ཧའེ་ཏི་ཡི་ཤོག་ཁག་གི་གཏུམ་སྤྱོད་བྱ་སྤྱོད་ཀྱིས་རྒྱལ་སའི་མི་ཁྲི་4ལྷག་ཙམ་ཡུལ་གྱར་དུ་འགྲོ་དགོས་བྱུང་བ།
2025-03-18 09:41:00 责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ས་གནས་དེ་གའི་དུས་ཚོད་ཟླ་3ཚེས་16ཉིན། རྒྱལ་སྤྱིའི་གནས་སྤོས་ཡུལ་མིའི་རྩ་འཛུགས་ཀྱིས། ཧའེ་ཏི་ཡི་ཤོག་ཁག་རྩ་འཛུགས་ཀྱིས་སྤེལ་བའི་གཏུམ་སྤྱོད་བྱ་སྤྱོད་ཀྱིས་རྒྱལ་ཁབ་དེའི་རྒྱལ་སའི་གྲོང་ཁུལ་ཆེན་པོའི་མི་42538ཡུལ་གྱར་དུ་འགྲོ་དགོས་བྱུང་ཡོད་ཅེས་བསྟན་ཡོད། རྒྱལ་སྤྱིའི་གནས་སྤོས་ཡུལ་མིའི་རྩ་འཛུགས་ཀྱིས། དེ་ནི་2021ལོ་ནས་བཟུང་ཧའེ་ཏི་ཡི་གྲོང་ཁུལ་ཆེན་པོར་ཐོ་འགོད་བྱས་པའི་གཞི་ཁྱོན་ཆེ་ཤོས་ཀྱི་མང་ཚོགས་ཡུལ་གྱར་དུ་ཕྱིན་པའི་གནས་ཚུལ་ཞིག་ཡིན་ཞེས་བསྟན་ཡོད་པ་རེད།