ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

དབྱི་སི་རལ་དམག་དོན་གསང་འཕྲིན་ཅུས་ཀྱི་ཅུས་ཀྲང་དང་ཀྲུང་དབྱང་དམག་པུའི་དམག་སྤྱིས་དགོངས་ཞུ་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུའི་ནང་། ཉེ་ཤར་མྱུར་སྐྱོབ་ལས་གྲྭ་ཁང་ལ་སྟོབས་དང་ཤུགས་ལྡན་པའི་བར་གནས་གཞི་སྒྲོམ་ཡོད་ཅེས་བསྟན་པ།

2024-04-24 17:27:00     责编:娜科
    འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀ་ཧྲ་ས་ཁུལ་འཕྲོད་བསྟེན་སྡེ་ཁག་གིས་ཚེས་22ཉིན་གསལ་བསྒྲགས་སྤེལ་ནསའདས་ཟིན་པའི་ཆུ་ཚོད་24ནང་དབྱི་སི་རལ་དམག་གིས་་ཧྲ་ས་ཁུལ་དུ་དམག་དོན་བྱ་སྤྱོད་ཁག་6སྤེལ་ནས་མི་54རྐྱེན་ལམ་དུ་བཏང་བ་དང་མི་104ལ་རྨས་སྐྱོན་བཟོས་ཡོད་བརྗོད་ཡོད་པ་རེད། ན་ནིང་ཟླ་10ཚེས་7ཉིན་རེས་སྐོར་གསར་པའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་ཐོན་པ་ནས་བཟུང་དབྱི་སི་རལ་དམག་གིས་་ཧྲ་ས་ཁུལ་དུ་དམག་དོན་བྱ་སྤྱོད་སྤེལ་ནས་ཕ་ལེ་སི་ཐན་བ་34151རྐྱེན་ལམ་དུ་ཤོར་བ་དང་མི་77084ལ་རྨས་སྐྱོན་ཕོག་ཡོད་པ་རེད།

དབྱི་སི་རལ་རྒྱལ་སྲུང་དམག་གིས་ཚེས་22ཉིན་གསལ་བསྒྲགས་སྤེལ་ནསདབྱི་སི་རལ་དམག་གིས་འཐབ་ཕྱོགས་མང་པོར་མུ་མཐུད་བྱ་སྤྱོད་སྤེལ་བ་དང་འབྲེལ་ཚད་མཐོའི་དོགས་ཟོན་རྒྱུན་འཁྱོངས་བྱེད་ཀྱི་ཡོད། ་ཧྲ་ས་ཁུལ་གྱི་དབུས་རྒྱུད་དུ་དབྱི་སི་རལ་དམག་གིས་ཕ་ལེ་སི་ཐན་དབྱི་སི་ལ་འགོག་རྒོལ་ལས་འགུལཧ་མ་སིའི་རྨང་གཞིའི་སྒྲིག་བཀོད་མུ་མཐུད་རྩ་གཏོར་གཏོང་བཞིན་པ་མ་ཟད་ཧ་མ་སིའི་དྲག་ཆས་པ་མང་པོ་ཞིག་བསད་ཡོད་ཅེས་བརྗོད་ཡོད་པ་རེད།

དབྱི་སི་རལ་རྒྱལ་སྲུང་དམག་གིས་ཚེས་22ཉིན། དབྱི་སི་རལ་རྒྱལ་སྲུང་དམག་གི་དམག་དོན་གསང་འཕྲིན་ཅུས་ཀྱི་ཅུས་ཀྲང་ཧ་ལི་ཝ་ཡིས་ལས་གནས་དགོངས་ཞུ་བྱ་རྒྱུའི་རེ་བ་བཏོན་ཡོད་ཅེས་བཤད་པ་རེད། ཧ་ལི་ཝ་ཡིས། ཁོ་པས་བཀོད་འདོམས་བྱས་པའི་དབྱི་སི་རལ་དམག་གི་གསང་འཕྲིན་སྡེ་ཁག་གིསཁོ་ཚོར་སྤྲད་པའི་ལས་འགན་ལེགས་འགྲུབ་ཐུབ་མེདཅེས་བརྗོད་པ་རེད

དེ་ཉིན་ད་དུང་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་སི་རལ་དམག་གིཀྲུང་དབྱང་དམག་སྤྱི་པུའུ་ཡི་དམག་སྤྱི་ཡེ་ཧུའུ་ཏ·ཧྥུ་ཁེ་སིས་འདི་ལོའི་ཟླ་8པར་ལས་གནས་ནས་དགོངས་ཞུ་བྱ་རྒྱུ་མ་ཟད་དམག་ཁོངས་ནས་ཕྱིར་འཐེན་བྱ་རྒྱུའི་རེ་བ་བཏོན་ཡོད། ཉིན་ཤས་གོང་། ཧྥུ་ཁེ་སིསན་ནིང་ཟླ་10ཚེས་7ཉིན་གྱི་དམག་དོན་གསང་འཕྲིན་ལ་ཕམ་ཉེས་བྱུང་བར་རང་ཉིད་ཀྱིས་འགན་འཁྲི་ཁག་གཅིག་འཁུར་དགོས་ལངེས་པར་དུ་མི་གཞན་དང་འདྲ་བར་འགནའཁུར་ཡུན་མཇུག་འགྲིལ་དགོསཞེས་བརྗོད་པ་རེད།

