ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་མྱུར་དཔྱད་མི་རིགས་ཀྱི་སྤྱི་ཡོངས་ཁེ་ཕན་དང་ཕུགས་ཀྱི་གོང་འཕེལ་ལ་གཞིགས་ནས་མཚོ་འགག་གཡས་གཡོན་གཉིས་ཀྱི་འབྲེལ་བའི་གནས་བབ་ཆེན་པོར་སྟངས་འཛིན་བྱེད་དགོས་ཞེས་པ་གཏོང་སྤེལ་བྱས་པ།

2024-04-12 14:25:00     责编:娜科
   འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།  འདི་ག་ལས་ཁུངས་ཀྱིས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་མྱུར་དཔྱད་འགོ་བརྗོད་དུ་མི་རིགས་ཀྱི་སྤྱི་ཡོངས་ཁེ་ཕན་དང་ཕུགས་ཀྱི་གོང་འཕེལ་ལ་གཞིགས་ནས་མཚོ་འགག་གཡས་གཡོན་གཉིས་ཀྱི་འབྲེལ་བའི་གནས་བབ་ཆེན་པོར་སྟངས་འཛིན་བྱེད་དགོས་ཞེས་འཁོད་པ་གཏོང་སྤེལ་བྱས་པ་རེད།

མྱུར་དཔྱད་ནང་། མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླར་ཐུན་མོང་གི་ཁྲག་རྒྱུད་དང་། ཐུན་མོང་གི་རིག་གནས། ཐུན་མོང་གི་ལོ་རྒྱུས་བཅས་ཡོད་ཁར། དེ་བས་གལ་འགངས་ཆེ་བ་ཞིག་ནི་ང་ཚོས་མི་རིགས་ལ་འཛིན་པའི་ཐུན་མོང་གི་འགན་འཁྲི་དང་འབྱུང་འགྱུར་ལ་ཕྱོགས་པའི་ཐུན་མོང་གི་རེ་འདུན་ཡོད་པ་དེ་ཡིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟླ་4པའི་ཚེས་10ཉིན་གྱི་ཕྱི་དྲོ་པེ་ཅིང་དུ་མ་ཡིང་ཅིའུ་དང་བཅས་པར་མཇལ་འཕྲད་གནང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་སྤྱི་ཡོངས་ཁེ་ཕན་དང་ཕུགས་ཀྱི་གོང་འཕེལ་གྱི་མཐོ་ཚད་ཐོག་ནས་མཚོ་འགག་གཡས་གཡོན་གཉིས་ཀྱི་འབྲེལ་བའི་གནས་བབ་ཧྲིལ་པོ་སྟངས་འཛིན་བྱེད་དགོས་ཞེས་ནན་སྟོན་གནང་བ་དང་། མཚོ་འགག་གཡས་གཡོན་གཡོན་གཉིས་ཀྱི་འབྲེལ་བ་ཞི་བདེ་ངང་གོང་འཕེལ་ཡོང་བར་སྐུལ་དེད་གཏོང་བའི་འགག་རྩ་ནི་ཀྲུང་གོ་གཅིག་གི་རྩ་དོན་དང་གོ་གཉིས་ལོའི་ཐུན་མོང་ངོས་འཛིན་རྒྱུན་འཁྱོངས་བྱེད་རྒྱུར་ཐུག་ཡོད་ཅེས་ནན་སྟོན་གནང་བ། མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླའི་སྤེལ་རེས་དང་ལྷག་དོན་དུ་གཞོན་ནུའི་དབར་གྱི་སྤེལ་རེས་ཟབ་ཏུ་གཏོང་བ་དང་དོ་ཁུར་བྱེད་དགོས་པའི་ཐུགས་རེ་ནན་པོ་བཅོལ་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་རབ་དང་རིམ་པས་དུས་རབས་གསར་པའི་ཐའེ་ཝན་ལས་དོན་ཐད་ལ་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་ལ། མཚོ་འགག་གཡས་་གཡོན་གཉིས་ཀྱི་འབྲེལ་བར་ཡང་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་གནང་ཡོད་ཅེས་འཁོད་འདུག

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།

中央广播电视总台 央广网 版权所有

ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་མྱུར་དཔྱད་མི་རིགས་ཀྱི་སྤྱི་ཡོངས་ཁེ་ཕན་དང་ཕུགས་ཀྱི་གོང་འཕེལ་ལ་གཞིགས་ནས་མཚོ་འགག་གཡས་གཡོན་གཉིས་ཀྱི་འབྲེལ་བའི་གནས་བབ་ཆེན་པོར་སྟངས་འཛིན་བྱེད་དགོས་ཞེས་པ་གཏོང་སྤེལ་བྱས་པ།

མཚོ་འགག་གཡས་་གཡོན་གཉིས་ཀྱི་འབྲེལ་བར་ཡང་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་གནང་ཡོད་ཅེས་འཁོད་འདུག