ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཀ་ཧྲའི་ས་ཆ་མང་པོར་མུ་མཐུད་དུ་དབྱི་སི་རལ་དམག་གིས་འབར་མདེལ་དབྱུགས་པ་དང་རྒྱལ་ཁབ་མང་པོས་དབྱི་སི་རལ་དམག་གིས་ཅོར་ཏན་ཆུ་བོའི་ནུབ་འགྲམ་དུ་ཕྱི་འབྲེལ་གཞུང་ཚབ་ཚོགས་པར་མེ་མདའ་བརྒྱབ་པར་སྐྱོན་བརྗོད་བྱས་པ།

2025-05-22 09:48:00     责编:娜科
 འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་ཚེས་21ཉིན་གསལ་བསྒྲགས་སྤེལ་ནས་བཤད་པར། དབྱི་སི་རལ་དམག་དཔུང་གིས་ཀ་ཧྲ་ས་ཁུལ་གྱི་དྲག་ཆས་རྩ་འཛུགས་ལ་མུ་མཐུད་རྡུང་རྡེག་བཏང་ཡོད་པ་དང་། འདས་ཟིན་པའི་ཉིན་གཅིག་ནང་། དབྱི་སི་རལ་མཁའ་དམག་གིས་ཀ་ཧྲ་ས་ཁུལ་གྱི་དམིགས་འབེན་115ཡན་ལ་འཇབ་རྒོལ་བྱས་པ་དེའི་ནང་དྲག་ཆས་རྩ་འཛུགས་དང་། འཕེན་གཏོང་སྒྲིག་ཆས། དམག་དོན་སྒྲིག་བཀོད། ཕུག་ལམ་བཅས་དང་། དེ་བཞིན་འབྲེལ་ཡོད་རྨང་གཞིའི་སྒྲིག་བཀོད་གཞན་དག་སོགས་ཚུད་ཡོད་པ་རེད།

 ཕ་ལེ་སི་ཐན་ཀ་ཧྲ་ས་ཁུལ་འཕྲོད་བསྟེན་སྡེ་ཚན་གྱིས་ཚེས་21ཉིན་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན། ཟླ་3ཚེས་18ཉིན་ནས་བཟུང་དབྱི་སི་རལ་ཕྱོགས་ཀྱིས་ཀ་ཧྲ་ས་ཁུལ་གྱི་ས་ཆ་མང་པོར་འཇབ་རྒོལ་བྱས་པས་ཉུང་མཐའ་ཡང་མི་3509རྐྱེན་ལམ་དུ་ཤོར་ཞིང་མི་9909རྨས་ཡོད་པ་རེད།

ཕ་ལེ་སི་ཐན་གྱི་ཕྱི་འབྲེལ་དང་ཕྱིར་སྡོད་རང་མིའི་པུའུ་ཡིས་ཚེས་21ཉིན། པུའུ་དེས་ཕྱི་འབྲེལ་གཞུང་ཚབ་ཚོགས་པ་སྒྲིག་འཛུགས་བྱས་ཏེ་ཅོར་ཏན་ཆུ་བོའི་ནུབ་ངོགས་ཀྱི་བྱང་རྒྱུད་གྲོང་ཁྱེར་ཅེ་ཉིང་དུ་ཡུལ་དངོས་རྟོག་ཞིབ་བྱེད་རིང་། དབྱི་སི་རལ་གྱི་དམག་དཔུང་གིས་ཅེ་ཉིང་གི་ཡུལ་གྱལ་བའི་སྒར་ས་ནས་ཕྱི་འབྲེལ་གཞུང་ཚབ་ཚོགས་པའི་ཕྱོགས་སུ་མེ་མདའ་དྲག་པོ་བརྒྱབ་སྟེ། དེ་གར་ཡོད་པའི་མི་སྣར་འཇིགས་སྣང་སྐུལ་ཐབས་བྱས་ཡོད་ཅེས་བཤད་ཡོད།

དབྱི་སི་རལ་རྒྱལ་སྲུང་དམག་གིས་དེའི་ཐད་འཐུས་མི་ཚོགས་པ་སྐབས་དེར་ཆོག་མཆན་ཐོབ་པའི་མདུན་སྐྱོད་ལམ་ཐིག་ལས་ཕྱོགས་འཛོལ་བྱུང་བ་དང་། ས་ཁོངས་དེར་བཅའ་སྡོད་བྱས་པའི་དབྱི་སི་རལ་དམག་དཔུང་གི་དམག་མིས་འཕྲལ་མར་མེ་མདའ་འཕངས་ནས་ཉེན་བརྡ་བཏང་བ་རེད། མིག་སྔར་མི་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུན་ཐེབས་པའི་སྙན་ཞུ་འབྱོར་མེད་ཅེས་བཤད་ཡོད་པ་དང་།  དབྱི་སི་རལ་དམག་དཔུང་གིས་དོན་རྐྱེན་དེར་བརྟག་དཔྱད་རགས་ཙམ་བྱས་པའི་འབྲས་བུའི་སྐོར་འཐུས་མི་ཚོགས་པའི་ཁོངས་མི་དང་འབྲེལ་གཏུག་བྱས་པ་མ་ཟད་དགོངས་དག་ཀྱང་ཞུས་ཡོད་ཅེས་བརྗོད་ཡོད།

