ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཁོང་ཚོར་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་ཀྱི་གོ་ལ་ཧྲིལ་པོའི་འགྲེམས་སྤེལ་ཐོག་མ་ལས་གོ་སྐབས་གང་དག་ཐོབ་ཡོད།

2023-11-09 16:52:00     责编:桑吉卓玛

རང་འགུལ་ཀོག་ཧྥེའི་འཕྲུལ་ཆས་དང་རང་འགུལ་འཁོར་གཏོང་སྒྲིག་ཆས་མཉམ་འདྲེས་བྱས་པའི་དབྱི་ཐ་ལིའི་མི་མེད་ཀོག་ཧྥེའི་རླངས་འཁོར་དང་། འབོལ་ཁྲི་དང་ཤེལ་ཡོལ་ཕྲལ་བཤིག་བྱེད་མི་དགོས་པར་འཕྲལ་མར་གཙང་འཁྲུད་དང་སྐམ་དུ་འཇུག་ཐུབ་པའི་འཇར་མན་གྱི་ཁ་ཧོ་གད་བདར་ཐོན་རྫས། དེ་བཞིན་ཏུའུ་360སྐོར་རྒྱག་ཐུབ་པ་དང་ཏུའུ་180འཁྱོག་ཐུབ་པའི་ཨོའུ་ལའེ་ཡའི་རིམ་འདས་གནད་འཁེལ་རིག་ནུས་མཛེས་འཆོས་དཔྱད་ཆས་སོགས། ད་ལྟ་སྐོང་འཚོགས་བྱེད་བཞིན་པའི་སྐབས་དྲུག་པའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་ཐོག་གསར་གཏོད་ཐོན་རྫས་འབོར་ཆེན་འགྲེམས་སྟོན་བྱས་ཡོད་ལ། གྲངས་གཞིའི་རིག་ནུས་དང་སྦགས་མེད་འཕེལ་རྒྱས་སོགས་ཀྱི་རྩེར་སོན་ཚན་རྩལ་གཅིག་སྡུད་ཐོག་མིག་གི་སྟོན་མོར་བཤམས་ཡོད།

སྐབས་འདིའི་འགྲེམས་ཚོགས་ཐོག་མཚོན་བྱེད་རང་བཞིན་གྱི་ཐོན་རྫས་གསར་པ་དང་། ལག་རྩལ་གསར་པ། ཞབས་ཞུ་གསར་པ་བཅས་ཁག་442གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ཡོད། དེའི་གོང་གི་འགྲེམས་ཚོགས་སྐབས་ལྔར་རིམ་རྩིས་བྱས་ན་མཚོན་བྱེད་རང་བཞིན་གྱི་ཐོན་རྫས་གསར་པ་དང་། ལག་རྩལ་གསར་པ། དེ་བཞིན་ཞབས་ཞུ་གསར་པ་བཅས་ཁག་2000ཙམ་འགྲེམས་སྤེལ་བྱས་ཡོད་ཅིང་། ལོ་རེ་ནས་ལོ་རེ་བཞིན“གོ་ལ་ཧྲིལ་པོར་འགྲེམས་སྤེལ་ཐོག་མ་དང་། ཨ་ཤེ་ཡར་འགྲེམས་སྟོན་ཐོག་མ། དེ་བཞིན་ཀྲུང་གོར་འགྲེམས་སྟོན་ཐོག་མ”བཅས་གང་མང་ཞིག་བློ་བརྟན་འགྱུར་མེད་ངང་དངོས་མང་སྟོན་ཚོགས་ནང་ཞུགས་དོན་ཅི་ཡིན་ནམ།

