ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ལི་ཆང་དང་འཇར་མན་གྱི་ཙུང་ལི་གཉིས་ཀྲུང་གོ་དང་འཇར་མན་གྱི་དཔལ་འབྱོར་བློ་འདྲི་ཨུ་ཡོན་ལྷན་ཁང་གི་བཞུགས་མོལ་འདུར་ཞུགས་པ་མ་ཟད་མཉམ་དུ་གསར་འགོད་པ་དང་ཐུགས་འཕྲད་གནང་བ།

2024-04-17 11:01:00     责编:娜科
   འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཚེས་བཅུ་དྲུག་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིང་དུ་འཇར་མན་གྱི་ཙུང་ལི་ཧྲུའོ་ཨར་ཚི་དང་མཉམ་དུ་ཀྲུང་གོ་དང་འཇར་མན་གྱི་དཔལ་འབྱོར་བློ་འདྲི་ཨུ་ཡོན་ལྷན་ཁང་གི་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་འབྲེལ་ཚོགས་ཞུགས་ཁེ་ལས་མཁས་པ་དང་སྤེལ་རེས་ཀྱང་གནང་ཡོད། ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་པོའི་ཁེ་ལས་པ་༢༠ལྷག་ཙམ་དེའི་ནང་ཞུགས་ཡོད་པ་རེད།

ལི་ཆང་གིས་ཀྲུང་གོ་ནི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པ་དང་།  འཇར་མན་ནི་ཡོ་རོབ་གྱི་དཔལ་འབྱོར་གཞི་གཅིག་ཅན་ཆེ་ཤོས་ཡིན་པས། རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ནི་ཕན་ཚུན་གྱི་ངོས་ནས་བརྗོད་ན་གོ་སྐབས་གལ་ཆེན་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་དུ་མཉམ་དུ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་དེ་བས་ཆེ་བ་དང་དེ་བས་ལེགས་པ། དེ་བས་སྟོབས་དང་ལྡན་པར་འགྱུར་བ་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་ཕན་པ་སྐྲུན་འདོད་ཡོད།  ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་དངོས་གཉེར་མཉམ་ལས་ཀྱི་སྲོལ་རྒྱུན་བཟང་པོ་མུ་མཐུད་རྒྱུན་བསྲིང་དང་། སྒོ་དབྱེ་འདྲ་མཉམ་གྱི་ཁྲོམ་རའི་ཁོར་ཡུག་སྲུང་སྐྱོང་བྱེད་པ། གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་བར་ཁམས་རྒྱ་ཆེར་གཏོང་དགོས།  རྒྱལ་ཁབ་གཉིས་པོའི་ཁེ་ལས་ཀྱིས་ཐོན་ལས་དང་གསར་གཏོད་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་མཉམ་ལས་འཕར་གཞི་མུ་མཐུད་སྐྱེད་སྲིང་བྱས་ནས་འཕེལ་རྒྱས་ཆེན་པོ་ཡོང་བ་བྱ་དགོས། ཀྲུང་གོ་སྲིད་གཞུང་གིས་འཇར་མན་སྲིད་གཞུང་དང་མཉམ་དུ་སྲིད་ཇུས་ཀྱི་རྒྱབ་སྐྱོར་སྔར་ལས་མང་པོ་བྱས་ནས་ཕྱོགས་གཉིས་པོའི་ཁེ་ལས་བར་གྱི་མཉམ་ལས་སྔར་བས་བདེ་བླག་དང་ནུས་མཐོ་ཡོང་བ་བྱས་ནས།  རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་རྒྱུན་མཐུད་བརྟན་ལྷིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

