ཨ་རིའི་འགྲིམ་འགྲུལ་པུའུ་ཀྲང་གིས། མིག་སྔར་པ་ཨེར་ཏི་མོའི་ཟམ་ཆེན་རྡིབ་རྗེས་ཞིག་རོ་གཙང་སེལ་དང་དེ་བཞིན་པ་ཨེར་ཏི་མོ་གྲུ་ཁ་ག་དུས་སྒོ་འབྱེད་མིན་གྱི་དུས་ཚོད་སྔར་བཞིན་གཏན་འཁེལ་བྱེད་ཐེབས་མེད་ཅེས་བརྗོད་པ།
2024-04-01 17:48:00 责编:娜科
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཨ་རིའི་འགྲིམ་འགྲུལ་པུའུ་ཀྲང་བི་ཐེ་པུའུ་ཏི་ཅེ་ཀེས་ས་གནས་དེ་གའི་དུས་ཚོད་ཟླ་3ཚེས་31ཉིན། མིག་སྔར་མ་ལི་ལན་མངའ་སྡེའི་པ་ཨེར་ཏི་མོའི་ཟམ་ཆེན་གྱི་ཞིག་རོ་གཙང་སེལ་དང་དེ་བཞིན་པ་ཨེར་ཏི་མོ་གྲུ་ཁ་ག་དུས་སྒོ་འབྱེད་མིན་གྱི་དུས་ཚོད་སྔར་བཞིན་གཏན་འཁེལ་བྱེད་ཐེབས་མེད་ཅེས་བརྗོད་པ་རེད། ཨ་རིའི་མ་ལི་ལན་མངའ་སྡེའི་འགོ་འཛིན་ཝེ་སི་མོའར་གྱིས། ཉིན་དེར་མངའ་སྡེ་དེའི་ཟམ་ཆེན་རྡིབ་པ་དེས་ཨ་རིའི་ལས་རིགས་མང་པོ་ཞིག་གི་དཔལ་འབྱོར་ཐད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་རེད། གང་ཡིན་ཟེར་ན་གྲུ་ཁ་དེས་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་དང་ལྕི་བའི་རླངས་འཁོར། ཞིང་ལས་སྒྲིག་ཆས་བཅས་ཨ་རིའི་གྲུ་ཁ་གཞན་དག་གང་ཞིག་ལས་ཀྱང་མང་བ་ཡོད་ཅེས་ཐ་ཚིག་བཏང་ཡོད་པ་རེད།