ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

དབྱི་སེ་རལ་དམག་ཕྱོགས་ཀྱི་མགྲིན་ཚབ་པས་དབྱི་སེ་རལ་གྱིས་དབྱི་རན་ལ་འཁོལ་ལན་སློག་རྒྱུ་ཡིན་ཞེས་བསྟན་པ་དང་། དབྱི་རན་ནས་དབྱི་སེ་རལ་གྱིས་བྱ་སྤྱོད་གསར་པ་སྤེལ་ན་དབྱི་རན་གྱིས་མགྱོགས་མྱུར་ལན་ཆ་བྱ་རྒྱུ་ཡིན་པའི་ཐ་ཚིག་སྒྲོག་ཡོད།

2024-04-17 10:54:00     责编:娜科
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཚེས་16ཉིན་དབྱི་སེ་རལ་དམག་ཕྱོགས་ཀྱི་མགྲིན་ཚབ་པ་ཧ་ཅ་ལིས། དབྱི་སེ་རལ་གྱིས་རང་ཉིད་ནས་དུས་ཚོད་དང་ས་ཆ་འདམས་ནས། རང་ཉིད་ཀྱི་རྣམ་པའི་ཐོག་ནས་དབྱི་རན་ལ་འཁོན་ལན་སློག་རྒྱུ་ཡིན་ཞེས་བསྟན་ཡོད། དབྱི་སེ་རལ་གྱི་ཕྱི་འབྲེལ་པུའུ་ཀྲང་ཁ་ཚེས་གོ་ལ་ཧྲིལ་པོའི་རྒྱལ་ཁབ་32ལ་འཕྲིན་ཡིག་སྤྲིངས་ནས། དབྱི་རན་གྱི་མེ་ཤུགས་འཕུར་མདེལ་འཆར་འགོད་ལ་བཀག་སྡོམ་བྱེད་དགོས་པའི་རེ་འབོད་བྱས་ཡོད། དབྱི་སེ་རལ་སྨྱན་སྦྱོར་གྱི་ཆ་འཕྲིན་ལ་གཞིགས་ན། དབྱི་སེ་རལ་སྲིད་གཞུང་གིས་ཚེས་16ཉིན་ནས་བསྟུད་མར་ཉིན་གསུམ་དམག་འཁྲུག་སྐབས་ཀྱི་ནང་བློན་ཁང་གི་གྲོས་ཚོགས་ཚོགས་ནས། དབྱི་རན་ལ་འཁོན་ལན་སློག་པའི་བྱ་སྤྱོད་སྤེལ་རྒྱུའི་ཐད་མཐའ་མའི་གཏན་འཁེལ་བྱ་བཟོ་ཡོད་པ་རེད།
  ཚེས་16ཉིན་དབྱི་རན་གྱི་ཙུང་ཐུང་ལའེ་ཞིས། དབྱི་རན་གྱི་ཁེ་ཕན་ལ་སྔར་བས་གནོད་འཚེ་བཟོ་བའི་བྱ་སྤྱོད་ཚང་མར་དེ་བས་ཤུགས་ཆེ་བ་དང་། དེ་བས་གཞི་ཁྱོན་ཆེ་བའི་ལན་ཆ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད། དབྱི་རན་གྱི་ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་པ་ཀེ་ལིས། དབྱི་སེ་རལ་གྱིས་དབྱི་རན་ལ་བྱ་སྤྱོད་གསར་པ་གང་ཡང་སྤེལ་མི་རུང་། དེ་མིན་ན་དབྱི་རན་གྱིས་དེ་བས་ཤུགས་ཚད་ཆེ་བ་དང་དེ་བས་མགྱོགས་མྱུར་གྱི་ལན་ཆ་བྱ་རྒྱུ་ཡིན་ཞེས་ཐ་ཚིག་སྒྲོག་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གུ་ཐེ་ལེ་སིས་འབྲེལ་ཡོད་ཕྱོགས་ཁག་ནས་བཟོད་གོམས་བྱེད་དགོས་པའི་རེ་འབོད་གནང་ཡོད། 

 

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།

中央广播电视总台 央广网 版权所有

དབྱི་སེ་རལ་དམག་ཕྱོགས་ཀྱི་མགྲིན་ཚབ་པས་དབྱི་སེ་རལ་གྱིས་དབྱི་རན་ལ་འཁོལ་ལན་སློག་རྒྱུ་ཡིན་ཞེས་བསྟན་པ་དང་། དབྱི་རན་ནས་དབྱི་སེ་རལ་གྱིས་བྱ་སྤྱོད་གསར་པ་སྤེལ་ན་དབྱི་རན་གྱིས་མགྱོགས་མྱུར་ལན་ཆ་བྱ་རྒྱུ་ཡིན་པའི་ཐ་ཚིག་སྒྲོག་ཡོད།

དེ་མིན་ན་དབྱི་རན་གྱིས་དེ་བས་ཤུགས་ཚད་ཆེ་བ་དང་དེ་བས་མགྱོགས་མྱུར་གྱི་ལན་ཆ་བྱ་རྒྱུ་ཡིན་ཞེས་ཐ་ཚིག་སྒྲོག་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གུ་ཐེ་ལེ་སིས་འབྲེལ་ཡོད་ཕྱོགས་ཁག་ནས་བཟོད་གོམས་བྱེད་དགོས་པའི་རེ་འབོད་གནང་ཡོད།