ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

འཛད་སྤྱོད་ཐོན་རྫས་དངོས་མང་འགྲེམ་ཚོགས་ཀྱིས་རྒྱལ་ཁབ་མང་པོས་ཐེངས་དང་པོར་ཚོགས་པ་སྒྲིག་ནས་འགྲེམ་ཚོགས་ནང་ཞུགས་པའི་མདུན་བསུས་ཤིང་། ཚོགས་ཞུགས་རྒྱལ་ཁབ་དང་ཚོང་རྟགས་ཀྱི་གྲངས་འབོར་གཉིས་ཀྱིས་ཟིན་ཐོ་གསར་བ་བཏོད་ཡོད།

2024-04-17 11:00:00     责编:娜科
  འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྐབས་བཞི་པའི་ཀྲུང་གོ་རྒྱལ་སྤྱིའི་འཛད་སྤྱོད་ཐོན་རྫས་དངོས་མང་འགྲེམ་ཚོགས་ད་ལྟ་ཚ་ཚ་འུར་འུར་ངང་གཉེར་བཞིན་ཡོད། ད་ལོའི་འཛད་སྤྱོད་ཐོན་རྫས་དངོས་མང་འགྲེམ་ཚོགས་སུ་ཞུགས་པའི་རྒྱལ་ཁབ་དང་ཚོང་རྟགས་ཀྱི་གྲངས་འབོར་གྱིས་ཟིན་ཐོ་གསར་པ་བཏོད་ཅིང་། རྒྱལ་ཁབ་མང་པོ་ཚོགས་པ་སྒྲིག་པའི་རྣམ་པའི་སྟེང་ནས་ཐེངས་དང་པོར་འགྲེམ་ཚོགས་ནང་ཞུགས་ཡོད་པ་རེད།

ད་ལོའི་འཛད་སྤྱོད་ཐོན་རྫས་དངོས་མང་འགྲེམ་ཚོགས་ཀྱི་གྲོགས་པོ་གསར་པ་ཞིག་ནི་དབྱིན་ཇིའི་རྒྱལ་ཁབ་འགྲེམས་ཁང་སྟེ། རྒྱས་སྤྲོས་དངོས་རྫས་དང་འཚོ་བཅུད་བདེ་སྲུང་། མཛེས་འཆོས་སོགས་ཁྱབ་ཁོངས་མང་པོ་འདུས་པའི་ཚོང་རྟགས་14འདུ་འཛོམས་འགྲེམ་ཁང་ཞིག་ཡིན།

ད་ལོའི་འཛད་སྤྱོད་ཐོན་རྫས་དངོས་མང་འགྲེམ་ཚོགས་སུ། མ་ལེ་ཞི་ཡ་དང་མོང་གོལ་རྒྱལ་ཁབ་འགྲེམ་ཁང་ཐེངས་དང་པོར་ཚོགས་སྒྲིག་རྣམ་པའི་ཐོག་ནས་ཞུགས་པ་དང་། མ་ལེ་ཞི་ཡ་ནས་ཐོན་པའི་འདྲུད་ལྷམ་དང་། བག་ལེབ། ཡན་ཝོ་བཅས་ཀྱི་འགྲེམ་སྟེགས་ཀྱིས་འཛད་སྤྱོད་པ་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་ཡོད། མ་ལེ་ཞི་ཡའི་འདྲུད་ལྷམ་ཚོང་རྟགས་ག་གེ་མོའི་འགྲེམ་སྟེགས་ཀྱི་འགན་འཁུར་བ་ཧོང་ཅིན་ཝུན་གྱིས། ཧའེ་ནན་འཛད་སྤྱོད་ཐོན་རྫས་དངོས་མང་འགྲེམ་ཚོགས་སྟེང་འཚོང་ཧ་ཅང་ཡག་པོ་འདུག སླད་ཕྱིན་ང་ཚོ་ལོ་ལྟར་ཞུགས་རྒྱུ་ཡིན་ཞེས་བཤད་པ་རེད།

མོང་གོལ་རྒྱལ་ཁབ་ནས་ཡོང་བའི་འགྲེམ་ཞུགས་ཚོང་པས་ད་ཐེངས་ལུག་བལ་ཐོན་རྫས་སོགས་མོང་གོལ་རྒྱལ་ཁབ་ཀྱི་ཁྱད་ལྡན་ཚོང་རྗས་འཁྱེར་ཡོང་ཡོད། ཀྲུང་གོར་བཅའ་སྡོད་མོང་གོལ་རྒྱལ་ཁབ་གཞུང་ཚབ་ཁང་གི་ཚོང་དོན་འཐུས་མི་དང་ཚན་ཙན་གཅིག་ལྕོགས་ཐུའུ་མོན་པཱ་ཡའར་གྱིས། འཛད་སྤྱོད་ཐོན་རྫས་དངོས་མང་འགྲེམ་ཚོགས་ཀྱི་སྟེགས་བུ་བརྒྱུད། ཀྲུང་གོའི་ཁྲོམ་རར་དེ་བས་ཕུན་སུམ་ཚོགས་པའི་ཐོན་རྫས་མཁོ་འདོན་བྱ་འདོད་ཡོད་ཅེས་བཤད་པ་རེད།

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།

中央广播电视总台 央广网 版权所有