ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཏིང་ཞུའེ་ཞང་གིས་པེ་ཅིང་དང་ཧོ་པེ་ལ་བརྟག་ཞིབ་གནང་བ་མ་ཟད་བཞུགས་མོལ་ཚོགས་འདུ་སྐོང་འཚོགས་གནང་བ།

2024-04-02 11:11:00     责编:娜科
 འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།          སྤྱི་ཟླ་༣པའི་ཚེས་༣༠ཉིན་ནས་ཚེས་༣༡ཉིན་བར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་གིས་པེ་ཅིང་ཧྥེང་ཧྲན་དང་ཧོ་པེ་ཀྲུའོ་ཀྲོའུ་རུ་བརྟག་ཞིབ་གནང་བ་མ་ཟད།  ཀྲུའོ་ཀྲོའུ་རུ་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཡོད།  ཏིང་ཞུའེ་ཞང་གིས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་།  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ།  རྒྱལ་བུན་མང་གཏོང་གི་རྣམ་གྲངས་ལག་བསྟར་ལ་གོ་རིམ་ཡོད་པའི་སྒོ་ནས་སྐུལ་འདེད་ཏན་ཏིག་གཏོང་བ།  མ་དངུལ་བེད་སྤྱོད་ལ་ལྟ་འདོམས་བྱེད་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས།  ལས་གྲྭ་ཁག་དམངས་སེམས་ཀྱི་ལས་གཞི་དང་།  སྤུས་ལེགས་ལས་གཞི།  སྤྱོད་གཙང་ལས་གཞི་བཅས་སུ་འགྱུར་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་ནན་གསུངས་གནང་ཡོད།

         སྤྱི་ཟླ་༣ཚེས་༣༠ཉིན་གྱི་ཕྱི་དྲོ།  ཏིང་ཞུའེ་ཞང་པེ་ཅིང་ཧྥང་ཧྲན་ཏ་ཧྲི་གཙང་པོའི་ཆུ་ལམ་ཉམས་གསོའི་ལས་ཡུལ་དུ་ཕེབས་ནས་རྒྱལ་བུན་གྱི་མ་དངུལ་མང་དུ་བཏང་ནས་ཆུ་ལོག་གིས་གཏོར་སྐྱོན་ཕོག་པའི་ཆུ་བེད་ལས་གྲྭ་བསྐྱར་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་འཕེལ་རིམ་མཁྱེན་རྟོགས་གནང་བ་དང་། གཙང་པོའི་མཐིལ་གཤོང་བ་དང་ངོགས་ངོས་ཉམས་གསོ་སོགས་ཀྱི་ཨར་ལས་གནས་ཚུལ་ལ་ལྟ་ཞིབ་གནང་བ་མ་ཟད། ཨར་ལས་མི་སྣ་དང་སྤེལ་རེས་ཀྱང་གནང་ཡོད། རྒྱལ་ལམ་༡༠༨ཀྱི་ལྕགས་ལམ་ཉིས་གཤིབ་མའི་ཉམས་གསོའི་ལས་ཡུལ་དུ་ཕེབས་ནས་གཏོར་སྐྱོན་ཕོག་པའི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་བསྐྱར་སྐྲུན་གནས་ཚུལ་དང་ལས་གྲྭའི་སྤུས་ཚད་ཚོད་འཛིན་དང་ལྟ་སྐུལ་དོ་དམ་བྱས་ཚུལ་གྱི་སྙན་ཞུ་གསན་ཡོད།  ཏིང་ཞུའེ་ཞང་གིས།   རྨང་གཞིའི་སྒྲིག་བཀོད་ཀྱི་ལས་གྲྭ་གལ་ཆེན་བསྐྲུན་རྒྱུ་ནི་ལོ་བརྒྱའི་ཇུས་ཆེན་ཡིན་པས་སྤུས་ཚད་གལ་ཆེ་ཤོས་སུ་འཇོག་རྒྱུ་དང་སླར་གསོ་བསྐྱར་སྐྲུན་དང་ནུས་པ་ཆེ་རུ་གཏོང་རྒྱུ་གལ་ཆེ་མཉམ་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས།  དུས་ཚོད་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་འགན་ལེན་བྱེད་པ་དང་། རྒྱལ་སའི་འབྲུབ་འགོག་བདེ་འཇགས་འགན་ལེན་དེ་བས་ལེགས་པ་བསྒྲུབ་དགོས་ཞེས་བསྟན་གནང་ཡོད།

