ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཉིན་བརྒྱའི་གློ་རྒྱག་པ་དང་སྤྱིར་བཏང་གི་གློག་རྒྱག་པའི་དབར་ཁྱད་པར་གང་ཡོད་དམ། རྒྱལ་ཁབ་འཕྲོད་བདེ་ཨུ་ལྷན་གྱིས་རིགས་གཅིག་མཁས་པ་སྒྲིག་འཛུགས་ཀྱིས་གསལ་འགྲེལ་བྱས་པ།

2024-04-01 17:50:00     责编:娜科
    འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉིན་བརྒྱའི་གློ་རྒྱག་པ་དང་སྤྱིར་བཏང་ཆམ་ནད་ཀྱི་གློག་རྒྱག་པའི་དབར་ཁྱད་པར་གང་ཡོད། ཇི་ལྟར་བྱས་ཏེ་སྔོན་འགོག་བྱེད་དགོས་སམ་ཞེ་ན། ཟླ་3ཚེས་31ཉིན་རྒྱལ་ཁབ་འཕྲོད་བདེ་ཨུ་ལྷན་གྱིས་རིགས་གཅིག་མཁས་པ་སྒྲིག་འཛུགས་བྱས་ནས་གསལ་འགྲེལ་བྱས་ཡོད།

    ཉིན་བརྒྱའི་གློ་རྒྱག་པ་ནི་ཉིན་བརྒྱའི་དམིགས་བསལ་འབུ་ཕྲ་ལས་བསྐྱེད་པའི་དབུགས་ལམ་གྱི་འགོས་ནད་ཅིག་ཡིན་པས། རང་རྒྱལ་གྱིས་གང་དེ་འགོས་ནད་རིགས་ཁ་པའི་ནང་དུ་བཞག་ནས་ཚད་ལྡན་ངང་དོ་དམ་བྱེད་བཞིན་ཡོད། རྒྱལ་སའི་གསོ་རིག་སློབ་ཆེན་གྱི་ཁོངས་གཏོགས་པེ་ཅིང་བྱིས་པའི་སྨན་ཁང་དབུགས་འབྱིན་རྔུབ་ཚན་ཁག་གི་ཀྲུའུ་རེན་ཞུས་པའོ་ཕིང་གིས། ཉིན་བརྒྱའི་གློ་རྒྱག་པ་ནི་སྤྱིར་བཏང་དུ་ནད་རྟགས་མེད་པའི་དུས་མཇུག་ནས་གཟའ་འཁོར་དྲུག་གི་ནང་དུ་འགོས་ཁྱབ་འགྲོ་གི་ཡོད་པ་དང་། འགོས་ཁྱབ་འགྲོ་ཆེ་ཤོས་ནི་ནད་ཕོག་པའི་གཟའ་འཁོར་གཉིས་ནས་གསུམ་ནང་ཚུན་རེད་ཅེས་གསུངས་འདུག

    ཉིན་བརྒྱའི་གློ་རྒྱག་པ་ནི་གཙོ་བོ་དབུགས་ལམ་གྱི་མཆིལ་མ་ལས་འགོས་ཀྱི་ཡོད་ལ། ཕན་ཚུན་འབྲེལ་འདྲིས་དམ་ཟབ་བྱུང་བའི་རྐྱེན་ལས་ཀྱང་འགོས་ཀྱི་ཡོད། ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་རིམས་འགོག་འཆར་འགོད་ལྟེ་གནས་ཕྲ་སྲིན་ནད་རིམས་འགོག་ཁང་གི་ཀྲུའུ་རེན་གཞོན་པ་ཀྲེང་ཧུའེ་ཡིས། ནད་ཐོག་སྨན་བཅོས་ནས་བལྟས་ན། ཕྲུ་གུ་དམར་འབྱར་ནི་ནད་ཕོག་སླ་བའི་ཉེན་ཁ་ཆེ་བའི་མི་ཚོགས་ཡིན་པ་དང་། རིམས་འགོག་བྱས་མྱོང་མེད་པའི་ཕྲུ་གུ་དམར་འབྱར་ལ་ནད་གཞི་ལྕི་རིགས་ཕོག་པའི་ཉེན་ཁ་ཅུང་ཆེན་པོ་ཡོད། དར་མར་ཡང་འགོས་ནད་དེ་འབྱུང་སྲིད་མོད། འོན་ཀྱང་ཕྲུ་གུ་དམར་འབྱར་ནི་ནད་འབྱུང་ཉེན་ཧ་ཅང་ཆེ་བའི་མི་ཚོགས་རེད། སྐྱེས་ནས་ཟླ་བ་ཁ་ཤས་ལས་མ་སོང་བའི་ཕྲུ་གུར་ཉིན་བརྒྱའི་གློ་རྒྱབ་རྗེས་གློ་ནད་འབྱུང་བཟོ་ཡོད་ཅེས་གསུངས་འདུག