དབྱི་སི་རལ་ཕྱོགས་ཀྱིས་ཕྱི་འབྲེལ་གཞུང་ཚབ་ཚོགས་པར་མེ་མདའ་བརྒྱབ་པའི་བྱ་སྤྱོད་ཐད་ཕྱོགས་མང་པོས་སྐྱོན་བརྗོད་བྱས་ཡོད། ཡོ་རོབ་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་ཚབ་ཁ་ལ་སིས་དབྱི་སི་རལ་གྱིས་བརྟག་དཔྱད་བྱས་ཏེ་འགན་འཁུར་མི་སྣ་རྩད་གཅོད་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

 ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཀྲང་པ་ལོ་ཡིས་ཚེས་21ཉིན་དབྱི་སི་རལ་གྱི་དམག་དཔུང་གིས་ཕྱི་འབྲེལ་འཐུས་མི་ཚོགས་པར་མེ་མདའ་བརྒྱབ་པ་ནི་"དང་ལེན་བྱེད་ཐབས་བྲལ་བའི་"བྱ་སྤྱོད་ཅིག་ཡིན་ཞེས་དང་། ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཡིས་ཧྥ་རན་སིར་བཅའ་སྡོད་དབྱི་སི་རལ་གྱི་གཞུང་ཚབ་ཆེན་མོར་ཐུག་འཕྲད་བྱས་ནས་དོན་དེར་འགྲེལ་བཤད་རྒྱག་དགོས་པའི་བླང་བྱ་འདོན་རྒྱུ་ཡིན་ཞེས་བཤད་ཡོད། ཧྥ་རན་སི་ཕུད། དབྱི་ཐ་ལི་དང་ཕོར་ཐིའུ་ཀལ་སོགས་རྒྱལ་ཁབ་ཀྱིས་ཀྱང་དོན་དེའི་ཐད་དབྱི་སི་རལ་གྱི་རྒྱལ་ཁབ་དེ་དག་ལ་བཅའ་སྡོད་བྱས་པའི་གཞུང་ཚབ་ཆེན་མོ་དང་ཐུག་འཕྲད་བྱས་ཡོད།

ཡིག་སྒྱུར། བདེ་ལྷ་མོ།

ཞུ་དག སྒྲོལ་མ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

རྒྱ་གར་ནས་ཕ་ཁི་སི་ཐན་དམག་དང་མེ་མདའ་རྒྱག་རེས་བྱས་ཡོད་ཅེས་བཤད་པ།

དེ་ཡང་། རྒྱ་གར་གྱིས་ཚོད་འཛིན་བྱས་པའི་ཀ་ཤི་སྨིར་ས་ཁུལ་དུ་ཚེས་22ཉིན་མེ་མདའ་བརྒྱབ་པའི་དོན་རྐྱེན་ཐོན་པ་སྟེ། དྲག་ཆས་མི་སྣ་3གྱིས་ཡུལ་སྐོར་བར་ཕྱོགས་ནས་མེ་མདའ་བརྒྱབ་པས།

中央广播电视总台 央广网 版权所有

ཀ་ཧྲའི་ས་ཆ་མང་པོར་མུ་མཐུད་དུ་དབྱི་སི་རལ་དམག་གིས་འབར་མདེལ་དབྱུགས་པ་དང་རྒྱལ་ཁབ་མང་པོས་དབྱི་སི་རལ་དམག་གིས་ཅོར་ཏན་ཆུ་བོའི་ནུབ་འགྲམ་དུ་ཕྱི་འབྲེལ་གཞུང་ཚབ་ཚོགས་པར་མེ་མདའ་བརྒྱབ་པར་སྐྱོན་བརྗོད་བྱས་པ།

ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཀྲང་པ་ལོ་ཡིས་ཚེས་21ཉིན་དབྱི་སི་རལ་གྱི་དམག་དཔུང་གིས་ཕྱི་འབྲེལ་འཐུས་མི་ཚོགས་པར་མེ་མདའ་བརྒྱབ་པ་ནི་