ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཧའེ་ནན་གྱིས་འཛམ་གླིང་ལ་ཤུགས་ཆེན་ནུས་པ་ལྡན་པའི་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་གང་མགྱོགས་བྱས་པ།

2024-04-12 14:28:00     责编:娜科
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཟླ་4པའི་ཚེས་11ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་རབ་དང་རིམ་པ་ཚོགས་པ་དང་། ཧའེ་ནན་ཞིང་ཆེན་གྱི་འབྲེལ་ཡོད་འགན་འཁུར་བས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་ཡོད། 
  2032ལོར། ཧའེ་ནན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་དམིགས་ཚད་མང་པོའི་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་། དེའི་ཁྲོད་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་བརྒྱ་ཆ་9.2འཕར་ཡོད་ཅིང་། རང་མོས་ངོ་ཚོང་གྲུ་ཁའི་དཔལ་འབྱོར་རྣམ་པ་མངོན་པའི་དངོས་ཟོག་ཉོ་ཚོང་དང་ཞབས་ཞུའི་ཉོ་ཚོང་ཁག་སོ་སོར་བརྒྱ་ཆ་15.3དང་བརྒྱ་ཆ་29.6འཕར་ཡོད། དངོས་ཟོག་ནང་འདྲེན་དངུལ་འབོར་གྱིས་ཕྱིར་གཏོང་ནང་འདྲེན་སྤྱིའི་དངུལ་འབོར་གྱི་གསུམ་ཆ་གཉིས་ཟིན་གྱི་ཡོད་པ་དང་། ཕྱི་ཕྱོགས་སུ་ཐད་ཀར་མ་འཇོག་བྱེད་ཚད་བརྒྱ་ཆ་104.9འཕར་ཡོད་པས། འཛམ་གླིང་གིས་ཧའེ་ནན་དང་ཀྲུང་གོའི་གོང་འཕེལ་གྱི་གོ་སྐབས་ལོངས་སྤྱོད་ཐུབ་པ་བྱུང་ཡོད། 
  ད་ལོ། ཧའེ་ནན་གྱིས་འགག་སྒོ་སྒྲོལ་མི་དགོས་པའི་འཁོར་རྒྱུག་གྲ་སྒྲིག་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཅིག་སྒྱུར་འཆར་འགོད་བྱས་ནས། ཁྱོན་ཡོངས་རང་བཞིན་དང་ཤུགས་རྐྱེན་ནུས་པ་དེ་བས་ཆེ་བ་ལྡན་པའི་ལམ་ལུགས་འདུས་གྲུབ་གསར་གཏོད་ཀྱི་གྲུབ་འབྲས་ཁག་གཅིག་གཏོད་ཡོད། དེ་དང་དུས་མཚུངས། ཡུལ་སྐོར་ལས་རིགས་དང་། དེང་རབས་ཞབས་ཞུའི་ལས་རིགས། མཐོ་གསར་ལག་རྩལ་ཐོན་ལས། ཚ་ཁུལ་གྱི་ཁྱད་ལྡན་དང་ཕན་འབྲས་མཐོ་བའི་ཞིང་ལས་བཅས་གཙོ་ཁྲིད་ཐོན་ལས་ཆེ་བ་བཞི་གོང་འཕེལ་ཤུགས་ཆེན་བཏང་ཡོད། ལྷོ་རྒྱུད་ས་བོན་ལས་རིགས་དང་། མཚོ་གཏིང་ཚན་རྩལ། ཚོང་ལས་མཁའ་སྐྱོད་བཅས་འབྱུང་འགྱུར་གྱི་ཐོན་ལས་ཆེ་བ་གསུམ་རྒྱང་ལྟའི་རང་བཞིན་གྱི་བཀོད་སྒྲིག་བྱས་ཡོད་པས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཀྱི་ལག་ལེན་རྟེན་གཞི་གལ་ཆེན་ཞིག་གཏོད་ཡོད་པ་རེད། 
  ད་ལོ། ཧའེ་ནན་གྱིས་ད་དུང་གནོད་མེད་ཐན་ཉུང་བརྗེ་སྒྱུར་བྱེད་མགྱོགས་སུ་གཏོང་བ་དང་། ཚ་ཁུལ་ཆར་ནགས་ཀྱི་རྒྱལ་ཁབ་སྤྱི་གླིང་དང་དྭངས་གཙང་ནུས་རྒྱུའི་གླིང་ཕྲན། དྭངས་གཙང་ནུས་རྒྱུའི་རླངས་འཁོར་ཁྱབ་བརྡལ་སོགས་མཚོ་རྟགས་རང་བཞིན་གྱི་ལས་གཞི་ལག་བསྟར་བྱས་ནས། རྒྱལ་ཡོངས་ཀྱི་སྔོན་ལ་བསྐྱོད་པ་དང་། ལེགས་སྐྱེས་མང་ཙམ་འབུལ་རྒྱུ་ཡིན་པ་རེད། དེ་མིན། ད་དུང་དམངས་འཚོའི་ཐད་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས། རང་མོས་ཉོ་ཚོང་གྲུ་ཁའི་སྲིད་ཇུས་ཀྱི་ཕན་པ་ལས་བྱུང་བའི་ཁེ་གཉེར་གཙོ་གཟུགས་མང་དུ་འགྲོབ་་དང་མ་འཇོག་རྣམ་གྲངས་འཛུགས་སྐྲུན་དེ་སྤུས་ཚད་མཐོ་བའི་ལས་ཞུགས་གོ་སྐབས་ལ་འགྱུར་བ་བྱས་ཏེ། རང་མོས་ཉོ་ཚོང་གྲུ་ཁའི་འཛུགས་སྐྲུན་ཁྲོད་མང་ཚོགས་ཀྱི་ཐོབ་ཚོར་ཆེ་རུ་གཏོང་རྒྱུ་ཡིན་པ་རེད། 

 

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།

中央广播电视总台 央广网 版权所有

ཧའེ་ནན་གྱིས་འཛམ་གླིང་ལ་ཤུགས་ཆེན་ནུས་པ་ལྡན་པའི་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་གང་མགྱོགས་བྱས་པ།

རང་མོས་ཉོ་ཚོང་གྲུ་ཁའི་འཛུགས་སྐྲུན་ཁྲོད་མང་ཚོགས་ཀྱི་ཐོབ་ཚོར་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།