ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཀ་ཧྲ་རྒྱུད་ཀྱི་སློབ་གསོ་སྡེ་ཚན་གྱིས་ཐེངས་འདིའི་ཕ་ལི་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་གིས་ཁྱོན་སློབ་མ་4000ལྷག་རྐྱེན་ལམ་དུ་བཏང་ཡོད་ཅེས་བཤད་པ།

2023-12-29 10:13:00     责编:桑吉卓玛

དབྱི་སི་རལ་དམག་གི་དྲག་ཇུས་དམག་དཔོན་གྱིས་ཀ་ཧྲ་ལ་མཁའ་ཐོག་ནས་འཇབ་རྒོལ་བྱས་པ་གནད་ལ་འཕིགས་པ་དང་དམིགས་ཡུལ་ཡོད་པ་ཞིག་ཡིན་ཞེས་བཤད་པ་དང་། ཀ་ཧྲ་རྒྱུད་ཀྱི་སློབ་གསོ་སྡེ་ཚན་གྱིས་ཐེངས་འདིའི་ཕ་ལི་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་གིས་ཁྱོན་སློབ་མ་4000ལྷག་རྐྱེན་ལམ་དུ་བཏང་ཡོད་ཅེས་བཤད་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། དབྱི་སི་རལ་རྒྱལ་སྲུང་དམག་གིས་སྤྱི་ཟླ་12པའི་ཚེས་27ཉིན། འདས་པའི་ཉིན་གཅིག་གི་ནང་ཀ་ཧྲ་རྒྱུད་དུ་ཕ་ལི་སི་ཐན་དབྱི་སི་རལ་འགོག་རྒོལ་ལས་འགུལ་ཧ་མ་སིའི་དམག་དོན་དམིགས་འབེན་200ཙམ་ལ་རྡུང་རྡེག་བཏང་ཡོད་ཅེས་བཤད་ཡོད།

དབྱི་སི་རལ་དམག་གིས་རྫས་མདེལ་བེད་སྤྱད་དེ་ཀ་ཧྲ་བྱང་རྒྱུད་ཀྱི་ལན་ཏི་ཞི་སྨན་ཁང་དང་ཉེ་འགྲམ་གྱི་སློབ་གྲྭ་ཞིག་གི་ས་འོག་དང་ཉེ་འགྲམ་གྱི་སྤྱི་ལེ་འགའ་ཟིན་པའི་ཕུག་ལམ་གསུམ་གྱི་དྲ་རྒྱ་གཏོར་ཡོད་ཅེས་བཤད་པ་རེད།

དབྱི་སི་རལ་མཁའ་དམག་གི་དྲག་ཇུས་དཔོན་ཏི་ཧྲེ་ལེས་སྤྱི་ཚེས་27ཉིན། དབྱི་སི་རལ་དམག་གིས་ཀ་ཧྲ་རྒྱུད་དུ་སྤེལ་བའི་མཁའ་ཐོག་འཇབ་རྒོལ་ལ་དབྱེ་བ་མེད་ཅེས་པའི་བརྗོད་སྟངས་དེར་ལན་ཆ་བྱེད་སྐབས། དབྱི་སི་རལ་དམག་གིས་ཀ་ཧྲ་རྒྱུད་དུ་སྤེལ་བའི་མཁའ་ཐོག་གི་འཇབ་རྒོལ་ནི་གནད་ལ་འཕིགས་པ་དང་དམིགས་ཡུལ་ཡོད་པ་ཞིག་ཡིན་ཞིང་། མི་སེར་ཆེས་ཉུང་བའི་ས་ཁོངས་སུ་རྡུང་རྡེག་གཏོང་གི་ཡོད་ཅེས་བཤད་ཡོད།

ཀ་ཧྲ་རྒྱུད་ཀྱི་འཕྲོད་བསྟེན་སྡེ་ཚན་གྱིས་སྤྱི་ཚེས་27ཉིན། དབྱི་སི་རལ་དམག་གིས་དེ་ཉིན་ཀ་ཧྲ་ལྷོ་རྒྱུད་ཀྱི་གྲོང་ཁྱེར་ཧན་ཡོའུ་ཉི་སིའི་ཨ་མའར་སྨན་ཁང་ཉེ་འགྲམ་དུ་འཇབ་རྒོལ་བྱས་པ་དང་། ཀ་ཧྲ་ཡི་ཡུལ་གྱར་བ་གནས་པའི་སྡོད་གནས་ཤིག་འབར་གཏོར་བཏང་ཞིང་། ཁྱོན་ཕ་ལི་སི་ཐན་བ་20རྐྱེན་ལམ་དུ་བཏང་བ་དང་མི་མང་པོར་རྨས་སྐྱོན་བཟོས་ཡོད་ཅེས་བཤད་ཡོད། ཀ་ཧྲ་རྒྱུད་ཀྱི་སློབ་གསོ་སྡེ་ཚན་གྱིས་སྤྱི་ཚེས་27ཉིན། ཐེངས་འདིའི་ཕ་ལི་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་གིས་ཁྱོན་སློབ་མ་4037དང་སློབ་གསོའི་ལས་དོན་པ་209རྐྱེན་ལམ་དུ་བཏང་ཡོད་ཅེས་བཤད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

ཨ་རིས་ཤིན་ཅང་གི་ཐད་གང་བྱུང་སྐྱོན་འཛུགས་བྱེད་པའི་ཐད།

ཨ་རིའི་རྒྱལ་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཧ་ཅང་མང་པོ་ཡོད་པ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ལའང་ཉེས་སྤྱོད་གྲངས་མེད་བཟོས་ཡོད།

中央广播电视总台 央广网 版权所有

ཀ་ཧྲ་རྒྱུད་ཀྱི་སློབ་གསོ་སྡེ་ཚན་གྱིས་ཐེངས་འདིའི་ཕ་ལི་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་གིས་ཁྱོན་སློབ་མ་4000ལྷག་རྐྱེན་ལམ་དུ་བཏང་ཡོད་ཅེས་བཤད་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། དབྱི་སི་རལ་རྒྱལ་སྲུང་དམག་གིས་སྤྱི་ཟླ་12པའི་ཚེས་27ཉིན། འདས་པའི་ཉིན་གཅིག་གི་ནང་ཀ་ཧྲ་རྒྱུད་དུ་ཕ་ལི་སི་ཐན་དབྱི་སི་རལ་འགོག་རྒོལ་ལས་འགུལ་ཧ་མ་སིའི་དམག་དོན་དམིགས་འབེན་