ལི་པ་ནོན་དང་དབྱི་སི་རལ་གྱི་གནས་སྐབས་མཐའ་མཚམས་ས་ཁུལ་གྱི་གདོང་ཐུག་སྔར་བཞིན་རྒྱུན་མཐུད་བྱེད་བཞིན་ཡོད། དབྱི་སི་རལ་དམག་ཕྱོགས་ཀྱིས་ཚེས་22ཉིན་སལ་བསྒྲགས་སྤེལ་ནསདབྱི་སི་རལ་བྱང་རྒྱུད་ཀྱི་སའེ་ཧྥེ་ཏེའི་ཉེ་འགྲམ་དུ་ཉིན་དེར་ལི་པ་ནོན་ཕྱོགས་ནས་འཕེན་པའི་མེ་ཤུགས་འཕུར་མདེལ35ཡི་འཇབ་རྒོལ་ཕོག་མོད། འོན་ཀྱང་མི་སྣ་འཆི་རྨས་བྱུང་མེད་པ་དང་དེ་རྗེས་དབྱི་སི་རལ་དམག་གིས་མེ་ཤུགས་འཕུར་མདེལ་འཕེན་སར་འཇབ་རྒོལ་བྱས་ཡོད་ཅེས་འཁོད་ཡོད་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིརང་ཚུགས་ཞིབ་བཤེར་ཚོགས་ཆུང་གིས་ཚེས་22ཉིན། མཉམ་འབྲེལ་རྒྱལ་ཚོགས་ཉེ་ཤར་ས་ཁུལ་གྱི་ཕ་ལེ་སི་ཐན་གྱི་ཡུལ་གྱར་རྒུད་སྐྱོབ་དང་ལས་གྲྭ་ཁྲུའུ་ལ་ཞིབ་བཤེར་བྱས་པའི་སྙན་ཞུ་ཁྱབ་བསྒྲགས་བྱས་པ་དང་། སྙན་ཞུའི་ནང་ཉེ་ཤར་ས་ཁུལ་གྱི་རྒུད་སྐྱོབ་ལས་གྲྭ་ཁྲུའུ་ཡི་གལ་ཆེའི་རང་བཞིན་ནན་བཤད་བྱས་པ་མ་ཟད། ཉེ་ཤར་ས་ཁུལ་གྱི་རྒུད་སྐྱོབ་ལས་གྲྭ་ཁྲུའུ་ཡིས་མི་ཆོས་རིང་ལུགས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུ་རྒྱུའི་འགན་ལེན་བྱེད་པའི་ལམ་སྲོལ་དང་གོ་རིམ་འབོར་ཆེན་བཙུགས་པ་དང་བར་གནས་ཀྱི་རྩ་དོན་ནན་བཤད་བྱས་ཡོད་པས། སྟོབས་ཤུགས་ལྡན་པའི་བར་གནས་ཀྱི་སྒྲོམ་གཞི་ཞིག་ཡོད་ཅེས་བསྟན་པ་རེད། དེའི་གོང་དབྱི་སི་རལ་གྱིས་ཉེ་ཤར་ས་ཁུལ་རྒུད་སྐྱོབ་ལས་གྲྭ་ཁྲུའུ་ཡི་མི་སྣ་ཁག་གཅིག་ན་ནིང་ཟླ་10ཚེས་7ཉིན་ཧ་མ་སིས་དབྱི་སི་རལ་ལ་འཇབ་རྒོལ་བྱས་པའི་ནང་ཞུགས་ཡོད་ཅེས་སྐྱོན་འདོན་ཞུ་གཏུག་བྱས་པ་རེད།

中央广播电视总台 央广网 版权所有

དབྱི་སི་རལ་དམག་དོན་གསང་འཕྲིན་ཅུས་ཀྱི་ཅུས་ཀྲང་དང་ཀྲུང་དབྱང་དམག་པུའི་དམག་སྤྱིས་དགོངས་ཞུ་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུའི་ནང་། ཉེ་ཤར་མྱུར་སྐྱོབ་ལས་གྲྭ་ཁང་ལ་སྟོབས་དང་ཤུགས་ལྡན་པའི་བར་གནས་གཞི་སྒྲོམ་ཡོད་ཅེས་བསྟན་པ།

དབྱི་སི་རལ་གྱིས་ཉེ་ཤར་ས་ཁུལ་རྒུད་སྐྱོབ་ལས་གྲྭ་ཁྲུའུ་ཡི་མི་སྣ་ཁག་གཅིག་ན་ནིང་ཟླ་10ཚེས་7ཉིན་ཧ་མ་སིས་དབྱི་སི་རལ་ལ་འཇབ་རྒོལ་བྱས་པའི་ནང་ཞུགས་ཡོད་ཅེས་སྐྱོན་འདོན་ཞུ་གཏུག་བྱས་པ་རེད།