ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

རེས་སྐོར་གསར་པའི“རྙིང་ཚབ་གསར་བརྗེའི”བྱ་སྤྱོད་སྤེལ་འགོ་ཚུགས་ནས། རང་རྒྱལ་གྱིས་ཐོན་ལས་བརྗེ་སྒྱུར་རིམ་སྤོར་མགྱོགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་བ།

2024-04-12 14:21:00     责编:娜科
   འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཚེས་11ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་ཀྱི་འཆར་ཅན་ཟུར་གསལ་ཚོགས་འདུ་འཚོགས་ཤིང་། འབྲེལ་ཡོད་འགན་འཁུར་བས། གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེ་དང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེར་སྐུལ་འདེད་གཏོང་བར་ཁྲོམ་རའི་བར་མཐོངས་ཧ་ཅང་ཆེན་པོ་ཡོད་པས། དེས་མ་འཇོག་དང་འཛད་སྤྱོད་ལ་སྐུལ་འདེད་ནུས་ལྡན་གཏོང་ཐུབ་རྒྱུ་རེད་ཅེས་གསུངས་པ་རེད།

གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེ་དང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་ བརྗེར་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཇུས་གཞིའིབླང་བྱ་ལྟར་ན། སྒྲིག་ཆས་གསར་བརྗེ་དང་། འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ། ཚུར་བསྡུའི་འཁོར་སྐྱོད་བེད་སྤྱོད། ཚད་གཞི་མཐོ་རུ་གཏོང་བ་བཅས་བྱ་སྤྱོད་ཆེན་པོ་བཞི་ལག་བསྟར་བྱ་དགོས། རྒྱལ་ཁབ་འཕེལ་ སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲའོ་ཁྲེན་ཤིན་གྱིས་སྒྲིག་ཆས་གསར་བརྗེའི་ཐད་བཟོ་ལས་དང་། ཞིང་ལས། འཛུགས་སྐྲུན། འགྲིམ་འགྲུལ། སློབ་གསོ། རིག་གནས་ཡུལ་སྐོར། སྨན་བཅོས་བཅས་ཁྱབ་ཁོངས་བདུན་གྱི་སྒྲིག་ཆས་གསར་བརྗེ་སྒྱུར་བཀོད་ལ་སྐུལ་འདེད་གཏོང་དགོས། སྒྲིག་ཆས་ལ་མ་འཇོག་བྱེད་པའི་གཞི་ཁྱོན་2023ལོ་ལས་བརྒྱ་ཆ་25ཡན་འཕར་དགོས་པ་དང་། གཙོ་གནད་ལས་རིགས་ཀྱི་ནུས་ཁུངས་སྤྱོད་པའི་སྒྲིག་ཆས་གཙོ་བོའི་ནུས་འབྲས་གཞི་རྩའི་ཐོག་ནུས་རྒྱུ་གྲོན་ཆུང་གི་ཆུ་ཚད་དུ་སླེབས་པ་བྱེད་དགོས་ངོ་སྤྲོད་གནང་བ་རེད།

ཀྲའོ་ཁྲེན་ཤིན་གྱིས་རང་རྒྱལ་ནི་འཕྲུལ་ཆས་སྒྲིག་ཆས་དང་། སྤྱོད་ཤན་ཆེ་བའི་འཛད་སྤྱོད་དངོས་རྫས་ཡོད་པའི་རྒྱལ་ཁབ་ཆེན་པོ་ཞིག་རེད། རང་རྒྱལ་ལ་ཡོད་པའི་བཟོ་ལས་འཕྲུལ་མིས་འཛམ་གླིང་ཡོངས་ཀྱི་གསུམ་ཆ་གཅིག་ཟིན་པ་དང་། རླུང་གློག་འོད་ཧྥུ་སོགས་ནུས་རྒྱུ་གསར་པའི་སྒྲིག་ཆས་སྒྲིག་སྦྱོར་བྱེད་ཚད་ལོ་མང་བསྟུད་མར་འཛམ་གླིང་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། དེར་བརྟེན་རང་རྒྱལ་གྱི་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེ་དང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེའི་ཁྲོམ་རའི་བར་སྟོང་ཧ་ཅང་ཆེན་པོ་ཡོད། ད་ཐེངས་ཀྱིབྱ་སྤྱོད་ཇུས་གཞིའིནང་ལས་དོན་དེ་བརྒྱུད་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས་པས། ཕྱོགས་གཅིག་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་མ་འཇོག་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་གྱི་གསོན་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་ཐུབ་པ་མ་ཟད། ཕྱོགས་གཞན་ཞིག་ནས་སྔོན་ཐོན་གྱི་ཐོན་ནུས་ཆེ་རུ་གཏོང་བ་དང་། ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་ལ་སྐུལ་འདེད་གཏོང་བ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཉུང་དུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཐུབ་པ་བཅས་བྱེད་དགོས། སྲིད་ཇུས་འདིས་ཁེ་ལས་ལ་ཕན་པ་བསྐྲུན་པ་དང་དམངས་ལ་ཡང་ཕན་པ་བསྐྲུན་ཡོད་པས། ཁེ་ལས་ལ་འཕེལ་རྒྱས་ཀྱི་གོ་སྐབས་མཁོ་འདོན་བྱེད་ཐུབ་པ་མ་ཟད་དུས་མཚུངས་སུ་མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཇེ་ཆེར་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཡང་སྐོང་ཐུབ་ཀྱི་ཡོད་ཅེས་གསུངས་པ་རེད།