འཛམ་གླིང་ཐོག་ནང་འདྲེན་བྱ་རྒྱུ་བརྗོད་དོན་གཙོ་བོར་བྱེད་པའི་རྒྱལ་ཁབ་རིམ་པའི་འགྲེམས་ཚོགས་ཐོག་མ་ཡིན་པའི་ངོས་ནས། འགྲེམས་ཚོགས་དེ“གསེར་གྱི་མིང་བྱང་”ལྟ་བུར་གྱུར་ནས་ཀྲུང་གོ་དང་རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་གསར་གཏོད་འཕར་སྣོན་གྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་པའི་སྟེགས་བུ་སྤུས་ལེགས་ཤིག་ཏུ་གྱུར་ཡོད། དཔེར་ན། ཨ་རིའི་པོ་ཧྲི་ཏུན་ཚན་རིག་ཀུང་སིས་ད་ཐེངས་གོ་ལ་ཧྲིལ་པོར་ཨ་རིའི་FDAཡིས་ཆོག་མཆན་སྤྲད་པའི“ཕོ་བའི་ནང་གི་ལྒང་ལིང”ཞེས་པ་སྟེ་གཟུགས་པོའི་ལྗིད་ཚད་ལ་དོ་དམ་བྱེད་པའི་ཐོན་རྫས་ཐོག་མ་འགྲེམས་སྟོན་བྱས་པ་ལྟ་བུ། དེའི་གོང་ཀུང་སི་དེས་འགྲེམས་ཚོགས་ཐོག་ཐེངས་དང་པོར་འགྲེམས་སྟོན་བྱས་པའི་ཐོན་རྫས་གསར་པ་གང་མང་ཞིག་ཀྲུང་གོའི་ཁྲོམ་རར་བཏོན་པར་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད། པོ་ཧྲི་ཏུན་ཚན་རིག་ཀྲུང་གོའི་ཁུལ་གྱི་སྤྱི་འདོམས་གཞོན་པ་ཏ་པའོ་ཡིས། ཀུང་སི་དེས་འགྲེམས་ཚོགས་དེ་སྨན་བཅོས་ཚན་རྩལ་རྩེར་སོན་ཅན་ཐེངས་དང་པོར་འགྲེམས་སྤེལ་དང་འགྲེམས་སྟོན་བྱེད་པའི་སྟེགས་བུར་བདམས་པའི་ཡིད་ཆེས་བརྟན་དུ་ཕྱིན་ཡོད་ཅེས་གསུངས་པ་རེད།

ཀྲུང་གོར་མི་འབོར་དུང་ཕྱུར་14ལྷག་ཙམ་ཡོད་པའི་ནང་ཡོང་འབབ་འབྲིང་གྲས་ཚོགས་སྤྱི་དུང་ཕྱུར་4ལྷག་ཙམ་ཚུད་ཡོད་པ་དང་། དེའི་ཐོག་ནས་གོ་ལ་ཧྲིལ་པོའི་ལག་རྩལ་གསར་པ་དང་ཐོན་རྫས་གསར་པར་ཚོད་ལྟ་བྱ་ཡུལ་དང་གཏོང་འཇོག་བྱ་ཡུལ་ཧ་ཅང་ཆེན་པོ་ཞིག་མཁོ་འདོན་བྱས་པ་མཚོན་གྱི་ཡོད། འགྲེམས་ཚོགས་ཐོག་གསར་གཏོད་བློ་གྲོས་ཀྱིས་ཁེངས་པ་དང་འཚོ་བ་དེ་བས་ཡག་ཏུ་གཏོང་ཐུབ་པའི་ཐོན་རྫས་ཀྱིས་ཀྲུང་གོའི་འཛད་སྤྱོད་པའི་དགོས་མཁོ་ཆེས་ཆེར་བསྐངས་བས། གསར་གཏོད་ཆེད་མ་དངུལ་གཏོང་འདོད་ཡོད་པའི་ཀྲུང་གོ་བ་མང་པོ་ཡོད།

