ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཧོ་ནན་གྱི་སློབ་གྲྭ་ཞིག་གི་འགན་འཁྲི་བདའ་འདེད་གཏོང་རྒྱུ།

2024-03-28 11:00:00     责编:卓玛才让
ཉེ་དུས་ཧོ་ནན་ནན་ཀྲའོ་ཡི་སློབ་གྲྭ་ཞིག་གིས་སློབ་མ་རང་ཉིད་ནས་རང་འགུལ་ཐོག་འབྲིང་རྒྱུགས་ལ་ཞུགས་རྒྱུ་བློས་གཏོང་བྱེད་དུ་བཅུག་འདུག་ཅེས་གྲགས་པ་དེར་མི་མང་པོས་དོ་ཁུར་བྱས་ཡོད་པ་རེད།
སྤྱི་ཚེས་27ཉིན། ཧོ་ནན་ནན་ཀྲའོ་རྫོང་སློབ་གསོ་ལུས་རྩལ་ཅུས་ཀྱིས་གནས་ཚུལ་གསལ་བཤད་བྱས་པའི་ནང་། ཐོག་མའི་ཞིབ་དཔྱད་བྱས་པ་བརྒྱུད། སློབ་གྲྭས་སློབ་མ་རྣམས་ལ་རང་ཉིད་ནས་རང་འགུལ་ཐོག་འབྲིང་རྒྱུགས་ལ་ཞུགས་རྒྱུ་བློས་གཏོང་བྱ་རྒྱུའི་རེ་ཞུ་འབུལ་དུ་བཅུག་འདུག་ཅེས་ཟེར་བ་དེ་གཞི་རྩའི་ཆ་ནས་གནས་ཚུལ་ངོ་མ་ཡིན་པ་ཤེས་པ་དང་། ནན་ཀྲའོ་རྫོང་སློབ་གསོ་ལུས་རྩལ་ཅུས་ཀྱིས་སློབ་གྲྭ་དེར་སློབ་མའི་ཁྱིམ་བདག་ལ་འབྲེལ་གཏུག་བྱས་ནས་གནས་ཚུལ་དེ་ཐག་གཅོད་ཡག་པོ་བྱ་དགོས་པའི་སྐུལ་མ་བཏང་བ་མ་ཟད། འབྲེལ་ཡོད་མི་སྣའི་འགན་འཁྲི་བདའ་འདེད་གཏོང་རྒྱུའི་སྐོར་བཤད་འདུག 

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།

中央广播电视总台 央广网 版权所有