ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཏིང་ཞུའེ་ཞང་གིས་ཨ་རིའི་ཆེད་ཁེ་ཚོང་རྟགས་ཅུས་ཀྱི་ཅུས་ཀྲང་དང་མཇལ་འཕྲད་གནང་བ།

2024-04-16 14:40:00     责编:娜科
    འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་གིས་ཚེས་15ཉིན་པེ་ཅིང་དུ་ཨ་རིའི་ཆེད་ཁེ་ཚོང་རྟགས་ཅུས་ཀྱི་ཅུས་ཀྲང་ཁའེ་ཏི·ཝུའེ་ཏའར་དང་མཇལ་འཕྲད་གནང་བ་རེད།

ཏིང་ཞུའེ་ཞང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་པའེ་ཏེང་གིས་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་ཐདཅིའུ་ཅིན་ཧྲན་གྱི་རེ་འདུནབཏོད་ཡོད་པས། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་ཏེ། རེ་འདུན་དེ་དོན་དངོས་སུ་གྱུར་བ་བྱས་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ལེགས་པ་བསྐྲུན་དགོས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཤེས་བྱའི་ཐོན་དབང་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ང་ཚོས་ཨ་རི་ཕྱོགས་དང་ཤེས་བྱའི་ཐོན་དབང་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་བ་དང་། ཕན་ཚུན་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། གཞུང་དྲང་དང་དྲང་བདེན། མཐོང་ཆུང་མེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་སྐྲུན་པ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་ལྷིང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་གསུངས་པ་རེད།

ཝུའེ་ཏའར་གྱིས། ཨ་རིའི་ཆེད་ཁེ་ཚོང་རྟགས་ཅུས་ཀྱིས་ཀྲུང་གོའི་དབར་ཤེས་བྱའི་ཐོན་དབང་གི་མཉམ་ལས་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། སྐད་ཆ་ཤོད་རེས་དང་སྤེལ་རེས། མཉམ་ལས་དམ་ཟབ་བྱ་རྒྱུ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། གསར་གཏོད་བྱེད་པོར་ཞབས་ཞུ་ཡག་པོ་མཁོ་འདོན་དང་གསར་གཏོད་གྲུབ་འབྲས་གཞན་སྒྱུར་བེད་སྤྱོད་དེ་བས་ལེགས་པ་ཡོང་བ་བྱེད་འདོད་ཡོད་ཅེས་བརྗོད་ཡོད་པ་རེད།

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།

中央广播电视总台 央广网 版权所有

ཏིང་ཞུའེ་ཞང་གིས་ཨ་རིའི་ཆེད་ཁེ་ཚོང་རྟགས་ཅུས་ཀྱི་ཅུས་ཀྲང་དང་མཇལ་འཕྲད་གནང་བ།

གསར་གཏོད་བྱེད་པོར་ཞབས་ཞུ་ཡག་པོ་མཁོ་འདོན་དང་གསར་གཏོད་གྲུབ་འབྲས་གཞན་སྒྱུར་བེད་སྤྱོད་དེ་བས་ལེགས་པ་ཡོང་བ་བྱེད་འདོད་ཡོད་ཅེས་བརྗོད་ཡོད་པ་རེད།