ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

རང་རྒྱལ་དངོས་སུ་འབྲུབ་ཆུ་རྒྱས་པའི་དུས་ལ་སླེབས་པ་དང་། སྤྱིའི་གནས་བབ་ནི་ཐན་ཞོད་མཉམ་ཐོན་ཡིན་པ་དང་ཞོད་སྐྱོན་དེ་ཐོན་སྐྱོན་ལས་ཚབས་ཆེ་བ་ཡོད།

2024-04-02 11:10:00     责编:娜科
 འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཆུ་བེད་པུས་བཏང་བའི་འབྲུབ་ཆུ་རྒྱས་ཚུལ་གྱི་བརྡ་ཁྱབ་གསར་ཤོས་ལས་མངོན་པར། རང་རྒྱལ་དུ་ཚེས་1ཉིན་ནས་བཟུང་དངོས་སུ་འབྲུབ་ཆུ་རྒྱས་པའི་དུས་ལ་སླེབས་པ་དང་། ལོ་མང་རིང་གི་འབྲུབ་ཆུ་རྒྱས་དུས་ཀྱི་ཚེས་གྲངས་དང་གཅིག་མཚུངས་ཡིན་ཞིང་། སྤྱིའི་གནས་བབ་ནི་ཐན་ཞོད་མཉམ་ཐོན་ཡིན་པ་དང་ཞོད་སྐྱོན་དེ་ཐན་སྐྱོན་ལས་ཚབས་ཆེ་བ་ཡོད།

ལོ་འདི་ཤར་ཚུན། རང་རྒྱལ་དུ་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི་61ཟིན་ནས་རྒྱུན་གཏན་གྱི་དུས་མཚུངས་པ་དང་ཉེ་པོ་ཡོད། འོན་ཀྱང་ཀྲུའུ་ཅང་གཙང་པོའི་འབབ་རྒྱུད་ཀྱི་ནུབ་བྱང་ཤར་གསུམ་འབབ་ས་དང་དེ་བཞིན་འབྲི་ཆུའི་འབབ་རྒྱུད་ཀྱི་དབུས་སྨད་རྒྱུད་སོགས་གཙང་པོ་དང་ཆུ་བོ་གཙོ་གྲས་ཀྱི་ཆུ་ཁ་རྒྱས་ཚད་ལོ་འཁོར་མོའི་དུས་མཚུངས་པ་ལས་བཅུ་ཆ་གཉིས་ནས་དྲུག་བར་ཉུང་བ་ཡོད། ཆུ་བེད་པུའི་ཐན་ཞོད་གནོད་སེལ་འགོག་སྲུང་སིའི་ལག་རྩལ་ཆ་འཕྲིན་ཁང་གི་རིམ་གསུམ་བརྟག་ཞིབ་པ་ཧུའོ་ཁྲོན་ལུའུ་ཡིས། སྔོན་དཔག་བྱས་པར་གཞིགས་ན། ད་ལོའི་འབྲུབ་ཆུ་རྒྱས་དུས་སུ་རང་རྒྱལ་གྱི་ཐན་ཞོད་མཉམ་ཐོན་ཡིན་པ་དང་། ཞོད་སྐྱོན་དེ་ཐན་སྐྱོན་ལས་ཚབས་ཆེ་བ་ཡོད། རྒྱལ་ཡོངས་ཀྱི་གཙང་པོ་དང་ཆུ་བོ་ཆེན་པོ་བདུན་ཚང་མར་ཚད་གཞི་མི་འདྲ་བའི་དྲག་ཆར་འབབ་ནས་ཆུ་ཁ་རྒྱས་བཟོ་ཡོད་པ་དང་། ས་ཁུལ་འགའ་ཤས་སུ་དུས་རིམ་རང་བཞིན་གྱི་ཐན་པ་བསྟན་བཟོ་ཡོད་ཅེས་གསུངས་པ་རེད།

ད་ལོའི་འབྲུབ་ཆུ་རྒྱས་དུས་ཀྱི་གནས་བབ་ལ་དམིགས་ཏེ། ཆུ་བེད་པུས་འབྲུབ་འགོག་གྲ་སྒྲིག་དང་འབྲུབ་ཆུ་རྒྱས་དུས་ཁ་གཏད་གཅོག་པ། འགོག་སྲུང་རྨང་གཞིའི་ལས་དོན་སོགས་ཀྱི་ཐད་བླང་བྱ་ཁ་གསལ་བཏོན་ཡོད་པ་མ་ཟད། ཟླ་4ཚེས་1ཉིན་ནས་བཟུང་ཆུ་ཚོད་24ཡི་རིང་འབྲུབ་འགོག་ལས་རེས་ལས་སྲུང་ལག་ལེན་བསྟར་རྒྱུ་ཡིན་པ་རེད།

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།

中央广播电视总台 央广网 版权所有

རང་རྒྱལ་དངོས་སུ་འབྲུབ་ཆུ་རྒྱས་པའི་དུས་ལ་སླེབས་པ་དང་། སྤྱིའི་གནས་བབ་ནི་ཐན་ཞོད་མཉམ་ཐོན་ཡིན་པ་དང་ཞོད་སྐྱོན་དེ་ཐོན་སྐྱོན་ལས་ཚབས་ཆེ་བ་ཡོད།

ཟླ་4ཚེས་1ཉིན་ནས་བཟུང་ཆུ་ཚོད་24ཡི་རིང་འབྲུབ་འགོག་ལས་རེས་ལས་སྲུང་ལག་ལེན་བསྟར་རྒྱུ་ཡིན་པ་རེད།