ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

དབྱི་སི་རལ་གྱིས་སི་རི་ཡར་བཅར་སྡོད་དབྱི་རན་གྱི་གཞུང་ཚབ་ཁང་དུ་མཁའ་ཐོག་ནས་འཇབ་རྒོལ་བྱས་པས་དབྱི་རན་གྱི་དམག་ཕྱོགས་མི7རྐྱེན་ལམ་དུ་བཏང་ཡོད་པ་དང་། དབྱི་རན་གྱིས་དེར་རྒོལ་གཏམ་དྲག་པོ་བཏང་བ་མ་ཟད། དེར་འགོལ་རྒོལ་བྱེད་པའི་དབང་ཆ་ཉར་ཡོད་ཅེས་བསྟན་པ།

2024-04-02 11:13:00     责编:娜科
     འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།   སི་རི་ཡ་དང་དབྱི་རན་གྱི་གཞུང་ཕྱོགས་སྨྱན་སྦྱོར་གྱིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན།  ཚེས་1ཉིན་དབྱི་སི་རལ་གྱིས་སི་རི་ཡར་བཅར་སྡོད་དབྱི་རན་གྱི་གཞུང་ཚབ་ཁང་གི་གཞུང་ཚབ་ཚན་པའི་ཁང་པར་མཁའ་ཐོག་ནས་འཇབ་རྒོལ་བྱས་ཡོད་ཅེས་འཁོད་ཡོད། དབྱི་རན་གྱི་དབྱི་སི་ལམ་གསར་བརྗེའི་སྲུང་དམག་རུ་ཁག་སྤྱི་པའི་འབྲེལ་བའི་སྡེ་ཚན་གྱིས། མཁའ་ཐོག་གི་འཇབ་རྒོལ་ཁྲོད་དབྱི་རན་གྱི་དམག་དོན་མི་སྣ་7རྐྱེན་ལམ་དུ་ཤོར་ཡོད་པ་དང་། དེའི་ཁྲོད་དབྱི་རན་གྱི་དབྱི་སི་ལམ་གསར་བརྗེའི་སྲུང་དམག་རུ་ཁག་གི་གནས་མཆོག་ལུས་ཤོག་ཅེས་པའི་བཀོད་འདོམས་དཔོན་གཉིས་ཚུད་ཡོད། སི་རི་ཡར་བཅར་སྡོད་དབྱི་རན་གྱི་གཞུང་ཚབ་ཆེ་མོས། དབྱི་སི་རལ་གྱི་དམག་འཐབ་གནམ་གྲུས་ཉིན་དེར་ཁོ་ཚོས་ཚོད་འཛིན་བྱས་ཟིན་པའི་ཀེ་ལན་མཐོ་ས་ནས་མེ་ཤུགས་འཕུར་མདེལ་6འཕེན་གཏོང་བྱས་ཡོད་ཅེས་བརྗོད་ཡོད། དབྱི་རན་གྱི་ཕྱི་འབྲེལ་པུའི་མགྲིན་ཚབ་པས། དབྱི་རན་གྱི་ཕྱི་འབྲེལ་པུའུ་ཀྲང་དང་སི་རི་ཡའི་ཕྱི་འབྲེལ་པུའུ་ཀྲང་དབར་ཉིན་དེར་ཁ་པར་བཏང་ནས། དབྱི་སི་རལ་ནས་རྩུབ་སྤྱོད་ཀྱིས་མཁའ་ཐོག་འཇབ་རྒོལ་བྱས་པར་རྒོལ་གཏམ་དྲག་པོ་བཏང་ཡོད། དབྱི་རན་གྱི་ཕྱི་འབྲེལ་པུའི་མགྲིན་ཚབ་པས། འཇབ་རྒོལ་བྱས་པ་དེ་ཝེ་ཡེ་ནའི་ཕྱི་འབྲེལ་འབྲེལ་བའི་སྤྱི་ཆིངས་ཞེས་པ་དང་ཚབས་ཆེན་བརྒལ་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་ནས་ཚིག་རྩ་ནན་ཤོས་ཐོག་ནས་བྱ་སྤྱོད་དེར་རྒོལ་གཏམ་གཏོང་དགོས་པ་མ་ཟད། བཙན་འཛུལ་བྱེད་མཁན་དེར་དགོས་ངེས་ཀྱི་བྱ་ཐབས་བཟུང་ནས་ཁ་གཏད་གཅོག་པ་དང་། དབྱི་རན་གྱིས་འཇབ་རྒོལ་བྱེད་མཁན་ལ་འགོག་རྒོལ་བྱེད་པའིདབང་ཆ་མུ་མཐུད་ཉར་རྒྱུ་ཡིན་ཞེས་བརྗོད་ཡོད།

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།

中央广播电视总台 央广网 版权所有

དབྱི་སི་རལ་གྱིས་སི་རི་ཡར་བཅར་སྡོད་དབྱི་རན་གྱི་གཞུང་ཚབ་ཁང་དུ་མཁའ་ཐོག་ནས་འཇབ་རྒོལ་བྱས་པས་དབྱི་རན་གྱི་དམག་ཕྱོགས་མི7རྐྱེན་ལམ་དུ་བཏང་ཡོད་པ་དང་། དབྱི་རན་གྱིས་དེར་རྒོལ་གཏམ་དྲག་པོ་བཏང་བ་མ་ཟད། དེར་འགོལ་རྒོལ་བྱེད་པའི་དབང་ཆ་ཉར་ཡོད་ཅེས་བསྟན་པ།

དབྱི་རན་གྱིས་འཇབ་རྒོལ་བྱེད་མཁན་ལ་འགོག་རྒོལ་བྱེད་པའིདབང་ཆ་མུ་མཐུད་ཉར་རྒྱུ་ཡིན་ཞེས་བརྗོད་ཡོད།