ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལི་ཆང་གིས་ཧྥ་རན་སིའི་ཕྱི་འབྲེལ་དཔོན་དང་མཇལ་འཕྲད་གནང་བ།

2024-04-02 11:08:00     责编:娜科
   འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཚེས་1ཉིན་པེ་ཅིང་དུ་ཧྥ་རན་སིའི་ཕྱི་འབྲེལ་དཔོན་སའེ་རུའུ་ཨེར་ནཱ་དང་མཇལ་འཕྲད་གནང་བ་རེད།

ལི་ཆང་གིས། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་ཡུན་རིང་ནང་ཀྲུང་གོ་དང་ནུབ་ཕྱོགས་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་མདུན་གྲལ་དུ་བསྐྱོད་བཞིན་ཡོད། ད་ལོ་ནི་ཀྲུང་གོ་དང་ཧྥ་རན་སིའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བའི་ལོ་ཡིན་ཞིང་། ཀྲུའུ་ཞི་ཞི་ཅིན་དང་ཙུང་ཐུང་མ་ཁེ་ལུང་རྣམ་གཉིས་ནས་ཕན་ཚུན་བཀྲ་ཤིས་བདེ་ལེགས་ཞུ་བའི་གློག་འཕྲིན་བཏང་གནང་བ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྔར་བས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུར་མོས་མཐུན་གཅིག་གྱུར་གནང་ཡོད། ཀྲུང་གོ་ཕྱོགས་ནས་ཧྥ་རན་སིའི་ཕྱོགས་དང་ལྷན་དུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། སྲོལ་རྒྱུན་མཛའ་གྲོགས་དར་སྤེལ་གཏོང་བ། སྲོལ་རྒྱུན་ཁྱབ་ཁོངས་དང་སྦགས་མེད་ནུས་རྒྱུ། སྔོན་ཐོན་བཟོ་སྐྲུན་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། གཉིས་ཕན་མཉམ་རྒྱལ་དེ་བས་ལེགས་པའི་སྒོ་ནས་མངོན་འགྱུར་ཡོང་བ་བྱེད་པ་དང་། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བའི་བརྟན་ལྷིང་རང་བཞིན་ལ་བརྟེན་ནས་རྒྱལ་ཁབ་གཉིས་པོ་གོང་འཕེལ་དེ་བས་ལེགས་པ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། འཛམ་གླིང་གི་གོང་འཕེལ་ཆེད་དུ་གཏན་འཁེལ་རང་བཞིན་ཡང་སྣོན་འདོད་ཡོད། ཧྥ་རན་སི་ཕྱོགས་ནས་ཡོ་རོབ་ཕྱོགས་ཀྱིས་དཔལ་འབྱོར་གྱི་ཆོས་ཉིད་དང་ཁྲོམ་རའི་རྩ་དོན་ལ་བརྩི་སྲུང་ཞུ་བ་དང་གྲོས་མོལ་བྱས་པ་བརྒྱུད་ཕྱོགས་གཉིས་པོས་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་འོས་འཚམ་བྱེད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

སའེ་རུའུ་ཨེར་ནཱ་ཡིས། ཧྥ་རན་སི་ཕྱོགས་ནས་རང་བཙན་རང་བདག་མཐའ་འཁྱོངས་བྱས་ཏེ། དཔུང་ཚོགས་ཁ་གཏད་དུ་ལང་བ་དང་སྦྲེལ་ཐག་གཅོད་པར་ངོ་རྒོལ་བྱེད་རྒྱུ་དང་། ཀྲུང་གོ་གཅིག་གི་སྲིད་ཇུས་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ། ཀྲུང་གོ་ཕྱོགས་དང་ལྷན་དུ་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཧྥ་རན་སི་དང་ཀྲུང་གོའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་གོང་འཕེལ་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།

中央广播电视总台 央广网 版权所有

ལི་ཆང་གིས་ཧྥ་རན་སིའི་ཕྱི་འབྲེལ་དཔོན་དང་མཇལ་འཕྲད་གནང་བ།

ཧྥ་རན་སི་དང་ཀྲུང་གོའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་གོང་འཕེལ་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།