ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

དུས་ཚིགས་དང་པོའི་རང་རྒྱལ་དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་པ་དང་དངོས་ཟོག་སྐྱེལ་འདྲེན་གཉིས་ཀས་ལོ་རྒྱུས་ཀྱི་དུས་མཚུངས་ཟིན་ཐོ་གསར་བ་བཏོད་ཡོད།

2024-04-17 10:56:00     责编:娜科
   འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་སྤེལ་བའི་གྲངས་གཞི་ལས་མངོན་པར། ད་ལོའི་དུས་ཚིགས་དང་པོར། དམངས་སྤྱོད་མཁའ་འགྲུལ་སྐྱེལ་འདྲེན་ཐོན་སྐྱེད་ཀྱིས་འགོ་ཡག་པོ་བཙུགས་ཤིང་། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་དང་དངོས་ཟོག་དབོར་འདྲེན་བྱེད་ཚད་གཉིས་ཀས་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

དུས་ཚིགས་དང་པོར། ལས་རིགས་ཧྲིལ་པོས་ཁྱོན་སྐྱེལ་འདྲེན་གྱི་སྤྱིའི་འཁོར་རྒྱུག་ཚད་ཏུན་སྤྱི་ལེ་དུང་ཕྱུར་349.3ལེགས་འགྲུབ་བྱས་ཤིང་། དུས་མཚུངས་ལས་45.6%ལས་འཕར་ཡོད། འགྲུལ་པ་སྐྱེལ་འདྲེན་བྱེད་པའི་ཐད། ལས་རིགས་ཧྲིལ་པོས་དུས་ཚིགས་དང་པོར་ཁྱོན་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་1.8ལ་ཉེ་བ་ལེགས་འགྲུབ་བྱུང་བ་དང་། དེ་ལོ་གོང་མའི་དུས་ཚིགས་དང་པོའི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ཀྱི་ཆེས་མཐོ་ཤོས་ཡིན་ལ། དུས་མཚུངས་ལས་37.7%འཕར་ཡོད། དངོས་ཟོག་སྐྱེལ་འདྲེན་ཐད། ལས་རིགས་ཧྲིལ་པོས་དུས་ཚིགས་དང་པོར་ཁྱོན་དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན་ཁྲི་200.7ལེགས་འགྲུབ་བྱུང་ཞིང་། དུས་མཚུངས་ལས་34.4%འཕར་ཡོད་པ་རེད།

ད་ལོ་ནས་བཟུང་། དམངས་སྤྱོད་མཁའ་འགྲུལ་གྱིས་རྒྱལ་སྤྱིའི་མཁའ་འགྲུལ་ལམ་ཐིག་དྲ་རྒྱའི་བཀོད་པ་འཐུས་ཚང་དུ་གཏོང་རྒྱུ་ཇེ་མགྱོགས་སུ་བཏང་བ་དང་། རྒྱལ་སྤྱིའི་མཁའ་འགྲུལ་ལམ་ཐིག་དྲ་བ་དང་དེ་བཞིན་དེ་བས་ནུས་མཐོའི་ཞབས་ཞུ་ཚགས་དམ་དུ་བཏང་བས། རྒྱལ་ཁོངས་ལས་བརྒལ་བའི་མི་སྣའི་འགྲོ་འོང་ལ་སྔར་ལས་མང་བའི་སྟབས་བདེ་འདོན་སྤྲོད་བྱས་ཡོད། ཀྲུང་གོའི་ནང་ལོག་ནས་སོ་ཏི་ཨ་རབ་བར་གྱི་དུས་གཏན་ཐད་འཕུར་མཁའ་འགྲུལ་ལམ་ཐིག་ཐོག་མ་དེ་ཁ་སང་དངོས་སུ་ཤར་གཏོང་བྱས་ཡོད། ལྷོ་ཕྱོགས་མཁའ་འགྲུལ་ཧྭ་བྱང་ཚོང་གཉེར་ལྟེ་གནས་ཀྱི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཁྲེན་ལིན་གྱིས། པེ་ཅིན་ནས་ལི་ཡ་ཏེ་བར་གྱི་མཁའ་འགྲུལ་ལམ་ཐིག་ནི་གཟའ་འཁོར་རེའི་རེས་གཟའ་མིག་དམར་དང་རེས་གཟའ་ལྷག་པར་ཐད་འཕུར་བྱས་པའི་གནམ་གྲུ་གཉིས་ཡིན་ལ། ཁྲོམ་ར་སླར་གསོ་བྱུང་བ་དང་། ང་ཚོའི་ཐོན་རྫས་ཕུན་སུམ་ཇེ་ཚོགས་སུ་སོང་བ་དང་བསྟུན་ནས་ང་ཚོའི་གནམ་གྲུའང་དེ་བཞིན་རིམ་གྱིས་མང་དུ་གཏོང་ངེས་ཞེས་བརྗོད་པ་རེད།

 

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།

中央广播电视总台 央广网 版权所有

དུས་ཚིགས་དང་པོའི་རང་རྒྱལ་དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་པ་དང་དངོས་ཟོག་སྐྱེལ་འདྲེན་གཉིས་ཀས་ལོ་རྒྱུས་ཀྱི་དུས་མཚུངས་ཟིན་ཐོ་གསར་བ་བཏོད་ཡོད།

ང་ཚོའི་ཐོན་རྫས་ཕུན་སུམ་ཇེ་ཚོགས་སུ་སོང་བ་དང་བསྟུན་ནས་ང་ཚོའི་གནམ་གྲུའང་དེ་བཞིན་རིམ་གྱིས་མང་དུ་གཏོང་ངེས་ཞེས་བརྗོད་པ་རེད།