འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཨུ་རུ་སུའི་མོ་སི་ཁོའི་པ་སི་མན་ཁུལ་ཁྲིམས་ཁང་གིས་ཚེས་1ཉིན་མོ་སེ་ཁོའི་མངའ་སྡེའི་རོལ་དབྱངས་ཁང་དུ་ཐོན་པའི་འཇིགས་འགུལ་འཇབ་རྒོལ་དོན་རྐྱེན་ནང་ཞུགས་མཁན་གྱི་དོགས་ཡོད་ཉེས་བསགས་བཅུ་པ་དེ་འཛིན་བཟུང་བྱས་ནས་འདྲི་རྩད་བྱ་རྒྱུ་མ་ཟད། ཟླ་5ཚེས་22ཉིན་བར་བཀག་ཉར་བྱ་རྒྱུའི་ཆོག་མཆན་སྤྲད་ཡོད། ཨུ་རུ་སུའི་ནང་བློན་ཁང་གིས་ཚེས་1ཉིན། རྒྱལ་ཁབ་ཀྱིས་གནས་སྤོས་ཡུལ་མིར་དོ་དམ་དང་ཚོད་འཛིན་ལ་ཤུགས་སྣོན་རྒྱག་རྒྱུའི་བཅའ་ཁྲིམས་ཀྱི་འཆར་ཟིན་བཀོད་ཟིན། བཅའ་ཁྲིམས་ཀྱི་འཆར་ཟིན་དེས་ཕྱི་རྒྱལ་གྱི་མི་ཨུ་རུ་སུར་གནས་སྐབས་སྡོད་པའི་དུས་བཀག་དེ་ལོ་རེར་མང་ཤོས་སུ་ཉིན་90བར་ཉུང་དུ་བཏང་ཡོད། གཞན་ཡང་། ཕྱི་རྒྱལ་གྱི་ལས་མི་སྤྱོད་མཁན་གྱི་བདག་པོར་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་རྩིས་ཡོད་ཅེས་བརྗོད་ཡོད།