ལི་ཆང་གིས་མིག་སྔར་ཀྲུང་གོའི་དཔལ་འབྱོར་གྱི་བསྐྱར་འཕར་ཡག་པོ་ཡོང་བའི་རྣམ་པ་རྒྱུན་ཆད་མེད་པར་སྲ་ཞིང་བརྟན་པོའི་ཕྱོགས་སུ་འགྲོ་བཞིན་ཡོད། ཀྲུང་གོའི་ཆུ་ཚད་མཐོ་བའི་སྒོ་དབྱེ་རྒྱ་ཆེར་གཏོང་བའི་ཆོད་སེམས་ལ་འགྱུར་བ་མེད་པ་དང་།  གོམས་སྟབས་མཚམས་འཇོག་མི་སྲིད།  ཕྱི་དངུལ་ཆོག་འཐུས་ཀྱི་ལྡོག་ཕྱོགས་རྩིས་ཐོ་མུ་མཐུད་ཉུང་དུ་གཏོང་རྒྱུ་དང་།  ཕྱི་རྒྱལ་གྱི་མ་དངུལ་ཁེ་ལས་ཀྱི་རྒྱལ་དམངས་ཐོབ་ཆ་དོན་འཁྱོལ་ཡག་པོ་བྱ་དགོས།  ང་ཚོས་གྲངས་གཞི་རྒྱལ་མཚམས་སྒྲོལ་བའི་འཁོར་རྒྱུག་སོགས་ཐད་ཀྱི་བཀོད་སྒྲིག་ཟམ་མི་ཆད་པར་ལེགས་སྒྲིག་བྱེད་བཞིན་པ་དང་། རྒྱུན་ནམ་ཅན་གྱི་ཐོག་ནས་ཕྱི་ཕྱོགས་ཀྱི་མ་དངུལ་ཁེ་ལས་ཀྱི་བསམ་འཆར་ལ་ཉན་ནས་ཁེ་ལས་ཀྱི་ལུགས་མཐུན་རེ་འདུན་ཐག་གཅོད་བྱ་རྒྱུར་ཧུར་ཐག་གིས་ལན་འདེབས་རྒྱུ་ཡིན།  ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དངོས་གཉེར་བྱ་ཐབས་སྤྱད་དེ་འཇར་མན་གྱི་ཁེ་ལས་ཚུད་པའི་ཕྱི་རྒྱལ་གྱི་ཁེ་ལས་སྔར་ལས་མང་པོ་ཡོང་འདོད་པ་དང་སྡོད་ཐུབ་པ། འཕེལ་རྒྱས་ཡག་པོ་ཡོང་བ་བཅས་བྱ་རྒྱུ་ཡིན།  རྒྱལ་ཁབ་གཉིས་པོའི་ཁེ་ལས་མཁན་པ་ཚོས་ཀྲུང་གོ་དང་འཇར་མན་བར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་མཁན་ཧུར་ཐག་བྱེད་པ་དང་། དུས་མཚུངས་སུ་སྦྲེལ་ཐག་གི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས་རྒྱལ་ཁབ་གཉིས་པོས་ཕན་ཚུན་ཤེས་རྟོགས་དང་ཡིད་ཆེས་བྱེད་པར་ལེགས་སྐྱེས་སྟོབས་ཤུགས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་བསྟན་ཡོད་པ་རེད།

ཧྲུའོ་ཨར་ཚི་ཡིས། ཀྲུང་གོ་ནི་འཇར་མན་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་རོགས་ཟླ་གལ་ཆེ་ཤོས་དེ་ཡིན་པ་དང་།  རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་དམ་ཟབ་ཡོད་པས་ཕྱོགས་གཉིས་པོར་དེའི་ཁྲོད་ནས་ཁེ་ཕན་རག་ཡོད།  འཇར་མན་ཕྱོགས་ཀྱིས་འཇར་མན་དང་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་འབྲེལ་བར་མཐོང་ཆེན་དང་སྲུང་སྐྱོང་བྱེད་པ་དང་། སྦྲེལ་ཐག་གཅོད་རྒྱུར་ངོ་རྒོལ་བྱེད་ཀྱི་ཡོད་ཅིང་། འཇར་མན་དང་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་སྤེལ་རེས་སྔར་བས་གཏིང་ཟབ་ཏུ་བཏང་ནས་དངོས་གཉེར་མཉམ་ལས་རྒྱ་ཆེར་གཏོང་རྒྱུ་ཡིན།  འཇར་མན་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་འཇར་མན་དུ་མ་འཇོག་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

བཞུགས་མོལ་ཚོགས་འདུ་འཚོགས་རྗེས་རྒྱལ་ཁབ་གཉིས་པོའི་ཙུང་ལིས་ཐུན་མོང་ཐོག་གསར་འགོད་པ་དང་ཐུགས་འཕྲད་གནང་བ་རེད། 

ཝུའུ་ཀྲེང་ལུང་གོང་གསལ་གྱི་བྱེད་སྒོར་ཞུགས་གནང་ཡོད་པ་རེད།

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།

中央广播电视总台 央广网 版权所有

ལི་ཆང་དང་འཇར་མན་གྱི་ཙུང་ལི་གཉིས་ཀྲུང་གོ་དང་འཇར་མན་གྱི་དཔལ་འབྱོར་བློ་འདྲི་ཨུ་ཡོན་ལྷན་ཁང་གི་བཞུགས་མོལ་འདུར་ཞུགས་པ་མ་ཟད་མཉམ་དུ་གསར་འགོད་པ་དང་ཐུགས་འཕྲད་གནང་བ།

བཞུགས་མོལ་ཚོགས་འདུ་འཚོགས་རྗེས་རྒྱལ་ཁབ་གཉིས་པོའི་ཙུང་ལིས་ཐུན་མོང་ཐོག་གསར་འགོད་པ་དང་ཐུགས་འཕྲད་གནང་བ་རེད།