ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

སུའུ་ཏན་དྲག་ཆས་གདོང་ཐུག་ཐོན་ལས་ལོ་གཅིག་འཁོར་བ་དང་། མགྱོགས་མྱུར་རོགས་སྐྱོར་དཔུང་སྡེས་དམག་མཚམས་འཇོག་པ་དང་ཞི་བའི་གྲོས་མོལ་བྱ་རྒྱུའི་གྲ་སྒྲིག་བྱས་ཟིན་ཡོད་ཅེས་བསྟན་པ།

2024-04-16 14:41:00     责编:娜科
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཟླ་4པའི་ཚེས་15ཉིན་ནི་སུའུ་ཏན་དྲག་ཆས་གདོང་ཐུག་ཐོན་ལས་ལོ་གཅིག་འཁོར་བའི་ཉིན་མོ་ཡིན། རྒྱུན་མཐུད་ཀྱི་དམག་འཁྲུག་གིས་སུའུ་ཏན་གྱི་དཔལ་འབྱོར་ལ་རྩ་མེད་རང་བཞིན་གྱི་གཏོར་སྐྱོན་བཏང་ཡོད། ཕྱིར་གཏོང་ལ་འགོག་རྐྱེན་བཟོས་པ་དང་། ཚོང་ལས་བྱེད་སྒོ་ཉམས་རྒྱུད་ཕྱིན་པ། དེའི་ཐོག་དངུལ་ལོར་གྱི་འཛའ་ཐང་ཆག་པ་དང་། ཟོག་གོང་འཕར་བ་བཅས་ཀྱིས། མི་རྣམས་དམག་འཁྲུག་གི་གནོད་འཚེའི་འོག་དཀའ་ཚེགས་ཆེན་པོས་འཚོ་བ་སྐྱེལ་བཞིན་ཡོད། 
  སུའུ་ཏན་མང་ཚོགས་ཞིག་གིས། སུའུ་ཏན་བ་རྣམས་ལ་གདོང་ཐུག་གི་ཤུགས་རྐྱེན་ཐེབས་ཡོད། མི་ཁག་གཅིག་གི་གླ་ཕོག་དུས་བཀག་ལྟར་ལེན་མི་ཐུབ་པ་དང་། མི་ཁག་གཅིག་ལ་རྩ་བ་ནས་གླ་ཕོག་ལེན་རྒྱུ་མེད་པ། ད་དུང་མི་ཁག་གཅིག་གི་ཁ་གསབ་མེད་པར་འགྱུར་བ་དང་། ཟླ་རེར་གཞི་རྩའི་གླ་ཕོག་མ་གཏོགས་ལེན་རྒྱུ་མེད་པས། ཉིན་བཅུའི་འཚོ་བ་རྒྱུན་མཐུད་ཐུབ་ཙམ་ལས་མེད་ཅེས་བསྟན་ཡོད། 
  སུའུ་ཏན་གྱི་ཆབ་སྲིད་དབྱེ་ཞིབ་མི་སྣ་ཧྲ་ཝ་ཉིས། སུའུ་ཏན་གྱི་དྲག་ཆས་གདོང་ཐུག་དེ་དབྱེ་འབྱེད་གྲོས་མོལ་བརྒྱུད་ནས་ཐག་གཅོད་བྱེད་དགོས། ངེས་པར་དུ་གདོང་ཐུག་ཕྱོགས་ཀྱིས་དེའི་གོང་གྲོས་འཆམ་བྱུང་བའི་ཅི་ཏ་གསལ་བསྒྲགས་དོན་འཁྱོལ་བྱེད་པ་ནས་འགོ་འཛུགས་པ་དང་། དྲག་ཆས་པས་ངེས་པར་དུ་བཙན་བཟུང་བྱས་པའི་དམག་སྤྱོད་སྒྲིག་ཆས་ནས་ཕྱིར་འཐེན་བྱེད་དགོས། ངེས་པར་དུ་མི་ཆོས་རོགས་སྐྱོབ་བྱ་སྤྱོད་ལ་འགན་ལེན་བྱེད་དགོས་ཞེས་བསྟན་ཡོད། 
  ཚེས་15ཉིན་སུའུ་ཏན་མགྱོགས་མྱུར་རོགས་སྐྱོར་དཔུང་སྡེའི་འགོ་ཁྲིད་པས། མགྱོགས་མྱུར་རོགས་སྐྱོར་དཔུང་སྡེས་དམག་མཚམས་བཞག་ནས། མི་ཆོས་རིང་ལུགས་བྱ་སྤྱོད་ལ་འགན་ལེན་བྱེད་པ་མ་ཟད། ཞི་བའི་དབྱེ་འབྱེད་གྲོས་མོལ་སླར་གསོ་བྱེད་འདོད་ཡོད། མགྱོགས་མྱུར་རོགས་སྐྱོར་དཔུང་སྡེའི་དམིགས་འབེན་ནི་མིག་སྔའི་ཉམས་ཉེན་ཁྱོན་ཡོངས་ནས་ཆབ་སྲིད་ཐོག་ནས་ཐག་གཅོད་བྱེད་པའི་ཇུས་གཞི་འཚོལ་བ་དང་། སུའུ་ཏན་དུ་ཞི་དཔོན་སྲིད་གཞུང་བཙུགས་ནས། རྒྱལ་ཁབ་དམངས་གཙོའི་འཕེལ་རིམ་ཕྱོགས་སུ་སྐྱོད་རྒྱུར་ཁྲིད་སྟོན་བྱེད་པ་དང་། ཡུན་རིང་གི་ཞིབ་བདེ་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་ཡིན་ཞེས་བརྗོད་ཡོད། 
  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གུ་ཐེ་ལེ་སེས་ཚེས་15ཉིན་སུའུ་ཏན་དྲག་ཆས་གདོང་ཐུག་ཐོན་ལས་ལོ་གཅིག་འཁོར་བའི་ཐད་གསལ་བསྒྲགས་སྤེལ་ནས། སུའུ་ཏན་གྱི་མི་དམངས་ལ་དམིགས་པའི་དམག་འཁྲུག་དེས་མི་སེར་བྱེ་བ་ལས་བརྒལ་བ་ཤི་རྨས་བཟོས་ཡོད་པ་དང་། མི་བྱེ་བ་གཅིག་དང་ས་ཡ་བརྒྱད་ལ་བཀྲེས་ལྟོགས་ཚབས་ཆེན་འཕྲད་ཡོད་ལ། དམངས་སྤྱོད་སྒྲིག་ཆས་གལ་ཆེན་རྩ་གཏོར་བཏང་ཡོད། དེ་ནི་རྒྱལ་སྤྱིའི་མི་ཆོས་རིང་ལུགས་བཅའ་ཁྲིམས་ལ་དམིགས་པའི་དམག་འཁྲུག་ཞིག་ཡིན་པ་དང་། རོགས་སྐྱོབ་རླངས་འཁོར་རུ་ཁག་དང་། མི་ཆོས་རིང་ལུགས་མི་སྣ། མཛོད་ཁང་བཅས་ལ་འཇབ་རྒོལ་ཕོགས་ཡོད་ལ། བུད་མེད་དང་བྱིས་པ་བུ་མོར་འདོད་སྲེད་གཏུམ་སྤྱོད་ཕོགས་ཡོད་ཅེས་བསྟན་ཡོད། གསལ་བསྒྲགས་ནང་། མིགས་སྔའི་གདོང་ཐུག་ལས་སྒྲོལ་བའི་ཐབས་ལམ་ཉག་ཅིག་དེ་ནི་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་བྱེད་པའི་ཇུས་གཞི་ཡིན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་མཉམ་དུ་སུའུ་ཏན་དུ་དམག་མཚམས་འཇོག་རྒྱུར་སྐུལ་འདེད་གཏོང་བ་དང་། ཁྱོན་ཡོངས་ཞི་བའི་འཕེལ་རིམ་འགོ་བཙུགས་ཏེ། སུའུ་ཏན་མི་དམངས་ཀྱིས་འབྱུང་འགྱུར་གྱི་ཞི་བདེ་དང་བདེ་འཇགས་ལ་བཅངས་པའི་རེ་སྒུག་གི་དགོས་མཁོ་སྐོང་དགོས་ཞེས་བསྟན་ཡོད་པ་རེད། 