     རིགས་གཅིག་མཁས་པས། དེ་སྔ་ཉིན་བརྒྱའི་གློ་རྒྱག་པའི་སྙན་ཞུའི་བྱས་པའི་ནད་པ་མང་ཆེ་བ་ཕྲུ་གུ་དམར་འབྱར་གྱི་མི་ཚོགས་ཁྲོད་དུ་གཅིག་སྡུད་བྱེད་ཀྱི་ཡོད། འོན་ཀྱང་ཉེ་ཆར་ལོ་རྒན་པའི་ཕྲུ་གུར་ནད་དེ་ཕོག་ཚད་མང་དུ་འགྲོ་བཞིན་ཡོད་པས། གང་དེ་ཉིང་སྐྱུར་གྱི་ཞིབ་དཔྱད་ལག་རྩལ་གྱི་ཆུ་ཚད་མཐོ་རུ་ཕྱིན་པའི་རྐྱེན་ཡང་ཡིན་བཟོ་ཡོད་ཅེས་བསྟན་འདུག

    རིམས་འགོག་སྨན་ཁབ་རྒྱག་པ་ནི་ཉིན་བརྒྱའི་གློ་རྒྱག་པའི་ནད་གཞི་སྔོན་འགོག་བྱེད་པའི་ཆེས་གྲོན་ཆུང་དང་ཆེས་ཕན་ནུས་ལྡན་པའི་བྱ་ཐབས་ཤིག་རེད། མིག་སྔར་ཉིན་བརྒྱའི་གློ་རྒྱག་པའི་ནད་གཞི་སྔོན་འགོག་བྱེད་པའི་རིམས་འགོག་སྨན་ཁབ་ནི་ཕྲ་ཕུང་མེད་པའི་སྐྱ་ནད་རིམས་འགོག་སྨན་ཁབ་ཅིག་ཡིན་པས། ལོ་ཚད་ལོན་པའི་བྱིས་པར་དེ་མཚུངས་ཀྱི་སྨན་ཁབ་རྒྱག་རྒྱུའི་གྲོས་འགོ་བཏོན་ཡོད།

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།

中央广播电视总台 央广网 版权所有

ཉིན་བརྒྱའི་གློ་རྒྱག་པ་དང་སྤྱིར་བཏང་གི་གློག་རྒྱག་པའི་དབར་ཁྱད་པར་གང་ཡོད་དམ། རྒྱལ་ཁབ་འཕྲོད་བདེ་ཨུ་ལྷན་གྱིས་རིགས་གཅིག་མཁས་པ་སྒྲིག་འཛུགས་ཀྱིས་གསལ་འགྲེལ་བྱས་པ།

མིག་སྔར་ཉིན་བརྒྱའི་གློ་རྒྱག་པའི་ནད་གཞི་སྔོན་འགོག་བྱེད་པའི་རིམས་འགོག་སྨན་ཁབ་ནི་ཕྲ་ཕུང་མེད་པའི་སྐྱ་ནད་རིམས་འགོག་སྨན་ཁབ་ཅིག་ཡིན་པས། ལོ་ཚད་ལོན་པའི་བྱིས་པར་དེ་མཚུངས་ཀྱི་སྨན་ཁབ་རྒྱག་རྒྱུའི་གྲོས་འགོ་བཏོན་ཡོད།