ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཁྲ་ཆིལ་ཁམ་བུའི་མེ་ཏོག་གིས། གྲོང་མིའི་ཡོང་འབབ་མང་དུ་བཏང་།

2024-04-11 10:14:00     责编:卓玛才让
      མིག་སྔར། བོད་ལྗོངས་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དང་སྟག་མའི་མེ་ཏོག་བཞད་པའི་དུས་དང་འཁེལ་བས། རྒྱལ་ཡོངས་ས་གནས་ཁག་གི་ཡུལ་སྐོར་བ་བུང་བ་སྤྲིན་གྱི་ཚོགས་བཞིན་ཉིང་ཁྲིར་འབྱོར་ཡོད། ས་མཐོའི་མེ་ཏོག་གི་མཛེས་པར་མྱོང་རོལ་བྱེད་པའི་དུས་བཟང་འདིར་འཛད་སྤྱོད་ལ་སྐུལ་མ་ཐེབས་ཏེ། བོད་ལྗོངས་ཀྱི་རིག་གནས་ཡུལ་སྐོར་ལ་གསོན་ཤུགས་གསར་པ་རྒྱས་པ་དང་། ས་གནས་དེ་གའི་མི་རིགས་ཁག་གི་མང་ཚོགས་ཀྱིས་གོ་སྐབས་དམ་འཛིན་བྱས་ཏེ་རང་ཁྱིམ་གྱི་སྒོ་ཁ་ནས་ལས་ཞུགས་འབབ་འཕར་ཐུབ་པ་བྱེད་བཞིན་ཡོད།

     ཟླ་བ་གསུམ་པའི་ཟླ་སྨད་ནས་བཟུང་། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་དུ་ཁམ་བུའི་མེ་ཏོག་ཁྲ་ཆིལ་ལེར་བཞད་པས། གངས་རིའི་འདབས་དང་། ཆུ་བོ་དང་གྲོང་ཚོའི་འགྲམ་དུ་ཡུལ་སྐོར་བ་རྣམས་འཚང་ཁ་ཤིག་ཤིག་ངང་པར་ལེན་བྱེད་པར་བྲེལ་བཞིན་ཡོད། ཧྲན་ཞི་ཡི་ཡུལ་སྐོར་བ་མཁྱེན་ལྡན་མ་ཏུའུ་ལགས་ཀྱིས། ཉིང་ཁྲིར་ཁམ་བུའི་མེ་ཏོག་བཞད་པའི་དུས་འདིར། གངས་རིའི་འདབས་སུ་འབྱོར་ནས་དབུགས་ལྒང་ལ་བསྡད་དེ་གང་སར་བཞད་པའི་ཁམ་བུའི་མེ་ཏོག་ལ་ལྟ་སྐབས། མི་ཡུལ་གྱི་དག་ཞིང་དུ་སླེབས་པ་ལྟ་བུའི་མྱོང་ཚོར་ཟབ་མོ་ཡོང་གི་འདུག་ཅེས་གསུངས་པ་རེད།

     ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་གི་དྲོད་བཤེར་ལྡན་པའི་ཐུན་མིན་ཁོར་ཡུག་དེ་སྐྱེ་དངོས་འཚར་སྐྱེས་ཡོང་རྒྱུར་ཤིན་ཏུ་འཚམ་པོ་ཡོད། མིག་སྔའི་བར། ཚན་རིག་ཞིབ་འཇུག་པས་ཡུལ་དེ་ནས་སྟག་མའི་མེ་ཏོག་རིགས་64འཚོལ་ཞིབ་ཐུབ་ཡོད། ཡར་ཀླུང་གཙང་པོའི་གྲོག་རོང་གི་གཞོགས་གཉིས་སུ། གངས་རི་དང་། ནགས་ཚལ། སྟག་མའི་མེ་ཏོག་སོགས་ཀྱིས་དཔྱིད་དཔལ་གྱི་མཛེས་རིས་ཤིག་བཞེངས་ཡོད། ཧེ་ལུང་ཅང་ནས་ཕེབས་པའི་ཡུལ་སྐོར་བ་མཁྱེན་ལྡན་མ་ཧའོ་ལགས་ཀྱིས། ནམ་དུས་འདི་ནི་ས་མཐོའི་སྟག་མའི་མེ་ཏོག་བཞད་པའི་དུས་ཚིགས་ཡིན་པས། འདི་གར་སྟག་མའི་མེ་ཏོག་ཁ་དོག་དཀར་པོ་དང་། སེར་པོ། ཟིང་སྐྱ། ད་དུང་དམར་པོ་བཅས་ལ་མྱོང་རོལ་ཐུབ་ཅིང་། མིག་ལམ་དུ་བཀྲག་མདངས་དེ་བས་འཚེར་བར་གྱུར་ཞེས་གསུངས་པ་རེད།

