ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨུ་རུ་སུས་མོ་སི་ཁོའི་མངའ་སྡེའི་རོལ་དབྱངས་ཚོམས་ཆེན་གྱི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་དེ་ཡུག་རེན་གྱིས་ཇུས་འགོད་བྱས་པ་ཞིག་རེད་ཅེས་བརྗོད་པ།

2024-04-01 17:46:00     责编:娜科
     འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།  ཉེ་ཆར་ཨུ་རུ་སུའི་དམག་དཔུང་གིས་ཡུག་རེན་གྱི་ནུས་རྒྱུའི་སྒྲིག་བཀོད་ལ་མཁའ་ཐོག་འཇབ་རྒོལ་བྱེད་ཤུགས་ཆེ་རུ་བཏང་ཡོད། ཨུ་རུ་སུའི་རྒྱལ་སྲུང་པུས་ཟླ་3ཚེས་31ཉིན་བརྡ་ཁྱབ་བཏང་ནས་ཨུ་རུ་སུའི་མཁའ་དམག་གིས་ཞིབ་ཚད་མཐོ་བའི་རྒྱང་ཁྲིད་བར་སྣང་མཚོན་ཆ་དང་མི་མེད་གནམ་གྲུས་ཡུག་རེན་གྱི་ནུས་རྒྱུའི་རྨང་གཞིའི་སྒྲིག་བཀོད་ལ་གཅིག་སྡུད་ཐོག་རྡུང་རྡེག་བཏང་ཡོད་ཅེས་བཤད་པ་རེད། ཡུག་རེན་ནུས་རྒྱུ་པུས་ཟླ་3ཚེས་31ཉིན་གནས་ཚུལ་སྤེལ་ནས། ཏི་ཉེ་པོ་རོ་པི་ཏེ་ལུའོ་ཕུའུ་སི་ཁེ་མངའ་སྡེ་དང་། སུའུ་མེ་མངའ་སྡེ། པོར་ཐ་ཝ་མངའ་སྡེ། ཏུན་ཉེ་ཚེ་ཁེ་ས་ཁུལ་བཅས་སུ་ཚེས་30ཉིན་གྱི་དགོང་མོ་ཛ་དྲགངང་གློག་གཏོང་མཚམས་བཞག་པ་དང་ཧར་ཁོ་ཕུའུ་མངའ་སྡེས་མུ་མཐུད་དེ་རེས་མོས་ངང་གློག་གཏོང་མཚམས་འཇོག་རྒྱུ་ལག་ལེན་བསྟར་བཞིན་ཡོད་ཅེས་བཤད་པ་རེད།

ཟླ་3ཚེས་31ཉིན་ཨུ་རུ་སུའི་ཕྱི་འབྲེལ་པུས་བརྟག་དཔྱད་བྱས་པ་བརྒྱུད། མོ་སི་ཁོའི་རོལ་དབྱངས་ཚོམས་ཆེན་གྱི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ནི་ཡུག་རེན་སྲིད་གཞུང་གིས་ཇུས་འགོད་བྱས་པ་ཞིག་ཡིན་པ་ཤེས་རྟོགས་བྱུང་བ་དང་དེའི་གོང་ཡུག་རེན་སྲིད་གཞུང་གིས་ཁེ་ལི་མི་ཡའི་ཟམ་ཆེན་འབར་གས་དང་ཧྲེང་པི་ཏེ་པའོ་ཝ་ཞི་གླིང་ཕྲན་གྱི་ཀོག་ཧྥེ་ཁང་གི་འབར་གས་ཚུད་པའི་འཇིགས་སྐུལ་གྱི་བྱེད་སྒོ་མང་པོ་ཞིག་ཇུས་འགོད་བྱས་ཡོད་ཅེས་བཤད་པ་རེད། ཨུ་རུ་སུས་ཡུག་རེན་སྲིད་གཞུང་གིས་འཇིགས་སྐུལ་བྱེད་སྤྱོད་ལ་རྒྱབ་སྐྱོར་བྱེད་མཚམས་འཕྲལ་མར་འཇོག་དགོས་པ་མ་ཟད། འཇིགས་སྐུལ་བྱ་སྤྱོད་ཁྲོད་གནོད་འཚེ་ཕོག་མཁན་ལ་གྱོང་གུན་བཟོས་པར་སྐྱིན་ཚབ་འཇལ་དགོས་པའི་བླང་བྱ་བཏོན་ཡོད། ཉིན་དེར་ཡུག་རེན་རྒྱལ་ཁབ་བདེ་འཇགས་ཅུས་ཀྱིས་གསལ་བསྒྲགས་སྤེལ་ནས། ཨུ་རུ་སུའི་ཕྱི་འབྲེལ་པུས་ཡུག་རེནམོ་སི་ཁོའི་རོལ་དབྱངས་ཚོམས་ཆེན་གྱི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ནང་ཞུགས་པར་དཔང་རྟགས་གང་ཡང་མཁོ་འདོན་བྱ་རྒྱུ་མེད་ཅེས་བཤད་པ་རེད།

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།

中央广播电视总台 央广网 版权所有

ཨུ་རུ་སུས་མོ་སི་ཁོའི་མངའ་སྡེའི་རོལ་དབྱངས་ཚོམས་ཆེན་གྱི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་དེ་ཡུག་རེན་གྱིས་ཇུས་འགོད་བྱས་པ་ཞིག་རེད་ཅེས་བརྗོད་པ།

ཨུ་རུ་སུའི་ཕྱི་འབྲེལ་པུས་ཡུག་རེན་མོ་སི་ཁོའི་རོལ་དབྱངས་ཚོམས་ཆེན་གྱི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ནང་ཞུགས་པར་དཔང་རྟགས་གང་ཡང་མཁོ་འདོན་བྱ་རྒྱུ་མེད་ཅེས་བཤད་པ་རེད