ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ནར་མ་སོན་པའི་མིར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་བའི་ཆ་རྐྱེན།

2024-04-10 09:46:00     责编:卓玛才让
      2021ལོའི་ཟླ་3ཚེས་1ཉིན་ནས་བཟུང་ལག་བསྟར་བྱས་པའི《ཉེས་ཁྲིམས་བཟོ་བཅོས་འཆར་ཟིན(བཅུ་གཅིག་པ)》ཡི་ནང《ཉེས་ཁྲིམས》ཀྱི་དོན་ཚན་17པར་ནང་གསེས་དོན་ཚན་གསུམ་ཁ་སྣོན་བྱས་ཡོད་དེ། ལོ་བཅུ་གཉིས་ཟིན་ཞིང་ལོ་བཅུ་བཞི་མ་ལོན་པའི་མིས་རྐང་བཙུགས་ནས་མི་བསད་པ་དང་རྐང་བཙུགས་ནས་མི་ལ་གནོད་འཚེ་བཏང་བའི་བྱས་ཉེས་བསགས་ཏེ། མི་ཤི་བའམ་གདུག་རྩུབ་ཧ་ཅང་ཆེ་བའི་བྱ་ཐབས་ལ་བརྟེན་ནས་མི་ལ་རྨས་སྐྱོན་ཚབས་ཆེན་བཟོས་ཏེ་དབང་པོར་སྐྱོན་ཚབས་ཆེན་པོ་བཟོས་པ། ཉེས་བསགས་བརྒྱུད་རིམ་གདུག་རྩུབ་ཆེ་བའི་རིགས། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་བདའ་འདེད་ཁྲིམས་སྦྱོར་གྱི་ཞིབ་མཆན་བཀོད་པ་བརྒྱུད། ཉེས་དོན་འགན་འཁྲི་འཁུར་དགོས་པའི་གཏན་འབེབས་བྱས་ཡོད། གཏན་འབེབས་འདིས་རང་རྒྱལ་གྱི་ཉེས་དོན་འགན་འཁྲི་འཁུར་བའི་ལོ་ཚད་དེ་སྔོན་གྱི་ལོ་14ནས་བྱེ་བྲག་རང་བཞིན་དང་ཆ་རྐྱེན་ཡོད་པའི་སྒོ་ནས་ལོ་12བར་ཆུང་དུ་བཏང་ཡོད་པ་དང་། ཁྲིམས་འཛིན་མ་ལག་ནང་དུ་ནར་མ་སོན་པའི་མིའི་གཏུམ་སྤྱོད་ཉེས་བསགས་ཚབས་ཆེན་གྱི་རིགས་ཐག་གཅོད་བྱེད་པའི་ཐབས་ལམ་ཞིག་བཏོན་ཡོད། ལེགས་སྒྲིག་འདི་ནི་ནར་མ་སོན་པའི་མིས་བྱས་ཉེས་བསགས་པའི་གནས་བབ་གསར་པ་དང་ཁྱད་ཆོས་གསར་པར་བསམ་གཞིགས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག གནོད་འཚེ་ཕོག་མཁན་དང་སྤྱི་ཚོགས་ཀྱི་མྱོང་ཚོར་ལ་གཅིག་ལྕོགས་སུ་ལྟ་རྟོག་བྱེད་པའི་ཁྲིམས་འཛུགས་ཀྱི་ཁ་གཏད་བཅག་པ་ཞིག་ཡིན་པ་དང་དུས་མཚུངས། ཉེས་དོན་འགན་འཁྲི་བདའ་འདེད་དང་ཉེས་ཁྲིམས་གཅོད་རྒྱུ་དེ་ནར་མ་སོན་པའི་མིས་བྱས་ཉེས་བསགས་པ་ཐག་གཅོད་བྱེད་པའི་མཇུག་མཐའི་བྱེད་ཐབས་ཤིག་ཡིན་པ་མ་ཟད། གྱོད་དོན་རེ་རེ་དང་བྱ་སྤྱོད་སྤེལ་མི་རེ་རེའི་གནས་ཚུལ་མི་འདྲ་བར་དམིགས་ནས་འདྲི་གཅོད་དང་ཐག་གཅོད་དགོས་པ་ཡང་གསལ་པོར་བསྟན་ཡོད།

 

     གཏན་འབེབས་འདིར་གཞིགས་ན། ལོ་བཅུ་གཉིས་ལ་སོན་ཞིང་ལོ་བཅུ་བཞི་མ་ལོན་པའི་ནར་མ་སོན་པའི་མིའི་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་བར་གཤམ་གསལ་གྱི་ཆ་རྐྱེན་དང་འཚམ་དགོས་པ་སྟེ།


(གཅིག)རྐང་བཙུགས་ནས་མི་བསད་པ་དང་རྐང་བཙུགས་ནས་མི་གཞན་ལ་གནོད་འཚེ་བཏང་བའི་བྱས་ཉེས་བསགས་པ།

(གཉིས)དོན་དངོས་ཐོག་མི་ཤི་བའམ་གདུག་རྩུབ་ཧ་ཅང་ཆེ་བའི་བྱེད་ཐབས་ལ་བརྟེན་ནས་མི་ལ་རྨས་སྐྱོན་ཚབས་ཆེན་བཟོས་ཏེ་དབང་པོ་སྐྱོན་ཅན་ཚབས་ཆེན་བཟོས་པ་སོགས་ཀྱི་མཇུག་འབྲས་བཟོས་པ།

(གསུམ)བྱ་སྤྱོད་དང་བྱ་སྤྱོད་སྤེལ་མཁན་ལ་ནང་རྐྱེན་དང་ཕྱི་རྐྱེན་ཟུང་དུ་འབྲེལ་བའི་འདྲི་གཅོད་བྱས་རྗེས་ཉེས་ཚབས་ཆེན་པོའི་ཚད་ལ་སླེབས་པ།

(བཞི)གོ་རིམ་ཐད་གྱོད་གཞི་འབྱུང་ཡུལ་གྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རིམ་པ་བཞིན་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ལ་སྙན་སེང་ཞུས་པ་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་སྦྱོར་བདའ་འདེད་གཏོང་བའི་ཆོག་མཆན་བཀོད་རྗེས་ཉེས་དོན་ཁྲིམས་སྦྱོར་བདའ་འདེད་ཀྱི་གོ་རིམ་བརྒྱུད་དགོས་པ་མ་ཟད། མཐར་མི་དམངས་ཁྲིམས་ཁང་གིས་ཁྲིམས་གཅོད་གཏོང་དགོས་པ་བཅས་ཡིན།

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།

中央广播电视总台 央广网 版权所有

ནར་མ་སོན་པའི་མིར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་བའི་ཆ་རྐྱེན།

གཏན་འབེབས་འདིར་གཞིགས་ན། ལོ་བཅུ་གཉིས་ལ་སོན་ཞིང་ལོ་བཅུ་བཞི་མ་ལོན་པའི་ནར་མ་སོན་པའི་མིའི་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་བར་གཤམ་གསལ་གྱི་ཆ་རྐྱེན་དང་འཚམ་དགོས་པ་སྟེ།