     མེ་ཏོག་གི་ཞིང་ཁམས་ཀྱིས་ཡུལ་སྐོར་བའི་ཡིད་དབང་བཀུག་པས། ཚོང་ལས་ཀྱི་གོ་སྐབས་ཆེན་པོ་བཏོད་ཡོད། མེ་ཏོག་རྫོང་གིས་ད་ལོ་ཡུལ་སྐོར་བ་མི་ཐེངས་ལྔ་འབུམ་ལ་སྣེ་ལེན་ཞུས་པ་དང་། ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་གསུམ་ལྷག་བརྩོན་ལེན་བྱ་རྒྱུ་རེད། ཉིང་ཁྲིའི་ས་ཆ་གཞན་དུ་ཡང་ས་མཐོའི་མེ་ཏོག་གི་མཛེས་དཔལ་ལ་མྱོང་རོལ་བྱེད་པའི་ཚ་རླབས་འཕྱུར་བས། ཡུལ་སྐོར་པར་ལེན་དང་། གསོལ་མགྲོན་ཁང་། དམངས་སྲོལ་མགྲོན་ཁང་སོགས་སྔོན་མངགས་བྱེད་ཚད་རིམ་བཞིན་མཐོ་རུ་སོང་ཡོད། གསོལ་མགྲོན་ཁང་ཞིག་གི་སྤྱི་གཉེར་ཝུའུ་ཧྲན་གྱིས། ད་ལོའི་ཟླ་3ཚེས་24ཉིན་ནས་ཟླ་4ཚེས་13ཉིན་བར། སྤྱིའི་ཆ་ནས་ཉིན་ལྟར་ཁང་པ་སྟོང་པར་ལུས་མེད། ད་ལྟ་ཚོང་ཇེ་ཡག་ཏུ་འགྲོ་གི་འདུག་ཅེས་གསུངས་པ་རེད།

     ས་མཐོའི་མེ་ཏོག་གི་མཛེས་དཔལ་ལ་མྱོང་རོལ་བྱེད་པའི་ཚ་རླབས་འཕྱུར་བས། ཉིང་ཁྲི་གྲོང་ཁྱེར་གྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་གྲོང་གསེབ་ཡུལ་སྐོར་གོང་འཕེལ་གྱི་ཕན་ཁེ་ལོངས་སུ་སྤྱོད་བཞིན་ཡོད། གཙོ་བོ་ཡུལ་སྐོར་ལས་རིགས་ལ་བརྟེན་པའི་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་2023ལོའི་གྲོང་ཚོ་མཉམ་སྡེབ་ཀྱི་དཔལ་འབྱོར་ཡོང་འབབ་སྒོར་བྱེ་བ་གཅིག་དང་ས་ཡ་གསུམ་ལས་བརྒལ་ཡོད། ཀ་ལ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྤེན་པས། ཟླ་4ཚེས་10ཉིན་བར་སླེབས་སྐབས། ཀ་ལ་གྲོང་ཚོས་ད་ལོ་ཡུལ་སྐོར་བ་མི་ཐེངས་91000ལྷག་ལ་སྣེ་ལེན་ཞུས་ཡོད། ང་ཚོས་ཡུལ་སྐོར་གྱི་ཕན་ཁེ་དང་སྐྱེ་ཁམས་ཀྱི་ཕན་ཁེ་ལོངས་སུ་སྤྱོད་ཐུབ་པས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཇེ་ཆེར་འགྲོ་བཞིན་ཡོད། ང་ཚོ་ཀ་ལ་གྲོང་ཚོའི་མང་ཚོགས་ཀྱི་འཚོ་བ་ཇེ་ཡག་ནས་ཇེ་ཡག་ཏུ་འགྲོ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།

中央广播电视总台 央广网 版权所有

ཁྲ་ཆིལ་ཁམ་བུའི་མེ་ཏོག་གིས། གྲོང་མིའི་ཡོང་འབབ་མང་དུ་བཏང་།

མིག་སྔར། བོད་ལྗོངས་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དང་སྟག་མའི་མེ་ཏོག་བཞད་པའི་དུས་དང་འཁེལ་བས།