བྱ་སྤྱོད་ཇུས་གཞིའིནང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་བྱེད་ཆོག་པའི་རིགས་ཁ་ཤས་ཁ་གསལ་བཏོན་པ་དང་། དེའི་ནང་རླངས་འཁོར་དང་། ཁྱིམ་ཆས། དེ་བཞིན་སྡོད་ཁང་མཛེས་བཟོ་སོགས་ཚུད་ཡོད། གཞན་ཡང་། འཛད་སྤྱོད་པར་རིག་ནུས་ཅན་དང་། གནོད་མེད་ཅན། ཐཱན་ཉུང་ཅན་བཅས་ཀྱི་འཛད་སྤྱོད་དངོས་རྫས་བརྗེ་ནས་བེད་སྤྱོད་བྱ་རྒྱུར་སྐུལ་མ་བཏང་ཡོད།

བཟོ་ལས་དང་ཆ་འཕྲིན་ཅན་པུའི་པུའུ་ཀྲང་གཞོན་པ་ཧྲན་ཀྲུང་ཏེས་བཟོ་ལས་ཁྱབ་ཁོངས་ཀྱི་སྒྲིག་ཆས་གསར་བརྗེ་དང་ལག་རྩལ་སྒྱུར་བཀོད་ལ་སྐུལ་འདེད་བཏང་བ་དེས། མ་འཇོག་ནུས་ལྡན་རྒྱ་ཆེར་གཏོང་རྒྱུ་དང་། སྔོན་ཐོན་ཐོན་ནུས་ཀྱི་བསྡུར་ཚད་མཐོ་རུ་གཏོང་རྒྱུར་ཕན་ཐོགས་ཡོད། གོམ་སྟབས་རྗེས་མར། རྡོ་སྣུམ་རྫས་འགྱུར་བཟོ་ལས་དང་། ངར་ལྕགས། མདོག་ལྡན་ལྕགས་རིགས། ཨར་ལས་རྒྱུ་ཆ། འཕྲུལ་ཆས། རླངས་འཁོར། ཡང་བའི་བཟོ་ལས། འཁལ་འཐག་གློག་རྡུལ་སོགས་ལས་རིགས་གཙོ་གནད་ལ་དམིགས་ཏེ་སྔོན་ཐོན་སྒྲིག་ཆས་གསར་བརྗེ་དང་། གྲངས་འཛིན་ཅན་གྱི་བརྗེ་སྒྱུར། ལྗང་མདོག་སྒྲིག་ཆས་ཁྱབ་སྤེལ། བདེ་འཇགས་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱ་སྤྱོད་ཆེན་པོ་བཞི་སྤེལ་ནས་སྒྲིག་ཆས་གསར་བརྗེས་དང་ལག་རྩལ་སྒྱུར་བཀོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད།

ད་ལོ་དང་སང་ལོར། རྒྱལ་ཁབ་ཀྱིས་ད་དུང་གཙོ་གནད་ཚད་གཞི་ཁག་294གཏན་འབེབས་དང་བཟོ་བཅོས་བརྒྱབ་པ་དང་། སྲིད་ཇུས་དང་ཚད་གཞི་སྔར་བས་མཐུན་སྦྱོར་ཆ་སྒྲིག་ཡོང་བར་སྐུལ་འདེད་བཏང་ནས། སྒྲིག་ཆས་གསར་བརྗེ་དང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་བྱེད་པར་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་ཡིན་པ་རེད།

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།

中央广播电视总台 央广网 版权所有

རེས་སྐོར་གསར་པའི“རྙིང་ཚབ་གསར་བརྗེའི”བྱ་སྤྱོད་སྤེལ་འགོ་ཚུགས་ནས། རང་རྒྱལ་གྱིས་ཐོན་ལས་བརྗེ་སྒྱུར་རིམ་སྤོར་མགྱོགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་བ།

སྒྲིག་ཆས་གསར་བརྗེ་དང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་བྱེད་པར་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་ཡིན་པ་རེད།