ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཧ་མ་སེས་དབྱི་སི་རལ་དམག་གིས་ཞི་ཧྥ་སྨན་ཁང་དུ་སྡིག་བསགས་བྱ་སྤྱོད་སྤེལ་བར་རྒོལ་གཏམ་བཏང་བ་དང་། དབྱི་སི་རལ་གྱིས་ཁྲིམས་གཏན་འཁེལ་བའི་ཐོག་ནས་སྲིད་གཞུང་གིས་ཕྱིའི་རྒྱལ་ཁབ་ཀྱི་བརྙན་འཕྲིན་འཕྲིན་ལམ་བཀག་རྒྱུར་མོས་མཐུན་བྱས་པ།

2024-04-02 11:12:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།   ཕ་ལི་སི་ཐན་དབྱི་སི་ལམ་འགོག་རྒོལ་ལས་འགུལ་ཧ་མ་སེའི་སྨྱན་སྦྱོར་གཞུང་ལས་ཁང་གིས་ཚེས་1ཉིན་གསལ་བསྒྲགས་སྤེལ་ནས། དབྱི་སི་རལ་དམག་གིས་ཞི་ཧྥ་སྨན་ཁང་དུ་མི་རྣམས་ཧང་སངས་དགོས་པའི་སྡིག་བསགས་བྱ་སྤྱོད་སྤེལ་བར་རྒོལ་གཏམ་བཏང་ཡོད།    གསལ་བསྒྲགས་ནང་། དབྱི་སི་རལ་དམག་གིས་རྐང་བཙུགས་ནས་ཞི་ཧྥ་སྨན་ཁང་གི་འཛུགས་སྐྲུན་དངོས་པོ་ཚང་མར་གཏོར་སྐྱོན་བཏང་བ་མ་ཟད། མེར་བསྲེགས་པ་དང་ས་སློག་འཕྲུལ་འཁོར་གྱིས་ཁང་པ་སོགས་པའི་བཟོ་བཀོད་དངོས་པོ་བཤིག་ཡོད། སྨན་ཁང་ནང་ཁུལ་དང་དེའི་ཉེ་འགྲམ་ས་ཁུལ་དུ་ཕ་ལི་སི་ཐན་བ་400ལྷག་རྐྱེན་ལམ་དུ་བཏང་ཡོད་པ་མ་ཟད། བྱེ་ས་དང་ས་སློག་འཕྲུལ་འཁོར་གྱིས་འདས་པོའི་ཕུང་པོ་སྦས་ཐབས་བྱས་ནས། ཁོ་ཚོའི་གདུག་རྩུབ་ཀྱི་བྱ་སྤྱོད་དེ་གཞན་གྱིས་ཧ་མ་གོ་བ་བྱེད་རྩིས་བྱས་ཡོད། ད་དུང་དབྱི་སི་རལ་དམག་གིས་མི་300ལྷག་འཛིན་བཟུང་བྱས་ཡོད་ཅེས་བསྟན་ཡོད།

དབྱི་སི་རལ་གྲོས་ཚོགས་ཁང་གིས་ཚེས་1ཉིན་བཅའ་ཁྲིམས་ཀྱི་དོན་ཚན་གཅིག་བརྒྱུད་ནས། སྲིད་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོས་པ་ཞེས་པ་རྒྱུ་མཚན་དུ་བྱས་ནས། དབྱི་སི་རལ་དུ་གཉེར་བའི་ཕྱིའི་རྒྱལ་ཁབ་ཀྱི་བརྙན་འཕྲིན་འཕྲིན་ལམ་གནས་སྐབས་མཚམས་འཇོག་བྱ་རྒྱུར་མོས་མཐུན་བྱས་ཡོད། དབྱི་སི་རལ་ཙུང་ལིས། ཁ་ཐར་ཕྱེད་གླིང་བརྙན་འཕྲིན་ལས་ཁུངས་མཚམས་འཇོག་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།

中央广播电视总台 央广网 版权所有

ཧ་མ་སེས་དབྱི་སི་རལ་དམག་གིས་ཞི་ཧྥ་སྨན་ཁང་དུ་སྡིག་བསགས་བྱ་སྤྱོད་སྤེལ་བར་རྒོལ་གཏམ་བཏང་བ་དང་། དབྱི་སི་རལ་གྱིས་ཁྲིམས་གཏན་འཁེལ་བའི་ཐོག་ནས་སྲིད་གཞུང་གིས་ཕྱིའི་རྒྱལ་ཁབ་ཀྱི་བརྙན་འཕྲིན་འཕྲིན་ལམ་བཀག་རྒྱུར་མོས་མཐུན་བྱས་པ།

དབྱི་སི་རལ་ཙུང་ལིས། ཁ་ཐར་ཕྱེད་གླིང་བརྙན་འཕྲིན་ལས་ཁུངས་མཚམས་འཇོག་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།