ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཕ་ལེ་སི་ཐན་སྲིད་གཞུང་གསར་པས་འགན་འཁུར་དམ་འཇོག་བྱས་པ་དང་། དབྱི་སི་རལ་ཙུང་ལིས། ཀ་ཧྲ་ས་ཁུལ་གྱི་ལྷོ་རྒྱུད་ཀྱི་ལ་ཧྥར་དཔུང་འཇུག་བྱ་རྒྱུའི་གྲ་སྒྲིག་བྱས་ཟིན་ཞེས་བརྗོད་པ།

2024-04-01 17:48:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཕ་ལེ་སི་ཐན་གྱི་ཙུང་ལི་མུའུ་ཧན་མུའུ་ཏེ་མུའུ་སི་་ཕས་འགོ་ཁྲིད་པའི་སྐབས་གསར་པའི་ཕ་ལེ་སི་ཐན་སྲིད་གཞུང་གིས་ས་གནས་དེ་གའི་དུས་ཚོད་ཟླ་3ཚེས་31ཉིན་གྱི་དགོང་མོ་ཅོར་ཏན་ཆུ་བོའི་ནུབ་འགྲམ་གྲོང་ཁྱེར་ལ་མུའུཨན་ལར་དངོས་སུ་འགན་ཁུར་དམ་འཇོག་བྱེད་འགོ་ཚུགས་ཡོད།

དབྱི་སི་རལ་ཙུང་ལི་ནྰ་ཐ་ཉི་ཡ་ཧུས་ཉིན་དེའི་དགོང་མོར། དབྱི་སི་རལ་རྒྱལ་སྲུང་དམག་གིས་ཀ་ཧྲ་ལྷོ་རྒྱུད་གྲོང་ཁྱེར་ལ་ཧྥར་དཔུང་འཇུག་བྱ་རྒྱུའི་གྲ་སྒྲིག་བྱས་ཟིན་པ་མ་ཟད། ལ་ཧྥའི་མི་སེར་གནས་སྤོ་བྱ་རྒྱུ་དང་དེ་བཞིན་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་དངོས་རྫས་མཁོ་སྤྲོད་བྱ་རྒྱུའི་གྲ་སྒྲིག་བྱས་ཟིན་ཞེས་བརྗོད་པ་རེད།

དབྱི་སི་རལ་གྱི་མང་ཚོགས་ཁྲི་ཡན་གྱིས་ཚེས་31ཉིན་གྱི་དགོང་མོ་ཅེབ་རུ་ས་ལམ་གྱི་ཙུང་ལིའི་གཞུང་དོན་ཁང་གི་ཉེ་འགྲམ་དུ་རྔམ་སྟོན་ཁྲོམ་སྐོར་བྱས་ནས་དབྱི་སི་རལ་གྱི་ཙུང་ལི་ནྰ་ཐ་ཉི་ཡ་ཧུའུ་འགན་གནས་ནས་དགོང་ཞུ་བྱས་ཏེ་སླར་ཡང་འདེམས་བསྐོ་ཆེ་མོ་བྱ་རྒྱུའི་བླང་བྱ་བཏོན་པ་མ་ཟད། དབྱི་སི་རལ་སྲིད་གཞུང་ནས་ཀ་ཧྲ་གྱི་བཙན་ཉར་བྱས་པའི་མི་སྣ་གློད་འགྲོལ་གཏོང་རྒྱུའི་ཐད་ཕ་ལེ་སི་ཐན་གྱི་དབྱི་སི་ལམ་འགོག་རྒོལ་ལས་འགུལ་ཧ་མ་སིའི་དབར་གྲོས་མཐུན་གང་མགྱོགས་འཇོག་རྒྱུའི་ལྕག་སྐུ་ཡང་བྱས་པ་རེད། རྔམ་སྟོན་ཁྲོམ་སྐོར་སྒྲིག་འཛུགས་བྱེད་མཁན་ཕྱོགས་ཀྱི་གྲངས་གཞིར་གཞིགས་ན། ཉིན་དེའི་དགོང་མོར་རྔམ་སྟོན་ཁྲོམ་སྐོར་བྱེད་མཁན་ཁྲི་10ལས་བརྒལ་བ་དང་། དེ་ནི་རེས་སྐོར་འདིའི་ཕ་ལེ་སི་ཐ་དང་དབྱི་སི་རལ་གྱི་གདོང་ཐུག་ཐོན་ཚུན་ཅེབ་རུ་ས་ལམ་དུ་འཚོགས་པའི་མི་འབོར་མང་ཤོས་ཀྱི་རྔམ་སྟོན་ཁྲོམ་སྐོར་ཞིག་ཡིན་པ་རེད།

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།

中央广播电视总台 央广网 版权所有

ཕ་ལེ་སི་ཐན་སྲིད་གཞུང་གསར་པས་འགན་འཁུར་དམ་འཇོག་བྱས་པ་དང་། དབྱི་སི་རལ་ཙུང་ལིས། ཀ་ཧྲ་ས་ཁུལ་གྱི་ལྷོ་རྒྱུད་ཀྱི་ལ་ཧྥར་དཔུང་འཇུག་བྱ་རྒྱུའི་གྲ་སྒྲིག་བྱས་ཟིན་ཞེས་བརྗོད་པ།

ཉིན་དེའི་དགོང་མོར་རྔམ་སྟོན་ཁྲོམ་སྐོར་བྱེད་མཁན་ཁྲི་10ལས་བརྒལ་བ་དང་། དེ་ནི་རེས་སྐོར་འདིའི་ཕ་ལེ་སི་ཐ་དང་དབྱི་སི་རལ་གྱི་གདོང་ཐུག་ཐོན་ཚུན་ཅེབ་རུ་ས་ལམ་དུ་འཚོགས་པའི་མི་འབོར་མང་ཤོས་ཀྱི་རྔམ་སྟོན་ཁྲོམ་སྐོར་ཞིག་ཡིན་པ་རེད།