ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

སྐབས་135པའི་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་ཉོ་ཚོང་འགྲེམ་ཚོགས་འགོ་ཚུགས་པ་དང་། འགྲེམས་ཚོགས་ནང་ཞུགས་མཁན་ཁེ་ལས་ཁྲི་2.9ལས་བརྒལ་བ།

2024-04-16 14:42:00     责编:娜科

  འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།  སྐབས༡༣༥པའི་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་ཉོ་ཚོང་འགྲེམ་ཚོགས་ཚེས་བཅོ་ལྔ་ཉིན་ཀོང་ཀྲོའུ་རུ་འགོ་ཚུགས་པ་དང་། འགྲེམས་ཚོགས་ནང་ཞུགས་པའི་ཁེ་ལས་ཉིས་ཁྲི་དགུ་སྟོང་ལས་བརྒལ་བ་དང་། ཟིན་ཐོ་མཐོ་ཤོས་གཏོད་ཡོད།

  སྐབས་འདིའི་ཀོང་ཀྲོའུ་ཚོང་འདུས་ཀྱི་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་155ཟིན་པ་དང་། དུས་མཚམས་དང་པོའི་འགྲེམས་སྟོན་དེསྔོན་ཐོན་བཟོ་སྐྲུནཞེས་པ་བརྗོད་བྱ་གཙོ་བོར་བྱས་ནས་ཚན་པ་ལྔ་དང་འགྲེམས་སྟོན་ཁུལ་བཅུ་དགུ་བཙུགས་ནས་གློག་རྡུལ་ཁྱིམ་ཆས་དང་བཟོ་ལས་བཟོ་སྐྲུན།  གློག་སྒྲོན་གློག་རླངས།  ལྕགས་རིགས་ཡོ་བྱད། ནུས་རྒྱུ་གསར་པའི་རླངས་འཁོར་དང་དེ་བཞིན་རིག་ནུས་འགྲོ་སྐྱོད་སོགས་ཁྱབ་ཁོངས་ཀྱི་ཐོན་རྫས་གསར་པ་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ཡོད།  ཁྱིམ་སྤྱོད་གློག་ཆས་འགྲེམས་སྟོན་ཁུལ་དུ་འདུས་གྲུབ་འོད་ཧྥུ་དང་ནུས་གསོག་གཞི་གཅིག་ཅན་གྱིའབུད་བཤངས་མེད་པའིདྲོད་སྙོམས་ཐོན་རྫས་ཤིག་ལ་ཚོང་པ་མང་པོ་ཞིག་གི་དོ་ཁུར་ཐོབ་ཡོད་པ་རེད། དབྱི་ཐ་ལིའི་ཚོང་པ་ཉི་ཁོ་ལུའོ་ཡིས་ང་ཚོས་ཁྱིམ་སྤྱོད་གློག་ཆས་ཀྱི་ཐོན་རྫས་ཁག་གཅིག་ཉོ་འདོད་ཡོད།  ད་ཆ་ཀྲུང་གོས་བཟོས་པའི་ཐོན་རྫས་ཀྱི་སྤུས་ཚད་ནི་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད། གསར་གཏོད་ཀྱི་ཆ་ཤས་ཚང་མ་ཀྲུང་གོས་གསར་སྤེལ་བྱས་པ་ཞིག་ཡིན་ལ་ཇུས་འགོད་ཀྱང་ཧ་ཅང་ཡག་པོ་འདུག  ང་ཚོས་ཚོང་ཟོག་མང་ཙམ་ཉོ་འདོད་ཡོད་ཅེས་བཤད་ཡོད།

  སྐབས་འདིའི་ཀོང་ཀྲོའུ་ཚོང་འདུས་ཀྱི་འགྲེམས་ཚོགས་ནང་ཞུགས་མཁན་ཁེ་ལས་ཕྱེད་ཀ་ལྷག་ཙམ་གྱིས་མིས་བཟོས་རིག་ནུས་དང་གྲངས་གཞི་ཆེན་པོའི་དབྱེ་ཞིབ་སོགས་གྲངས་འཛིན་ཅན་གྱི་ལག་རྩལ་སྒྱུར་བཀོད་བྱས་ནས་ཐོན་སྐྱེད་གཉེར་སྐྱོང་བྱས་ཏེ་ཐོན་རྫས་ཀྱི་སྤུས་ཚད་དང་འགྲན་རྩོད་ནུས་པ་ཆེ་རུ་ཕྱིན་ཡོད་པ་རེད། འགྲེམས་སྟོན་ནང་ཞུགས་མཁན་ཚོང་པ་ཞ་ཀོང་ཧུའེ་ཡིས་ལོ་ཤས་རིང་རྒྱུན་ཆད་མེད་པར་གསར་གཏོད་བྱས་པ་བརྒྱུད། དེ་བས་རིག་ནུས་དང་ནུས་རྒྱུ་གྲོན་ཆུང་གི་ཐོན་རྫས་ཕྱི་རྒྱལ་གྱི་ཁྲོམ་རར་བཏང་ནས་རྒྱལ་ཁབ་ཕྱི་ནང་གི་འཛད་སྤྱོད་པའི་ཡིད་དབང་འགུག་གི་ཡོད།  དུས་ཚིགས་དང་པོར་ང་ཚོའི་ཕྱིར་གཏོང་འཕར་ཚད་ཧ་ཅང་ཆེན་པོ་ཡོད་པ་དེ་40%ལས་བརྒལ་ཡོད།  མིག་སྔར་བཟོ་གྲྭའི་ཐོན་སྐྱེད་ཧ་ཅང་བྲེལ་འཚུབ་ཆེ་བས། ཀོང་ཀྲོའུ་ཚོང་འདུས་ཀྱི་རྗེས་སུ་ང་ཚོའི་འཕར་ཚད་དེ་བས་ཆེ་བ་ཡོང་རྒྱུ་རེད།  མིག་སྔར་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་བརྒྱ་ལྷག་ཙམ་དང་།   འཛད་སྤྱོད་པ་400ལྷག་ཙམ་གྱིས་ས་གནས་ས་ཐོག་ཏུ་ངོ་འཕྲད་གྲོས་མོལ་བྱ་རྒྱུའི་ཁ་ཆད་བྱས་ཡོད་ཅེས་བཤད་པ་རེད།  

