱར་འཕར་དང་ཞབས་ཞུའི་ལས་རིགས་ལེགས་སུ་ཕྱིན་པའི་སྐུལ་ཁྲིད་ཐུབ་ཡོད། དུས་ཚིགས་དང་པོར་ཞབས་ཞུའི་སིལ་ཚོང་གྲངས་འབོར་བརྒྱ་ཆ་10འཕར་བ་དེ་ཚོང་ཟོག་སིལ་ཚོང་ལས་བརྒྱ་ཆའི་གནས་6གིས་མགྱོགས་པ་དང་། རྒྱལ་ཡོངས་སུ་གཞི་ཁྱོན་ཡན་གྱི་བཟོ་ལས་རིན་ཐང་འཕར་མ་དུས་མཚུངས་ལས་བརྒྱ་ཆའ་6.1འཕར་ཞིང་། བཟོ་ལས་དང་ཞབས་ཞུའི་ལས་རིགས་ཀྱིས་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་འཕར་བར་ལེགས་སྐྱེས་འབུལ་ཚད་བཅུ་ཆ་དགུ་ལས་བརྒལ་ཡོད། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧྲེང་ལའེ་ཡུན་གྱིས། དཔལ་འབྱོར་རྒྱུན་མཐུད་ངང་སླར་གསོ་དང་འཁོར་སྐྱོད་བརྟན་པོ། བརྟན་བརླིང་ཁྲོད་འཕེལ་རྒྱས་བཅས་བྱུང་ཡོད།  དཔལ་འབྱོར་འཁོར་སྐྱོད་ཀྱི་བརྟན་བརླིང་རང་བཞིན་དང་མཐུན་སྦྱོར་རང་བཞིན་ཆེ་རུ་ཕྱིན་ནས་ཚོང་རའི་གསོན་ཤུགས་འཕེལ་བ་དང་། ཚོང་རའི་གཉེར་སྐྱོང་གཙོ་གཟུགས་ཀྱི་སེམས་ཤུགས་ཀྱང་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད་ཅེས་གསུངས་པ་རེད།

འཛད་སྤྱོད་ནི་དཔལ་འབྱོར་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་གཙོ་བོ་ཡིན། དུས་ཚིགས་དང་པོར་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་དུས་མཚུངས་ལས་བརྒྱ་ཆའ་4.7འཕར་ཡོད། འཛད་སྤྱོད་ཀྱིས་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་འཕར་བར་ལེགས་སྐྱེས་འབུལ་ཚད་བརྒྱ་ཆའ་73.7ཟིན་ནས་དཔལ་འབྱོར་འཕར་རྒྱུར་འདེགས་སྐྱོར་གྱི་ནུས་པ་གལ་ཆེན་ཐོན་ཡོད། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་ཚད་དུས་མཚུངས་ལས་བརྒྱ་ཆ་4.5འཕར་བ་དང་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་ཚད་བརྒྱ་ཆ་5འཕར་ཡོད།

ཧྲེང་ལའེ་ཡུན་གྱིས། དུས་ཚིགས་དང་པོར་བཟོ་ལས་ཐད་གློག་སྤྱོད་ཚད་བརྒྱ་ཆ་7.7འཕར་བ་དང་ཟོག་འདྲེན་བྱེད་ཚད་བརྒྱ་ཆ་5.3འཕར་བ། གྲུ་ཁའི་དངོས་ཟོག་འདོན་འཇུག་བྱེད་ཚད་བརྒྱ་ཆ་6.1འཕར་ཡོད། ཕྱིར་གཏོང་ཐད་ནས་བལྟས་ཚེ། གྲུ་ཁའི་ཟོག་འདྲེན་བྱེད་ཚད་ནི་ཐད་ཀའི་དམིགས་ཚད་ཅིག་ཡིན་ཞེས་གསུངས་པ་རེད།

ལས་ཞུགས་ཟོག་གོང་བརྟན་པོ་བྱུང་ཡོད། དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཀ་ཤོར་ཚད་གྱི་ཆ་སྙོམས་གྲངས་འབོར་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གནས་0.3ཆག་ནས་ལས་ཞུགས་བརྟན་པོ་ཡོང་བའི་སྲིད་ཇུས་ཀྱི་ཕན་འབྲས་སྔར་ལས་མངོན་གསལ་དོད་དུ་ཕྱིན་ཡོད།

སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་འགྲོ་ཚུལ་ཡག་པོ་ཡིན། དུས་ཚིགས་དང་པོར་གཞི་ཁྱོན་ཡན་གྱི་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་ཐང་དུས་མཚུངས་ལས་བརྒྱ་ཆ་7.5འཕར་བ་དང་། དེ་ན་ནིང་གི་དུས་ཚིགས་བཞི་པ་ལས་བརྒྱ་ཆའི་གནས་2.6འཕར་ཡོད། ལག་རྩལ་མཐོ་བའི་ཞབས་ཞུའི་ལས་རིགས་མུ་མཐུད་འཕར་སྣོན་མགྱོགས་པོ་རྒྱུན་འཁྱོངས་ཐུབ་པ་དང་། ཆ་འཕྲིན་བརྒྱུད་གཏོང་དང་མཉེན་ཆས། ཆ་འཕྲིན་ལག་རྩལ་ཞབས་ཞུའི་ལས་རིགས་བཅས་ཀྱི་འཕར་སྣོན་རིན་ཐང་བརྒྱ་ཆ་13.7འཕར་བ་དང་། ན་ནིང་གི་དུས་ཚིགས་བཞི་པ་ལས་བརྒྱ་ཆའི་གནས་2.5འཕར་ཡོད། ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཐོན་ཚད་དེ་ལོ་ཤས་སྔོན་འཕེལ་རྒྱས་མགྱོགས་པོ་འགྲོ་བའི་རྨང་གཞིའི་ཐོག  ད་ལོའི་དུས་ཚིགས་དང་པོར་བརྒྱ་ཆའི་29.2འཕར་བ་དང་ཉི་ནུས་གློག་རྫས་བརྒྱ་ཆ་20.1འཕར་ཡོད། འོད་ཧྥུ་དང་འབྲེལ་བའི་མང་སྭེལ་དང་རྐྱང་སྭེལ་གྱི་འཕར་ཚད་སྔར་བཞིན་བརྒྱ་ཆའི་50ཡན་ལ་སླེབས་ཡོད། ཧྲེང་ལའེ་ཡུན་གྱིས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་མུ་མཐུད་མགྱོགས་མྱུར་སྐྱེད་སྲིང་དང་འཕེལ་རྒྱས་སུ་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་སྲོལ་རྒྱུན་ཐོན་ལས་ཀྱི་ལག་རྩལ་སྒྱུར་བཀོད་རིམ་སྤོར་ཡག་པོ་བྱེད་པ་དང་དུས་མཚུངས་སུ་གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་གསོ་སྤེལ་ཡག་པོ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།

 

 

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།

中央广播电视总台 央广网 版权所有

དུས་ཚིགས་དང་པོར་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་དུས་མཚུངས་ལས་བརྒྱ་ཆ་5.3འཕར་ནས་རྒྱལ་དམངས་དཔལ་འབྱོར་གྱི་འགོ་ཡག་པོ་ཚུགས་པ།

ཡུལ་བབ་དང་བསྟུན་ནས་སྲོལ་རྒྱུན་ཐོན་ལས་ཀྱི་ལག་རྩལ་སྒྱུར་བཀོད་རིམ་སྤོར་ཡག་པོ་བྱེད་པ་དང་དུས་མཚུངས་སུ་གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་གསོ་སྤེལ་ཡག་པོ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།