ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ད་ལོའི་དུས་ཚིགས་དང་པོར། རྒྱལ་ཡོངས་ལྕགས་ལམ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱས་པ་དེ་དུས་མཚུངས་ལས་9.9%འཕར་ནས། ལོ་ཧྲིལ་པོའི་འགོ་ཡག་པོ་བཙུགས་པ།

2024-04-16 14:41:00     责编:娜科
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།  རྒྱལ་ཁབ་ལྕགས་ལམ་ཚོགས་པས་ཚེས་15ཉིན་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ད་ལོའི་དུས་ཚིགས་དང་པོར། ལྕགས་ལམ་འཛུགས་སྐྲུན་ལ་སྤུས་ལེགས་དང་ནུས་ཆེའི་ངང་སྐུལ་འདེད་བཏང་བ་དང་། རྒྱལ་ཡོངས་ལྕགས་ལམ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་1248ཟིན་པ་དེ་དུས་མཚུངས་ལས་9.9%འཕར་ནས། ལོ་ཧྲིལ་པོའི་འགོ་ཡག་པོ་བཙུགས་ཡོད།
  ད་ལོ་ནས་བཟུང་། རྒྱལ་ཁབ་ལྕགས་ལམ་ཚོགས་པས་ཚན་རིག་དང་མཐུན་པའི་སྒོ་ནས་འཛུགས་སྐྲུན་ཐོན་ཁུངས་གཅིག་གྱུར་འཆར་འགོད་དང་། ཨར་ལས་རྩ་འཛུགས་ལེགས་སུ་ལུགས་མཐུན་གཏོང་བ། བདེ་འཇགས་དང་། སྤུས་ཚད། མ་འཇོག ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ཚོད་འཛིན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ཚན་རིག་དང་མཐུན་པའི་སྒོ་ནས་ལྕགས་ལམ་གྱི་གཙོ་གནད་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད། ཧྲང་ཧའེ་དང་ཁྲུང་ཆིང་ཁྲེང་ཏུའུ་བཅས་ཀྱི་ གཙང་པོའི་རྒྱུད་ཀྱི་མྱུར་བགྲོད་ལྕགས་ལམ་ཧོ་ཧྥེ་ནས་ཝུའུ་ཧན་བར་གྱི་དུམ་བུ་དང་། ཀྲང་ཀྲོའུ་ནས་ཧྲན་ཐོའུ་བར་གྱི་མྱུར་བགྲོད་ལྕགས་ལམ། ཕིང་ལང་ནས་ཆིང་དབྱང་བར་གྱི་ལྕགས་ལམ། ཝུན་ཧྲན་ནས་མོང་ཙི་བར་གྱི་ལྕགས་ལམ་སོགས་ལམ་ཐིག་གསར་པ་ཁག་གཅིག་འཛུགས་སྐྲུན་བྱེད་འགོ་བཙུགས་ཡོད། ཀྲུང་གོ་ལྕགས་ལམ་ཚོགས་པའི་དྲིལ་བསྒྲགས་པུའུ་གསར་འགྱུར་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཝུའུ་ཤིན་ཤིང་གིས་ཁྲི་ཀྲོའུ་ནས་ཧོང་ཧྲན་བར་གྱི་མྱུར་བགྲོད་ལྕགས་ལམ་འཁོར་སྐྱོད་ཚོད་ལྟ་དང་ཤར་གཏོང་འཁོར་སྐྱོད་གྲ་སྒྲིག་གི་ལས་དོན་དུས་གཅིག་ཏུ་སྤེལ་བཞིན་ཡོད། ལན་ཀྲང་མྱུར་བགྲོད་ལྕགས་ལམ་གྱི་ལན་ཀྲོའུ་ནས་ཝུའུ་ཝུའེ་བར་གྱི་དུམ་བུ་དེ་མཉམ་འབྲེལ་སྙོམས་སྒྲིག་དང་མཉམ་འབྲེལ་ཚོད་ལྟ་བྱེད་འགོ་བཙུགས་ནས་འགུལ་རྣམ་ཞིབ་བཤེར་རྩིས་ལེན་གྱི་དུས་མཚམས་སུ་སླེབས་པ། ཧྲང་ཧའེ་ནས་སུའུ་ཀྲོའུ་དང་ཧུའུ་ཀྲོའུ་བར་གྱི་ལྕགས་ལམ་དང་། ལུང་ལུང་མྱུར་བགྲོད་ལྕགས་ལམ་མེ་ཀྲོའུ་ནས་ལུང་ཁྲོན་བར་གྱི་དུམ་བུ་དང་། ཁྲུང་ཆིང་དང་ཁུན་མིང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཁྲུང་ཆིང་ནས་དབྱི་པིན་བར་གྱི་དུམ་བུ་བཅས་ཀྱི་ལམ་ཐིག་ཧྲིལ་པོ་འདིང་འགོ་ཚུགས་ཤིང་། ཧང་ཀྲོའུ་ནས་ཆུས་ཀྲོའུ་བར་གྱི་ལམ་ཐིག་ཧྲིལ་པོའི་ཕུག་ལམ་ཤར་གཏོང་ཐུབ་པ། ཀོང་ཀྲོའུ་ནས་ཀྲན་ཅང་བར་གྱི་ལྕགས་ལམ་གྱི་ཀྲན་ཅང་མཚོ་ཁུག་མཚོ་འོག་ཕུག་ལམ་ཤར་གཏོང་ཐུབ་པ། ཉིང་པོའོ་ནས་ཀྲོའུ་ཧྲན་བར་གྱི་ལྕགས་ལམ་གྱི་ཕུའུ་ཁྲི་མོན་གཞུང་ལམ་དང་ལྕགས་ལམ་གཉིས་སྤྱོད་ཟམ་ཆེན་འཛུགས་སྐྲུན་བྱེད་འགོ་ཚུགས་ཡོད།

 

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།

中央广播电视总台 央广网 版权所有

ད་ལོའི་དུས་ཚིགས་དང་པོར། རྒྱལ་ཡོངས་ལྕགས་ལམ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱས་པ་དེ་དུས་མཚུངས་ལས་9.9%འཕར་ནས། ལོ་ཧྲིལ་པོའི་འགོ་ཡག་པོ་བཙུགས་པ།

ཀོང་ཀྲོའུ་ནས་ཀྲན་ཅང་བར་གྱི་ལྕགས་ལམ་གྱི་ཀྲན་ཅང་མཚོ་ཁུག་མཚོ་འོག་ཕུག་ལམ་ཤར་གཏོང་ཐུབ་པ། ཉིང་པོའོ་ནས་ཀྲོའུ་ཧྲན་བར་གྱི་ལྕགས་ལམ་གྱི་ཕུའུ་ཁྲི་མོན་གཞུང་ལམ་དང་ལྕགས་ལམ་གཉིས་སྤྱོད་ཟམ་ཆེན་འཛུགས་སྐྲུན་བྱེད་འགོ་ཚུགས་ཡོད།