ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཞིང་དུས་ཀྱི་དུས་ཚོད་དམ་འཛིན་བྱེད་པ་དང་། ས་གནས་ཁག་གི་གོ་རིམ་ཡོད་པའི་སྒོ་ནས་དཔྱིད་འདེབས་ཐོན་སྐྱེད་ལ་སྐུལ་འདེད་གཏོང་བཞིན་པ།

2024-04-12 14:26:00     责编:娜科
 

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། མིག་སྔར། དཔྱིད་འདེབས་ཀྱི་བྲེལ་བ་ཆེ་བའི་དུས་དང་ཏག་ཏག་འཁེལ་ཡོད་ཅིང་། ས་གནས་ཁག་གིས་ཞིང་ལས་དུས་སྐབས་དམ་འཛིན་བྱས་ཏེ། གོ་རིམ་ཡོད་པའི་སྒོ་ནས་དཔྱིད་འདེབས་ཐོན་སྐྱེད་ལ་སྐུལ་དེད་གཏོང་བ་དང་། འབྲུ་རིགས་ཀྱི་ཐོན་འབོར་རྐྱང་པ་དང་སྤུས་ཀ་སྔར་བས་ལེགས་སུ་བཏང་ནས། ལོ་ཧྲིལ་པོའི་འབྲུ་རིགས་ལོ་ལེགས་ཡོང་བར་རྨང་གཞི་ཡག་པོ་འདིང་བཞིན་ཡོད་པ་རེད།

ད་ལོ། ཅེ་ལིན་ཞིང་ཆེན་ཞིང་ལས་གྲོང་གསེབ་སྡེ་ཁག་གིས་ས་ཁོངས་མི་འདྲ་བར་འདེབས་འཛུགས་བྱ་རྒྱུར་པའི་མ་རྨོས་ལོ་ཏོག་དང་ཆུ་འབྲས། སྲན་ཆེན་སོགས་གཙོ་ཁྲིད་སྤུས་ལེགས་སྣ་རིགས་126སྔོན་འདེམས་བྱས་ནས་ཞིང་དུད་ལ་འདེབས་འཛུགས་བྱ་རྒྱུར་བདམ་དུ་བཅུག་ཡོད། ཅེ་ལིན་ཞིང་ཆེན་ཞིང་ལས་ཚན་རིག་ཁང་གི་སྲན་ཆེན་གསོ་སྤེལ་ཚོད་ལྟ་ཁང་ནང་བ་ཚྭ་བཟོད་པར་ནུས་པའི་སྲན་ཆེན་གྱི་སྣ་རིགས་གསར་པ་དུས་ཚོད་དམ་འཛིན་གྱིས་གསོ་སྤེལ་བྱེད་བཞིན་ཡོད་པ་དང་། ད་ལོ་ཅེ་ལིན་ཞིང་ཆེན་གྱིས་ནུབ་རྒྱུད་བ་ཚྭའི་ས་ཁུལ་དུ་སྲན་ཆེན་འདེབས་འཛུགས་ཀྱི་རྒྱ་ཁྱོན་མུའུ་ཁྲི་120རྒྱ་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

ཀོང་ཏུང་གི་མུའུ་ཁྲི་1300ཡི་སྔ་སྨིན་འབྲས་འདེབས་འཛུགས་བཅུ་ཆ་བརྒྱད་ལས་བརྒལ་ཡོད། ད་ལོ་ཀོང་ཏུང་ཞིང་ལས་གྲོང་གསེ་སྡེ་ཁག་གིས་སྤུས་ལེགས་ནུས་ཆེའི་སྣ་རིགས་20དང་སྔོན་ཐོན་གྱི་ཆུ་འབྲས་འདེབས་འཛུགས་སྤྱད་འཐུས་ཀྱི་ལག་རྩལ་རྣམ་གྲངས་13ཁྱབ་གདལ་བཏང་ནས། སྔར་བས་འབྲུ་རིགས་ཀྱི་ཐོན་འབོར་བརྟན་ལྷིང་དང་ཞིང་པའི་ཡོང་འབབ་མང་དུ་བཏང་ཡོད་པ་རེད། ཧུའུ་ནན་གྱི་ཆུ་འབྲས་འདེབས་འཛུགས་བཅུ་ཆ་གཉིས་ལ་ཉེ་བ་ཟིན་པ་དང་། ཉིང་ཤང་གྲོང་ཁྱེར་ཧྲོང་ཅང་ཁོའུ་གྲོང་རྡལ་གྱི་ལྗང་གསོ་ལྟེ་གནས་སུ་ལྗང་མྱུག་སྔོ་སེང་དུ་གྱུར་བས། མཐའ་འཁོར་གྱི་མུའུ་ཁྲི་ཡི་ས་ཞིང་གི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད་པ་དང་། སྣ་རིགས་གསར་པས་ཆུ་འབྲས་ཀྱི་འཐོན་འབོར་སྤྱི་རྒྱ་30ནས་50བར་མང་དུ་གཏོང་ཐུབ་རྒྱུ་ཡིན་པ་རེད།

