ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་བཟའ་ཚང་ཁ་བྲལ་གྱི་གྱོད་གཞིས་ནར་མ་སོན་པའི་བུ་ཕྲུག་གི་ཁེ་དབང་ལ་དོ་ཁུར་བྱེད་དགོས་པའི་དྲན་སྐུལ་བྱས་པ།

2024-04-16 14:44:00     责编:娜科

  འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཁ་སང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ནར་མ་སོན་པའི་བུ་ཕྲུག་དང་འབྲེལ་བ་ཡོད་པའི་བཟའ་ཚང་ཁ་བྲལ་གྱི་གྱོད་གཞིའི་ཁྲོད་ནར་མ་སོན་པའི་བུ་ཕྲུག་ལ་གཅེས་སྐྱོང་བྱེད་པའི་དྲན་སྐུལ་གྱི་ལས་དོན་སྤེལ་རྒྱུའི་སྐོར་གྱི་བསམ་འཆར་ཁྱབ་བསྒྲགས་བྱས་ཏེ། ནར་མ་སོན་པའི་བུ་ཕྲུག་གི་ལུས་སེམས་བདེ་ཐང་ལ་གནོད་པའི་བྱ་སྤྱོད་ཐད་སྔ་ས་ནས་སྔོན་འགོག་དང་། ནར་མ་སོན་པའི་མི་སྣའི་ཉེས་གསོག་འགོག་བཅོས་ལས་དོན་གྱི་འགག་སྒོ་མདུན་དུ་སྤོས་ནས། ནར་མ་སོན་པའི་མི་སྣའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་ཡིན་པ་རེད།

  ནར་མ་སོན་པའི་མི་སྣས་ཉེས་གསོག་བྱ་སྤྱོད་སྤེལ་རྒྱུ་སྔོན་འགོག་བྱེད་པ་ནི་《བསམ་འཆར》གྱི་དམིགས་ཡུལ་དང་ལས་འགན་གཙོ་བོ་ཡིན་ཞིང་། དེའི་ནང་། ནར་མ་སོན་པའི་མི་སྣའི་ཁྲིམས་མཐུན་ཁེ་དབང་སྣང་མེད་དུ་གཏོང་བའམ་ཐ་ན་གནོད་འཚེ་གཏོང་བ་དང་། ནར་མ་སོན་པའི་མི་སྣའི་ལུས་སེམས་བདེ་ཐང་ལ་གནོད་འཚེ་གཏོང་བའི་གནས་ཚུལ་ཐོན་རྒྱུ་སྔོན་འགོག་གང་ཐུབ་བྱེད་པ། ནར་མ་སོན་པའི་མི་སྣས་ཁྲིམས་འགལ་ཉེས་གསོག་བྱེད་པའི་རྒྱུ་རྐྱེན་ངན་པ་སྣ་ཚོགས་མེད་པ་བཟོ་བ་བཅས་བྱས་ཏེ། ཆུ་མ་ཤོར་གོང་ནས་རགས་ཞེས་པའི་དཔེ་ལྟར་གནོད་འཚེ་མ་ཐོན་གོང་ནས་སྔོན་འགོག་བྱ་དགོས་ཞེས་ཁ་གསལ་བསྟན་ཡོད།

  གྱོད་དཔེ་དངོས་ལ་བརྟེན་ནས་བཟའ་ཚང་ཁ་བྲལ་གྱོད་གཞིའི་དོ་བདག་ལ་ཕ་མས་ནར་མ་སོན་པའི་བུ་ཕྲུག་ལ་ཁྲིམས་གཏན་འཁེལ་བའི་འོས་འགན་དང་ཁེ་དབང་། དེ་བཞིན་བཅའ་ཁྲིམས་དང་རྒྱབ་འགལ་བྱས་ན་མཇུག་འབྲས་ངན་པ་འཁུར་དགོས་པ་སོགས་དྲན་སྐུལ་དང་ནན་བཤད་བྱས་ཡོད། ཕ་མ་ཕྱོགས་གང་རུང་གིས་ནར་མ་སོན་པའི་བུ་ཕྲུག་ལ་ཕན་པ་ཆེ་ཤོས་ལྡན་པའི་རྩ་དོན་དང་རྒྱབ་འགལ་བྱེད་མི་ཆོག་པ་དང་། ནར་མ་སོན་པའི་བུ་ཕྲུག་འཕྲོག་རེས་བྱེད་པའམ་སྦས་སྐུང་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་གསོ་སྐྱོང་དབང་ཆ་བརྩོན་ལེན་བྱེད་མི་ཆོག གལ་སྲིད་དེ་ལྟར་བྱས་ན་མཇུག་འབྲས་ངན་པ་འཁུར་དགོས་ཀྱི་རེད་ལ། ཉེས་ཚབས་ཆེ་རིགས་ལ་མི་དམངས་ཁྲིམས་ཁང་གིས་དངུལ་ཆད་གཅོད་རྒྱུ་དང་བཀག་ཉར་བྱས་ཆོག་པ། ཉེས་གསོག་གི་ཁོངས་སུ་གཏོགས་ན་ཁྲིམས་ལྟར་ཉེས་དོན་འགན་འཁྲིད་བདའ་འདེད་གཏོང་རྒྱུ་རེད་འདུག

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།

中央广播电视总台 央广网 版权所有

ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་བཟའ་ཚང་ཁ་བྲལ་གྱི་གྱོད་གཞིས་ནར་མ་སོན་པའི་བུ་ཕྲུག་གི་ཁེ་དབང་ལ་དོ་ཁུར་བྱེད་དགོས་པའི་དྲན་སྐུལ་བྱས་པ།

ཉེས་གསོག་གི་ཁོངས་སུ་གཏོགས་ན་ཁྲིམས་ལྟར་ཉེས་དོན་འགན་འཁྲིད་བདའ་འདེད་གཏོང་རྒྱུ་རེད་འདུག