ལྷག་པར་དུ་རླངས་འཁོར་དང་སྨན་རྫས་སོགས་འཛད་སྤྱོད་ཁྱབ་ཁོངས་སུ་རྒྱལ་ཁོངས་ལས་བརྒལ་བའི་ཁེ་ལས་ཀྱིས་མུ་མཐུད་དེ་མ་འཇོག་དང་བཀོད་སྒྲིག་བྱེད་རྒྱ་ཧ་ཅང་ཆེན་པོ་ལྡན་ཡོད།
དེ་དང་ཆབས་ཅིག་ཀྲུང་གོའི་གསར་སྐྲུན་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལ་གྲུབ་འབྲས་ཐོབ་པ་དེས། ཕྱི་རྒྱལ་གྱི་ཚོང་པར་གསར་གཏོད་ཀྱི་གཤིན་ས་མཁོ་འདོན་བྱས་ཡོད། ཉེ་བའི་ལོ་ཤས་རིང་གོ་ལ་ཧྲིལ་པོའི་གསར་གཏོད་སྟོན་གྲངས་ཀྱི་བང་གྲལ་ཐོག་ཀྲུང་གོའི་ཨང་རིམ་འཕར་མགྱོགས་སུ་ཕྱིན་ཡོད། ད་ལོའི་སྤྱི་ཟླ་9པར་འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུགས་ཀྱིས་སྙན་ཞུ་ཁྱབ་བསྒྲགས་བྱས་པའི་ནང་། ལོ་འཁོར་དེའི་བང་གྲལ་ནང་ཀྲུང་གོ་ཨང་12པར་སླེབས་པ་དང་། ཨང་དང་པོ་ནས་ཨང་30པའི་བར་གྱི་འབྲིང་རིམ་ཡོང་འབབ་དཔལ་འབྱོར་དངོས་ཚན་གཅིག་པུ་དེ་ཡིན་པ་རེད། ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད“ཁབ་ལེན་བསྡུ་ལེན་ནུས་པ”ཟམ་མི་ཆད་པར་ཐོན་པ་དང་། འགྲེམས་ཞུགས་ཚོང་པ་མང་པོ་ཞིག་གིས་ཞིབ་འཇུག་གསར་སྤེལ་ལྟེ་གནས་ཀྲུང་གོར་གཞིས་ཆགས་རྒྱུར་གདམ་ག་བྱེད་ཀྱི་ཡོད། གད་བདར་སྒྲིག་ཆས་མཁོ་འདོན་བྱེད་མཁན་ཚོང་དུད་འཇར་མན་གྱི་ཁ་ཧོར་དཔེར་བཞག་ནས་བཤད་ན། ཀུང་སི་དེ་ལོ་དྲུག་བསྟུད་མར་འགྲེམས་ཚོགས་སུ་ཞུགས་པ་མ་ཟད། ལོ་ལྟར་གོ་ལ་ཧྲིལ་པོར་ཐོན་རྫས་གསར་པ་འགྲེམས་སྤེལ་བྱེད་ཀྱི་ཡོད་པ་རེད།

ཁ་ཧོ་ཀྲུང་ཧྭ་ཆེ་མོའི་ཁུལ་གྱི་སྤྱི་འདོམས་ཐང་ཞའོ་ཏུང་གིས《རྒྱལ་སྤྱིའི་རྣོ་ངར་དཔྱད་བརྗོད》ལ་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོ་ཁ་ཧོ་ཡིས་གོ་ལ་ཧྲིལ་པོའི་ཞིབ་འཇུག་གསར་སྤེལ་ལྟེ་གནས་སུའུ་ཀྲོའུ་རུ་བཙུགས་པ་དེ་ནི་འཇར་མན་ཕུད་པའི་ཕྱི་རྒྱལ་གྱི་ཞིབ་འཇུག་གསར་སྤེལ་རྟེན་གཞི་ཆེ་ཤོས་དེ་ཡིན་པ་རེད།

