ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

སྐབས་135ཀོང་ཀྲོའུ་ཚོང་འདུས་དེ་ཟླ་4ཚེས་15ཉིན་ནས་ཟླ་5ཚེས་5ཉིན་བར་ཀོང་ཀྲོའུ་རུ་གཉེར་རྒྱུ་ཡིན་པ་དང་། གཞི་ཁྱོན་སྐབས་གོང་མ་ལས་བརྒལ་རྒྱུ་ཡིན་པ།

2024-04-02 11:09:00     责编:娜科
 འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ཚེས་1ཉིན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་། འབྲེལ་ཡོད་འགན་འཁུར་མི་སྣས་སྐབས་135ཀོང་ཀྲོའུ་ཚོང་འདུས་ཀྱི་ཁྱབ་ཁོངས་ཁག་གི་གྲ་སྒྲིག་ལས་དོན་བདེ་བླག་སྒོ་ནས་སྤེལ་བཞིན་པ་དང་། མངའ་ཁོངས་ཕྱིའི་ཉོ་སྒྲུབ་ཚོང་པ་ཚོང་འདུས་ནང་ཞུགས་པའི་མི་གྲངས་གསར་འཕར་ཡོང་ཏེ། ཁྲོམ་ར་ཅན་གྱི་ཉོ་ཚོང་ལ་སྐུལ་འདེད་གཏོང་བའི་བྱེད་སྒོའི་གྲངས་འབོར་དང་སྣ་རིགས་ཁག་གིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་རྒྱུ་རེད་ཅེས་ངོ་སྤྲོད་གནང་བ་རེད།

སྐབས་135ཀོང་ཀྲོའུ་ཚོང་འདུས་དེ་ཟླ་4ཚེས་15ཉིན་ནས་ཟླ་5ཚེས་5ཉིན་བར་ཀོང་ཀྲོའུ་རུ་གཉེར་རྒྱུ་ཡིན་པ་དང་། དྲ་ཐོག་སྟེགས་བུ་མུ་མཐུད་དེ་རྒྱུན་རྣམ་ཅན་གྱི་ལོ་འཁོར་གཉེར་སྐྱོང་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་པ་རེད། སྐབས་འདིའི་ཀོང་ཀྲོའུ་ཚོང་འདུས་འགྲེམས་སྟོན་གྱི་རྒྱ་ཁྱོན་ལ་སྨི་ངོས་སྙོམས་གྲུ་བཞི་མ་ཁྲི་155ཟིན་པ་དང་། ཁེ་ལས་28600ཕྱིར་གཏོང་འགྲེམས་སྟོན་ནང་ཞུགས་རྒྱུ་ཡིན་ཞིང་། དེའི་ནང་འགྲེམས་སྟོན་ནང་ཞུགས་པའི་ཁེ་ལས་གསར་པ་4300ལས་བརྒལ་ཡོད། ཁེ་ལས་680ཀོང་ཀྲོའུ་ཚོང་འདུས་ཀྱི་ནང་འདྲེན་འགྲེམས་སྟོན་ནང་ཞུགས་རྒྱུ་ཡིན་པ་རེད།

ཐོག་མའི་བསྡོམས་རྩིས་བརྒྱབ་པར་གཞིགས་ན། རྒྱལ་ཁབ་དང་ས་ཁུལ་215ནས་ཡོང་བའི་ཉོ་སྒྲུབ་ཚོང་པ་93000གིས་སྔོན་ཐོ་འགོད་རྒྱུ་ལེགས་འགྲུབ་ཟིན་པ་དང་། སྣེ་འདྲེན་ཁེ་ལས་དང་བཟོ་ཚོང་ལས་ཁུངས་220ལྷག་གི་འཐུས་མི་ཚོགས་པ་འགྲེམས་ཚོགས་ནང་ཞུགས་རྒྱུ་གཏན་འཁེལ་ཞིང་། དེ་དག་ཚང་མ་སྐབས་གོང་མའི་དུས་མཚུངས་པའི་གཞི་ཁྱོན་ལས་བརྒལ་ཡོད། གློག་རྡུལ་ཁྱིམ་ཆས་གློག་ཆས་རིགས་དང་། གློག་སྒྲོན། གློག་རླངས་རིགས། བཟོ་ལས་བཟོ་སྐྲུན་རིགས། ལག་རྟགས་དང་དེ་བཞིན་རྒྱན་སྤྲོས་ཐོན་རྫས་རིགས། དར་བཟོ་ཆེ་བའི་རིགས་བཅས་ཀྱི་མངའ་ཁོངས་ཕྱིའི་ཉོ་སྒྲུབ་ཚོང་པ་ཚོང་འདུས་ནང་ཞུགས་པའི་མི་འབོར་ཡང་མདུན་གྲལ་དུ་སླེབས་ཡོད་ཅིང་། གོ་ལ་ཧྲིལ་པོའི་སིལ་འཚོང་སྟོབས་ཆེན་250དང་རྒྱལ་ཁབ་ཁག་དང་ས་ཁུལ་ཁག་གི་ཚོང་པ་ཆེ་གྲས་ཀྱང་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད་པ་རེད།

 

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།

中央广播电视总台 央广网 版权所有

སྐབས་135ཀོང་ཀྲོའུ་ཚོང་འདུས་དེ་ཟླ་4ཚེས་15ཉིན་ནས་ཟླ་5ཚེས་5ཉིན་བར་ཀོང་ཀྲོའུ་རུ་གཉེར་རྒྱུ་ཡིན་པ་དང་། གཞི་ཁྱོན་སྐབས་གོང་མ་ལས་བརྒལ་རྒྱུ་ཡིན་པ།

གོ་ལ་ཧྲིལ་པོའི་སིལ་འཚོང་སྟོབས་ཆེན་250དང་རྒྱལ་ཁབ་ཁག་དང་ས་ཁུལ་ཁག་གི་ཚོང་པ་ཆེ་གྲས་ཀྱང་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད་པ་རེད།