སྤྱི་ཟླ་༣ཚེས་༣༡ཉིན་གྱི་སྔ་དྲོ།  ཏིང་ཞུའེ་ཞང་ཧོ་པེ་པའོ་ཏིང་གི་པེ་ཅུས་མ་གཙང་པོའི་ཀྲུའོ་ཀྲོའུ་དུམ་བུའི་འཕྲལ་སྡོམ་འབྲུབ་འགོག་བཅོས་སྐྱོང་ལས་ཡུལ་དུ་ཕེབས་ནས་ལས་གྲྭ་བསྐྱར་སྐྲུན་གྱི་འཕེལ་རིམ་དང་ཆུ་རགས་ཀྱི་འགོག་སྲུང་ལས་ཀའི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། ཐན་ཆའོ་སྡེ་ཁུལ་གྱི་ཧྲོང་ཐ་སློབ་འབྲིང་སྡེ་ཁུལ་དུ་ཕེབས་ནས་ཆུ་ལོག་སྐབས་གཏོར་སྐྱོན་ཐེབས་པའི་རྨང་གཞིའི་སྒྲིག་བཀོད་སླར་གསོ་བསྐྱར་སྐྲུན་དང་།  སྡེ་ཁུལ་རྙིང་པའི་གྲོང་མིའི་དམངས་འཚོ་ལེགས་སུ་གཏོང་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་མ་ཟད། དུད་ཚང་དུ་ཕེབས་ནས་གྲོང་མི་དང་སྤེལ་རེས་ཀྱང་གནང་ཡོད། ཏིང་ཞུའེ་ཞང་གིས། རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་སྟངས་འཛིན་ལུགས་མཐུན་བྱས་ནས་སླར་གསོ་བསྐྱར་སྐྲུན་ལས་གྲྭ་གཙོ་བོ་འདི་ལོའི་འབྲུབ་ཆུ་རྒྱས་པའི་དུས་སུ་མ་སླེབས་གོང་ནས་བེད་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས། ཐོག་མཐའ་བར་གསུམ་དུ་མང་ཚོགས་སེམས་ནང་གི་གནས་བབ་མཐོ་ཤོས་སུ་བཞག་ནས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་། མང་ཚོགས་ཀྱི་སྡོད་ཁང་དང་འཚོ་བའི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་གཏོང་དགོས་ཞེས་ནན་གསུངས་གནང་ཡོད།  

སྤྱི་ཟླ་༣ཚེས་༣༡ཉིན་གྱི་ཕྱི་དྲོ་སྐོང་འཚོགས་བྱས་པའི་བཞུགས་མོལ་ཚོགས་འདུའི་ཐོག་ཏིང་ཞུའེ་ཞང་གིས།   སྒོར་དུང་ཕྱུར་ཁྲི་གཅིག་གི་རྒྱལ་བུན་སྣོན་གཏོང་བྱས་ནས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལ་རྒྱབ་སྐྱོར་དང་གེགས་འགོག་གེགས་སེལ་དང་གེགས་སྐྱོབ་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གཏན་འཁེལ་མཛད་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། སྤུས་ཚད་མཐོ་བའི་སྒོ་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་།  མ་དངུལ་དང་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལ་ཤུགས་སྣོན་བརྒྱབ་སྟེ།  དངོས་རྫས་ཀྱི་ལས་ཀའི་འབོར་ཚད་དེ་བས་མང་བ་གང་མགྱོགས་ཆགས་པར་བྱེད་དགོས། རྒྱལ་བུན་གྱི་མ་དངུལ་སྣོན་གཏོང་བྱ་རྒྱུ་དེ་ནོར་དོན་རྩིས་གཉེར་ལྟ་སྐུལ་གྱི་གཙོ་གནད་དུ་བཟུང་སྟེ་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  རྫུན་ཞུ་གཡོ་ལེན་དང་། མ་དངུལ་ཆུད་ཟོས། གཞན་སྤྱོད་བཅས་བྱེད་རིགས་ནན་འགོག་དང་། མ་དངུལ་ཚང་མ་དོ་དམ་དང་བེད་སྤྱོད་ཡག་པོ་བྱས་ཏེ།  མཁོ་དགོས་ཆེ་སར་བེད་སྤྱོད་དང་ཕན་འབྲས་ཐོན་པར་འགན་ལེན་ཏན་ཏིག་བྱེད་དགོས། ས་གནས་ས་ཐོག་ཏུ་ལྟ་སྐུལ་མཛུབ་ཁྲིད་ནན་ཏན་བྱེད་པ་དང་། རྣམ་གྲངས་ལ་ལྟ་སྐུལ་དོ་དམ་བྱེད་པའི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ།  འཛུགས་སྐྲུན་ཚད་གཞི་དང་ལག་རྩལ་ཚད་གཞི་ལག་བསྟར་ནན་པོ་བྱེད་པ་བཅས་བྱས་ནས།  དམངས་སེམས་ལས་གཞི་དེ་སྤུས་ལེགས་ལས་གཞིར་བསྐྲུན་དགོས། ལས་ཀའི་ལམ་སྲོལ་མུ་མཐུད་འཐུས་ཚང་དུ་གཏོང་བ་དང་། ཕྱོགས་ཁག་གི་འགན་འཁྲི་དམ་ནན་དུ་གཏོང་བ། ལས་དོན་ཁག་ཏན་ཏིག་དང་ཞིབ་ཚགས་ངང་སྒྲུབ་པ་བཅས་ཀྱི་ཐོག་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་དང་།  དཔལ་འབྱོར་དང་སྤྱི་ཚོགས་སྤུས་མཐོའི་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་བསྟན་གནང་ཡོད་པ་རེད།  

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།

中央广播电视总台 央广网 版权所有

ཏིང་ཞུའེ་ཞང་གིས་པེ་ཅིང་དང་ཧོ་པེ་ལ་བརྟག་ཞིབ་གནང་བ་མ་ཟད་བཞུགས་མོལ་ཚོགས་འདུ་སྐོང་འཚོགས་གནང་བ།

དཔལ་འབྱོར་དང་སྤྱི་ཚོགས་སྤུས་མཐོའི་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་བསྟན་གནང་ཡོད་པ་རེད།