ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

སློབ་གསོ་པུས་འོས་འགན་སློབ་གསོའི་ཉི་འོད་སློབ་བསྡུའི་ཆེད་དོན་བྱ་སྤྱོད་སྤེལ་འགོ་བཙུགས་པ།

2024-04-12 14:27:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སློབ་གསོ་པུས་ཚེས་11ཉིན་བརྡ་ཐོ་བཏང་ནས། 2024ལོའི་འོས་འགན་སློབ་གསོའི་ཉི་འོད་སློབ་བསྡུའི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུ་ཡིན་པ་དང་། སྦུག་མཐུན་གཡོ་སྒྱུར་དང་སློབ་མ་འདེམས་བསྡུ་སོགས་ཀྱི་སྣང་ཚུལ་བཅོས་སྒྲིག་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞིང་། སློབ་མ་བསྡུ་བ་དང་སློབ་ཞུགས་དང་འབྲེལ་བ་ཡོད་པའི་གྲོན་བསྡུའི་བྱེད་སྤྱོད་སྣ་ཚོགས་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས་སློབ་མ་བསྡུ་བའི་བྱེད་སྤྱོད་ཚད་ལྡན་དུ་གཏོང་རྒྱུ་ཡིན་པ་རེད།

ད་ཐེངས་སློབ་གསོ་པུས་ཆེད་དོན་ལས་དོན་ཚོགས་ཆུང་བཙུགས་ནས་བརྟག་དཔྱད་དང་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུ་ཡིན་པ་རེད། བྱ་སྤྱོད་ཀྱི་བླང་བྱ་ལྟར། ས་གནས་ཁག་གི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་ས་ཁུལ་དེ་གའི་འོས་འགན་སློབ་གསོའི་སློབ་མ་བསྡུ་བའི་སྲིད་ཇུས་དང་བྱེད་ཐབས་ཀྱི་ནང་དོན་ལ་ཕྱོགས་ཡོངས་ནས་བརྟག་དཔྱད་བྱེད་དགོས། ཀྲུང་གོ་སློབ་གསོ་ཚན་རིག་ཞིབ་འཇུག་གླིང་རྨང་གཞིའི་སློབ་གསོ་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ཉིའུ་ནན་སེན་གྱིས། དེ་ནི་སློབ་གསོ་པུས་ཆེད་དོན་བྱ་སྤྱོད་ཀྱི་རྣམ་པའི་ཐོག་ནས་རྒྱལ་ཡོངས་ཀྱི་འོས་འགན་སློབ་གསོའི་སློབ་མ་བསྡུ་བའི་ཐད་ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པའི་ལས་དོན་བཀོད་སྒྲིག་བྱེད་ཐེངས་དང་པོ་དེ་རེད། ལས་དོན་ཚོགས་ཆུང་ནི་པུའུ་ནང་གི་འབྲེལ་ཡོད་སི་ཅུས་དང་ས་གནས་ཀྱི་སློབ་གསོ་སྲིད་འཛིན་སྡེ་ཁག་གི་ལས་དོན་མི་སྣ་དང་། དེ་བཞིན་རྒྱལ་ཁབ་ཀྱི་སློབ་གསོར་ལྟ་སྐུལ་དང་རྨང་གཞིའི་སློབ་གསོའི་སློབ་ཁྲིད་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གི་རིགས་གཅིག་མཁས་ཅན་ལས་གྲུབ་པའི་དཔུང་ཁག་ཅིག་ཡིན་ཞིང་། ཁྱིམ་བདག་ཁ་ཤས་ལ་བགྲོ་གླེང་བྱ་སྲིད་ལ། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཕན་ཚུན་ཞིབ་བཤེར་ཡང་བྱ་སྲིད་ཅེས་ངོ་སྤྲོད་བྱས་ཡོད།

སློབ་མ་བསྡུ་བའི་གཙོ་གནད་ལྷུ་ཚིགས་ལ་དམིགས་ཏེ། བྱ་སྤྱོད་ནང་ས་གནས་ཁག་གི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་ས་ཁོངས་ནང་གི་འོས་འགན་སློབ་གསོའི་སློབ་གྲྭར་ཁྱོན་ཡོངས་ནས་གྲལ་བཤེར་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། གཙོ་གནད་ནི། སློབ་གྲྭ་འབྲིང་ཆུང་གིས་སྤྱི་ཚོགས་གསོ་སྦྱོང་སྒྲིག་གཞི་རང་ནས་སྒྲིག་འཛུགས་བྱས་པའི་རིགས་ཁག་གི་རིག་གནས་སློབ་ཚན་གྱི་རྒྱུགས་འབྲས་དང་གསོ་སྦྱོང་ལག་ཁྱེར། དེ་བཞིན་རིག་ཚན་འགྲན་བསྡུར་གྱི་གྲུབ་འབྲས། རིམ་རྒྱུགས་ལག་ཁྱེར་སོགས་སློབ་བསྡུའི་དཔྱད་གཞིར་བྱེད་མིན་དང་། གཙོ་གནད་འཛིན་གྲྭ་དང་མྱུར་དལ་འཛིན་གྲྭ་འཛུགས་མིན་དང་རྣམ་པ་བསྒྱུར་བའི་སྒོ་ནས་འཛུགས་མིན། དེ་བཞིན་དེའི་མིང་ཐོག་ནས་སློབ་མ་ལེགས་པ་བསྡུ་མིན་སོགས་ཡིན། ཧྲང་ཧའེ་གྲོང་ཁྱེར་སློབ་གསོ་ཚན་རིག་ཁང་ཡོངས་ཁྱབ་སློབ་གསོ་སུའོ་སློབ་མ་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཝང་ཧྥེང་གིས། སློབ་མ་བསྡུ་བའི་གཏན་འགོག་གཏན་འབེབས་ཁག་10དང་ཞིབ་བསྡུར་བྱས་ཏེ། ཕྱོགས་གཅིག་ནས་ས་གནས་ཁག་གི་སྲིད་གཞུང་གིས་རང་ངོས་ནས་ཞིབ་བཤེར་ཡོ་བསྲང་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་འཐེན་བཤེར་དང་ཕན་ཚུན་ཞིབ་བཤེར་གྱི་ལྟ་སྐུལ་འགན་འཁྲི་བདའ་འདེད་ཀྱི་ལམ་སྲོལ་ཆ་ཚང་བཙུགས་ནས། སློབ་མ་བསྡུ་བའི་བརྒྱུད་རིམ་དེ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་དོན་འཁྱོལ་ནན་པོ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བརྗོད་ཡོད།  

 

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།

中央广播电视总台 央广网 版权所有

སློབ་གསོ་པུས་འོས་འགན་སློབ་གསོའི་ཉི་འོད་སློབ་བསྡུའི་ཆེད་དོན་བྱ་སྤྱོད་སྤེལ་འགོ་བཙུགས་པ།

སློབ་མ་བསྡུ་བའི་བརྒྱུད་རིམ་དེ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་དོན་འཁྱོལ་ནན་པོ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བརྗོད་ཡོད།