ཀྲུང་གོ་ཤེས་རྟོགས་དང་ཀྲུང་གོར་གཞི་ཚུགས་པ་བྱེད་པར། ཁ་ཧོ་ལྟ་བུའི་ཀུང་སི་ད་དུང་མང་པོ་ཡོད། ཁོང་ཚོར་གྲུབ་འབྲས་ཐོབ་པ་ལས་ཀྲུང་གོ་ནི་གསར་གཏོད་ཀྱི་ས་གཞི་ཆེ་མོ་ཞིག་ཡིན་ལ་སྒོ་དབྱེའི་མཐོ་ས་ཞིག་ཀྱང་ཡིན་པ་གསལ་བཤད་གང་ལེགས་ཐུབ་ཡོད།
སྐབས་དྲུག་པའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་དེ་ཀྲུང་གོར་བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་45འཁོར་བ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ནས་ལོ་བཅུ་འཁོར་བ་དང་ཏག་ཏག་འཁེལ་ཡོད། མི་རིང་བའི་གོང་། སྐབས་གསུམ་པའི“རྒྱུད་གཅིག་ལམ་གཅིག”་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་པེ་ཅིང་དུ་ཐུགས་གྲ་ལེགས་སྒྲིག་ངང་སྐོང་འཚོགས་བྱས་ཡོད་ཅིང་། ཀྲུང་གོ་ཕྱོགས་ཀྱིས་སྤུས་ཚད་མཐོ་པོའི་སྒོ་ནས་“རྒྱུད་གཅིག་ལམ་གཅིག”མཉམ་དུ་སྐྲུན་པའི་བྱ་སྤྱོད་ཁག་བརྒྱད་བཏོན་པའི་ནང་། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ་ཚུད་ཡོད།

སྐབས་དྲུག་པའི་ཧུང་ཆའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཀྱིས་ཁྱབ་བསྒྲགས་བྱས་པའི《2023ལོའི་འཛམ་གླིང་སྒོ་དབྱེའི་སྙན་ཞུ་》ཞེས་པའི་ནང་། 2022ལོའི་འཛམ་གླིང་སྒོ་དབྱེའི་སྟོན་གྲངས་0.7542ཟིན་པ་དེ་དུས་མཚུངས་ལས་0.4%ཆག་པ་དང་2008ལོ་ཚུན་གྱི་ཆག་པའི་རྣམ་པ་རྒྱུན་འཁྱོངས་བྱས་པ་དང་། འོན་ཀྱང་། 2008ལོ་ནས་2022ལོའི་བར་གྱི་ཀྲུང་གོའི་སྒོ་དབྱེའི་སྟོན་གྲངས་0.689ནས་0.7517བར་འཕར་ཡོད། ཨ་རིའི་ཐའོ་ཧྲི་ཀུང་སིའི་འགྲེམས་ཞུགས་འགན་འཁུར་བས། ང་ཚོས་ཟླ་བ་18རེར་ཀྲུང་གོར་བཟོ་གྲྭའི་ལམ་ཐིག་གསར་པ་ཞིག་བསྐྲུན་པ་ནི་ཀྲུང་གོར་བཅངས་པའི་ཡིད་ཆེས་ཀྱི་མཚོན་ཚུལ་ཞིག་ཡིན་ཞེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་འཕྲིན་ལམ།

འཛམ་གླིང་སྐར་ཁུངས།

▶དབྱི་སི་རལ་གྱིས་འདི་ལྟར་མ་བྱས་ན་དམག་མཚམས་འཇོག་རྒྱུ་མིན་ཞེས་་་

སྤྱི་ཚེས་1ཉིན། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་ནས་ཀ་ཧྲ་ས་ཁུལ་གྱི་བྱིས་པ་དང་དེའི་ཁྱིམ་ཚང་སྐྱི་གཡའ་བའི་གནས་སུ་གྱར་ཡོད་ཅེས་བསྟན་པ་དང་།

中央广播电视总台 央广网 版权所有

ཁོང་ཚོར་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་ཀྱི་གོ་ལ་ཧྲིལ་པོའི་འགྲེམས་སྤེལ་ཐོག་མ་ལས་གོ་སྐབས་གང་དག་ཐོབ་ཡོད།

རང་འགུལ་ཀོག་ཧྥེའི་འཕྲུལ་ཆས་དང་རང་འགུལ་འཁོར་གཏོང་སྒྲིག་ཆས་མཉམ་འདྲེས་བྱས་པའི་དབྱི་ཐ་ལིའི་མི་མེད་ཀོག་ཧྥེའི་རླངས་འཁོར་དང་། འབོལ་ཁྲི་དང་ཤེལ་ཡོལ་ཕྲལ་བཤིག་བྱེད་མི་དགོས་པར་འཕྲལ་མར་གཙང་འཁྲུད་དང་སྐམ་དུ་