ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

《རྨ་ཆུ་སྲུང་སྐྱོང་བཅའ་ཁྲིམས》དངོས་སུ་ལག་བསྟར་བྱས་ནས་ལོ་གཅིག་འཁོར་ཞིང་། གཙོ་གནད་ཆུ་བོ་10ཡི་འབྱུང་ཁམས་བཞུར་ཚད་ཚང་མ་དམིགས་ཚད་དུ་སླེབས་པ་དང་། རྨ་ཆུ་སྲུང་སྐྱོང་དང་བཅོས་སྐྱོང་ལ་ཕན་འབྲས་དངོས་ཐོན་པ།

2024-04-01 17:49:00     责编:娜科
    འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྨ་ཆུ་སྲུང་སྐྱོང་བཅའ་ཁྲིམསན་ནིང་ཟླ་4ཚེས་1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱས་པ་དང་། ལོ་གཅིག་རིང་། རྨ་ཆུ་སྲུང་སྐྱོང་དང་བཅོས་སྐྱོང་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་དང་ཕན་འབྲས་དངོས་ཐོན་པ། གཙོ་གནད་ཆུ་བོ་10དང་ཚོད་འཛིན་བཅད་ཁ་གཙོ་བོ་20ཡི་འབྱུང་ཁམས་བཞུར་ཚད་ཚང་མ་དམིགས་ཚད་དུ་སླེབས་ནས། རྨ་ཆུ་ལོ་24བསྟུད་མར་བཞུར་རྒྱུན་ཆད་མེད།

    རྨ་ཆུའི་ཡན་ལག་ཆུ་བོ་གཉིས་པ་ཡིན་པའི་ཧྲན་ཞིའི་ཐའེ་ཡོན་དུམ་བུའི་ཆུ་མོ་དྭངས་ཤིང་གཙང་བ་ཡོད་པ་དང་། ཆུ་ངོས་སུ་དུས་ངེས་མེད་དུ་ཁྲུང་ཁྲུང་དཀར་པོ་དང་། ངང་དཀར་ཆེན་པོ། བཞད་ནག་སོགས་འདབ་ཆགས་རིགས་གནས་འདིར་ངལ་གསོ་བཞིན་པ་མཐོང་རྒྱུ་ཡོད།

    ཁོར་ཡུག་ལེགས་བཅོས་བྱེད་པ་དེ་ནུས་ཤུགས་ཡོད་རྒུ་བཏོན་ནས་བཅོས་སྐྱོང་བྱས་པ་ལས་བྱུང་བ་ཞིག་རེད། རྨ་ཆུའི་སྲུང་སྐྱོང་བཅའ་ཁྲིམསལག་ལེན་བསྟར་ནས་ལོ་གཅིག་སོང་རིང་། རྨ་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུའི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། ཆུ་བེད་པུའི་རྨ་ཆུའི་ཆུ་བེད་ཨུ་ལྷན་སྲིད་ཇུས་ཁྲིམས་སྲོལ་ཅུས་ཀྱི་རིམ་པ་གཉིས་པའི་སྐོར་ཞིབ་པ་ཀུའེ་ཧྥན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། འབྱུང་ཁམས་བཞུར་ཚད་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་ནས། རིམ་རྩིས་བྱས་ན་ཝུའུ་ལེང་སུའུ་ཧའེ་དང་། ཧོ་ཁོའུ་ཟུར་གསུམ་ཁུལ། ཧྭ་བྱང་ས་འོག་ཆུའི་ཚད་བརྒལ་སྔོག་འདོན་ཁུལ་སོགས་ལ་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་14དང་བྱེ་བ་4དང་ས་ཡ་8ཀྱི་འབྱུང་ཁམས་ཆུ་ཁ་གསབ་བྱས་ཡོད་པ་རེད།

   ཆུ་བེད་པུའི་རྨ་ཆུའི་ཆུ་བེད་ཨུ་ལྷན་འཆར་འགོད་ཅུས་རྨ་ཆུའི་འཐབ་ཇུས་ཁྲུའི་ཁྲུའུ་ཀྲང་གཞོན་པ་དབྱང་ཧུའེ་ཅོན་གྱིས། རྨ་ཆུ་འབབ་རྒྱུད་ཀྱི་འབྱུང་ཁམས་ཀྱི་མ་མཐའི་བཟང་ཆ་ཞན་པོ་ཡོད་པས། འབྱུང་ཁམས་སྲུང་སྐྱོང་དང་བཅོས་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས། གཙང་པོ་དང་མཚེའུ་ཡི་བདེ་ཐང་ཚེ་སྲོག་སྲུང་སྐྱོང་བྱེད་དགོས། རྨ་ཆུའི་སྲུང་སྐྱོང་བཅའ་ཁྲིམསཀྱི་འབྲེལ་ཡོད་ལེ་ལག་ཚང་བའི་ལམ་ལུགས་ཀྱི་ཡིག་ཆ་མགྱོགས་མྱུར་གཏན་འབེབས་དང་བཟོ་བཅོས་བརྒྱབ་ནས། གྲངས་གཞིའི་ཐོག་ནས་རྨ་ཆུ་བཅོས་སྐྱོང་གི་ལམ་ལུགས་འཛུགས་ཏེ་འབབ་རྒྱུད་བཅོས་སྐྱོང་དང་དོ་དམ་བྱེད་ནུས་ཆེ་རུ་གཏོང་དགོས་པའི་དབྱེ་ཞིབ་བྱས་འདུག

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།

中央广播电视总台 央广网 版权所有

《རྨ་ཆུ་སྲུང་སྐྱོང་བཅའ་ཁྲིམས》དངོས་སུ་ལག་བསྟར་བྱས་ནས་ལོ་གཅིག་འཁོར་ཞིང་། གཙོ་གནད་ཆུ་བོ་10ཡི་འབྱུང་ཁམས་བཞུར་ཚད་ཚང་མ་དམིགས་ཚད་དུ་སླེབས་པ་དང་། རྨ་ཆུ་སྲུང་སྐྱོང་དང་བཅོས་སྐྱོང་ལ་ཕན་འབྲས་དངོས་ཐོན་པ།

གྲངས་གཞིའི་ཐོག་ནས་རྨ་ཆུ་བཅོས་སྐྱོང་གི་ལམ་ལུགས་འཛུགས་ཏེ་འབབ་རྒྱུད་བཅོས་སྐྱོང་དང་དོ་དམ་བྱེད་ནུས་ཆེ་རུ་གཏོང་དགོས་པའི་དབྱེ་ཞིབ་བྱས་འདུག