སོན་བཟང་འདེབས་འཛུགས་བྱེད་པར། ད་དུང་གོ་སྐབས་བཟང་པོ་དང་ཐབས་ལམ་ཡག་པོ་ཡོད་དགོས། ཀོང་ཤིས་དང་ཁྲུང་ཆིང་དུ་དེའུ་འབུར་ས་ཁུལ་དུ་ལས་ཀ་བྱེད་པ་དང་འཚམས་པའི་ཞིང་འཕྲུལ་འཕྲུལ་ཆས་འབྲིང་ཆུང་གིས་ས་གནས་དེ་གའི་དཔྱིད་འདེབས་ཀྱི་ལས་ཕྱོད་མཐོ་རུ་ཆེས་ཆེར་བཏང་ཡོད། ཧོ་པེས་རགས་རྩིས་བྱས་ན་མུའུ་ཁྲི་3410ཡི་ཆུ་གྲོན་ཆུང་གི་གྲོའི་སྣ་རིགས་ཁྱབ་གདལ་བཏང་བ་དང་། སྤྱིའི་ཆ་ནས་ཆུ་གྲོན་ཆུང་ཐུབ་པའི་གྲོ་འདེབས་འཛུགས་ཡོངས་ལ་ཁེབས་པ་མངོན་འགྱུར་བྱུང་བ་མ་ཟད། ཐོན་སྐྱེད་ཀྱི་སྣ་རིགས་མི་འདྲ་བའི་ཁུལ་དུ་རིག་ནུས་ཆུ་གཏོར་འགྲེམ་དང་ཆུ་གཏོང་བ་སོགས་ཀྱི་ཕྱོགས་བསྡུས་ཆུ་གྲོན་ཆུང་གི་ལག་རྩལ་འདུས་གྲུབ་ཁྱབ་གདལ་བཏང་བ་དང་། གྲོ་ཆུ་གྲོན་ཆུང་ཐུབ་པ་དང་འབབ་འཕར་ལ་སྐུལ་འདེད་བཏང་ཡོད་པ་རེད།

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།

中央广播电视总台 央广网 版权所有

ཞིང་དུས་ཀྱི་དུས་ཚོད་དམ་འཛིན་བྱེད་པ་དང་། ས་གནས་ཁག་གི་གོ་རིམ་ཡོད་པའི་སྒོ་ནས་དཔྱིད་འདེབས་ཐོན་སྐྱེད་ལ་སྐུལ་འདེད་གཏོང་བཞིན་པ།

ཐོན་སྐྱེད་ཀྱི་སྣ་རིགས་མི་འདྲ་བའི་ཁུལ་དུ་རིག་ནུས་ཆུ་གཏོར་འགྲེམ་དང་ཆུ་གཏོང་བ་སོགས་ཀྱི་ཕྱོགས་བསྡུས་ཆུ་གྲོན་ཆུང་གི་ལག་རྩལ་འདུས་གྲུབ་ཁྱབ་གདལ་བཏང་བ་དང་། གྲོ་ཆུ་གྲོན་ཆུང་ཐུབ་པ་དང་འབབ་འཕར་ལ་སྐུལ་འདེད་བཏང་ཡོད་པ་རེད།