ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

རང་རྒྱལ་གྱིས་འཛུགས་སྐྲུན་བྱེད་བཞིན་པའི་ཉིང་རྡུལ་གློག་ཤུགས་འཕྲུལ་འཁོར་གྱི་གྲངས་འབོར་དང་གློག་འདོན་ཚད་ཚང་མ་འཛམ་གླིང་གི་ཨང་དང་པོ་རྒྱུན་འཁྱོངས་བྱས་པ།

2024-04-16 14:43:00     责编:娜科

  འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།  ཚེས་བཅོ་ལྔ་ཉིན་༼   2024ལོའི་ཀྲུང་གོའི་ཉིང་རྡུལ་ནུས་པ་འཕེལ་རྒྱས་སྙན་ཞུ༽   ཞེས་པའི་རྒྱབ་ཤ་སྔོན་པོའི་དེབ་འགྲེམས་སྤེལ་བྱས་པ་དང་།  ཉིང་རྡུལ་གློག་འཁོར་སྐྱོད་དང་ལས་གྲྭ་འཛུགས་སྐྲུན། ཚན་རྩལ་གསར་གཏོད་སོགས་ཀྱི་ཐད་ནས་མིག་སྔའི་རང་རྒྱལ་གྱི་ཉིང་རྡུལ་ནུས་པའི་ལས་རིགས་འཕེལ་རྒྱས་ཀྱི་གནས་ཚུལ་ཕྱོགས་སྡོམ་དབྱེ་ཞིབ་བྱས་ཡོད།  མིག་སྔའི་བར་དུ། རང་རྒྱལ་གྱིས་འཛུགས་སྐྲུན་བྱེད་བཞིན་པའི་ཉིང་རྡུལ་གློག་ཤུགས་འཕྲུལ་འཁོར་༢༦ཡོད་པ་དང་། སྤྱིའི་གློག་འདོན་ཚད་ཆན་ཝ་ཁྲི༣༠༣༠ཟིན་ནས་ད་ལྟ་འཛུགས་སྐྲུན་བྱེད་བཞིན་པའི་གྲངས་འབོར་དང་གློག་འདོན་ཚད་ཚང་མ་མུ་མཐུད་འཛམ་གླིང་གི་ཨང་དང་པོ་རྒྱུན་འཁྱོངས་བྱས་ཡོད།

  རྒྱབ་ཤ་སྔོན་པོའི་དེབ་ནང་༢༠༢༣ལོར་རང་རྒྱལ་གྱི་ཚོང་གཉེར་ཉིང་རྡུལ་གློག་ཤུགས་འཕྲུལ་འཁོར་མུ་མཐུད་བདེ་འཇགས་དང་བརྟན་ལྷིང་ངང་འཁོར་སྐྱོད་རྒྱུན་འཁྱོངས་ཐུབ་པ་དང་།  ལོ་ཧྲིལ་པོར་ཚོང་གཉེར་ཉིང་རྡུལ་གློག་ཤུགས་འཕྲུལ་འཁོར་2མང་དུ་ཕྱིན་ནས་གྲངས་འབོར་55་ཟིན་ཡོད་ཅེས་འཁོད་ཡོད།   ཀྲུང་གོའི་ཉིང་རྡུལ་གློག་འཁོར་སྐྱོད་ཐོན་སྐྱེད་པུའི་ཀྲུའུ་རེན་ཉིང་ཡུས་ཀྱིས་2023ལོར་རང་རྒྱལ་གྱིས་སྐྲུན་བཞིན་པའི་ཉིང་རྡུལ་གློག་ཤུགས་ལས་གྲྭར་སྐུལ་འདེད་བཏང་ནས་ལོ་ཧྲིལ་པོར་ཉིང་རྡུལ་གློག་ཤུགས་འཕྲུལ་འཁོར་5གསར་པ་ལས་འགོ་བཙུགས་པ་དང་། ཉིང་རྡུལ་གློག་ཤུགས་ལས་གྲྭ་འཛུགས་སྐྲུན་ཐད་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་949ཟིན་ནས་ཉེ་བའི་ལོ་ལྔའི་རིང་གི་ཆུ་ཚད་མཐོ་ཤོས་བཏོད་ཡོད་ཅེས་བཤད་ཡོད།

  ཉིང་ཡུས་ཀྱིས་རང་རྒྱལ་གྱི་ཉིང་རྡུལ་གློག་ཐོན་ལས་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་མགྱོགས་པོ་འགྲོ་བཞིན་ཡོད།    2023ལོར་ཁྱོན་གློག་ཤུགས་འཕྲུལ་འཁོར་33་གྱིས་འཛམ་གླིང་ཉིང་རྡུལ་གློག་ཁེ་གཉེར་པའི་མཐུན་ཚོགས་ཀྱི་ཕྱོགས་བསྡུས་སྟོན་གྲངས་ཐོག་སྐར་མ་བརྒྱ་ཟིན་པ་དང་།  སྐར་མ་བརྒྱ་ཟིན་པའི་བསྡུར་ཚད་དང་ཕྱོགས་བསྡུས་སྟོན་གྲངས་ཀྱི་ཆ་སྙོམས་གྲངས་ཐང་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད་ཅེས་བཤད་ཡོད་པ་རེད།

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།

中央广播电视总台 央广网 版权所有

རང་རྒྱལ་གྱིས་འཛུགས་སྐྲུན་བྱེད་བཞིན་པའི་ཉིང་རྡུལ་གློག་ཤུགས་འཕྲུལ་འཁོར་གྱི་གྲངས་འབོར་དང་གློག་འདོན་ཚད་ཚང་མ་འཛམ་གླིང་གི་ཨང་དང་པོ་རྒྱུན་འཁྱོངས་བྱས་པ།

སྐར་མ་བརྒྱ་ཟིན་པའི་བསྡུར་ཚད་དང་ཕྱོགས་བསྡུས་སྟོན་གྲངས་ཀྱི་ཆ་སྙོམས་གྲངས་ཐང་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད་ཅེས་བཤད་ཡོད་པ་རེད།