 

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།

中央广播电视总台 央广网 版权所有

སུའུ་ཏན་དྲག་ཆས་གདོང་ཐུག་ཐོན་ལས་ལོ་གཅིག་འཁོར་བ་དང་། མགྱོགས་མྱུར་རོགས་སྐྱོར་དཔུང་སྡེས་དམག་མཚམས་འཇོག་པ་དང་ཞི་བའི་གྲོས་མོལ་བྱ་རྒྱུའི་གྲ་སྒྲིག་བྱས་ཟིན་ཡོད་ཅེས་བསྟན་པ།

རྒྱལ་སྤྱིའི་སྤྱི་ཚོགས་ནས་མཉམ་དུ་སུའུ་ཏན་དུ་དམག་མཚམས་འཇོག་རྒྱུར་སྐུལ་འདེད་གཏོང་བ་དང་། ཁྱོན་ཡོངས་ཞི་བའི་འཕེལ་རིམ་འགོ་བཙུགས་ཏེ། སུའུ་ཏན་མི་དམངས་ཀྱིས་འབྱུང་འགྱུར་གྱི་ཞི་བདེ་དང་བདེ་འཇགས་ལ་བཅངས་པའི་རེ་སྒུག་གི་དགོས་མཁོ་སྐོང་དགོས་ཞེས་བསྟན་ཡོད་པ་རེད།