  སྐབས་འདིའི་ཀོང་ཀྲོའུ་ཚོང་འདུས་ཀྱི་དུས་མཚམས་དང་པོའི་ནང་འདྲེན་འགྲེམས་སྟོན་ནང་རྒྱལ་ཁབ་དང་ས་ཁུལ་30ནས་ཡོང་བའི་ཁེ་ལས་197འགྲེམས་སྟོན་ནང་ཞུགས་པ་དང་། དེའི་ནང་རྒྱུད་གཅིག་ལམ་གཅིགམཉམ་སྐྲུན་རྒྱལ་ཁབ་ཀྱི་ཁེ་ལས་ཀྱིས་74%ཙམ་བཟུང་ཡོད་པ་རེད།   སྐབས་འདིའི་ཀོང་ཀྲོའུ་ཚོང་འདུས་ཐོག་ད་དུང་རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་དོན་དང་ཕྱི་རྒྱལ་གྱི་མཛོད་ཁང་འགྲེམས་སྟོན་ཁུལ་ཐོག་མར་བཙུགས་་ཡོད་པས་ཁེ་ལས་158འགྲེམས་སྟོན་ནང་ཞུགས་ཡོད་པ་རེད།   ཀྲུང་གོ་ཕྱི་ཕྱོགས་ཉོ་ཚོང་ལྟེ་གནས་ཀྱི་ཀྲུའུ་རེན་ཁྲུའུ་ཧྲི་ཅ་ཡིས་ཀོང་ཀྲོའུ་ཚོང་འདུས་ནི་ཀྲུང་གོའི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་སྐར་ཁུང་ཞིག་ཡིན་པ་དང་། འགྲེམས་སྟོན་ནང་ཞུགས་མཁན་ཁེ་ལས་ཀྱིས་ཐོན་རྫས་གསར་པ་དང་། ལག་རྩལ་གསར་པ།  རྒྱུ་ཆ་གསར་པ། བཟོ་རྩལ་གསར་པ་བཅས་གཅིག་རྗེས་གཉིས་མཐུད་ངང་འགྲེམས་སྟོན་བྱས་ཡོད་པས་རང་རྒྱལ་གྱི་སྤུས་གསར་ཐོན་སྐྱེད་ནུས་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་ཤོས་གང་ལེགས་མངོན་ཡོད། ཀྲུང་གོས་བཟོས་པ་དེས་གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་ལ་འགན་ལེན་བྱས་ནས་གོ་ལ་ཧྲིལ་པོའི་ཁྲོམ་རའི་དགོས་མཁོ་སྐོང་ཐུབ་ཡོད། གོ་ལ་ཧྲིལ་པོའི་ཉོ་སྒྲུབ་ཚོང་པས་ཐག་རིང་ནས་ཀོང་ཀྲོའུ་ཚོང་འདུས་ནང་ཞུགས་པར་ཡོང་བ་དེ་ཐོག་ནས་ཀྲུང་གོས་བཟོས་པར་ཡིད་ཆེས་བྱེད་པ་དང་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ལ་ཡིད་ཆེས་བྱེད་པ་མཚོན་ཡོད།

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།

中央广播电视总台 央广网 版权所有

སྐབས་135པའི་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་ཉོ་ཚོང་འགྲེམ་ཚོགས་འགོ་ཚུགས་པ་དང་། འགྲེམས་ཚོགས་ནང་ཞུགས་མཁན་ཁེ་ལས་ཁྲི་2.9ལས་བརྒལ་བ།

གོ་ལ་ཧྲིལ་པོའི་ཉོ་སྒྲུབ་ཚོང་པས་ཐག་རིང་ནས་ཀོང་ཀྲོའུ་ཚོང་འདུས་ནང་ཞུགས་པར་ཡོང་བ་དེ་ཐོག་ནས་ཀྲུང་གོས་བཟོས་པར་ཡིད་ཆེས་བྱེད་པ་དང་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ལ་ཡིད་ཆེས་བྱེད་པ་མཚོན་ཡོད།