ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

རྒྱལ་ཁབ་ནད་ཡམས་སྔོན་འགོག་ཚོད་འཛིན་ཅུས་ནས་ལས་དོན་ཚོ་ཆུང་མངཊ།

2023-12-20 11:15:00     责编:娜科

རྒྱལ་ཁབ་ནད་ཡམས་སྔོན་འགོག་ཚོད་འཛིན་ཅུས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཅི་ཧྲི་ཧྲན་དུ་ས་ཡོམ་རིམ་པ་6.2བརྒྱབ་རྗེས། རྒྱལ་ཁབ་ནད་ཡམས་སྔོན་འགོག་ཚོད་འཛིན་ཅུས་ཀྱིས་འཕྲལ་དུ་འཕྲལ་སྒྲུབ་དང་ལེན་ཞུས་ནས་དགོང་མོ་དེ་རང་ལ་ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ནས་འཛུགས་འགན་འཁུར་བའི་རྒྱལ་ཁབ་ཐོལ་བྱུང་འགོ་ནད་སྔོན་འགོག་ཚོད་འཛིན་རུ་ཁག་3ནས་སྟོབས་ཤུགས་སྐོང་འཐེན་བྱས་ཏེ་གནོད་འཚེ་ཕོག་ཁུལ་དུ་ལས་དོན་སྤེལ་རོགས་བྱེད་པར་མངགས་པ་དང་།  མྱུར་དུ་ལས་དོན་ཚོ་ཆུང་གནོད་འཚེའི་ཁུལ་དུ་མངགས་ནས་ས་གནས་ཀྱིས་འགོ་ནད་སྔོན་འགོག་ཚོད་འཛིན་དང་ཁོར་ཡུག་དུག་སེལ། འཐུང་ཆུའི་འཕྲོད་བསྟེན་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་བྱས་ཤིང་། འཕྲལ་མར་ཆེད་དོན་ཚོགས་འདུ་འཚོགས་ནས་གནོད་འཚེའི་ཁུལ་གྱི་འཕྲོད་བསྟེན་རིམས་འགོག་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་མ་ཟད། ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་མྱུར་དུ་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་གནོད་འཚེའི་ཁུལ་གྱི་སྤྱི་པའི་འཕྲོད་བསྟེན་ཉེན་ཁར་དཔྱད་དཔག་བྱེད་དགོས་པའི་བླང་བྱ་བཏོན་པ། དེ་བཞིན་དུ་ཧོ་པེ་དང་ཧྲན་ཏུང་། ཧུའུ་པེ་སོགས་ཞིང་ཆེན་གྱིས་འཛུགས་འགན་འཁུར་བའི་རྒྱལ་ཁབ་ཐོལ་བྱུང་འགོ་ནད་སྔོན་འགོག་ཚོད་འཛིན་རུ་ཁག་གིས་ག་དུས་ཡིན་ཡང་མངགས་གཏོང་གི་གྲ་སྒྲིག་ཡག་པོ་བྱེད་དགོས་པའི་བརྡ་ཐོ་བཏང་ཡོད་པ་རེད།

གནོད་འཚེ་ཕོག་རྗེས། ཀན་སུའུ་ཞིང་ཆེན་ནད་ཡམས་སྔོན་འགོག་ཚོད་འཛིན་ཅུས་ཀྱིས་ནད་ཡམས་རིག་པའི་བརྟག་དཔྱད་དང་ཁོར་ཡུག་དུག་སེལ། ནད་ཡམས་ལྟ་ཞིབ་ཚད་ལེན་སོགས་ཀྱི་ཆེད་ལས་མི་སྣ་དང་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་མི་སྣ་འཕྲལ་དུ་སྐོང་འཐེན་བྱས་ནས་གནོད་འཚེ་ཕོག་ཁུལ་དུ་བཏང་བ་དང་འབྲེལ། ལིན་ཞ་ཁུལ་ནད་ཡམས་སྔོན་འགོག་ཚོད་འཛིན་སྡེ་ཁག་གིས་འགོ་ནད་འཕྲལ་སྒྲུབ་ཡན་ལག་རུ་ཁག་ཅི་ཧྲི་ཧྲན་རྫོང་དུ་མངགས་གཏོང་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། མཚོ་སྔོན་ཞིང་ཆེན་ནད་ཡམས་སྔོན་འགོག་ཚོད་འཛིན་ཅུས་ཀྱིས་མཚོ་ཤར་གྲོང་ཁྱེར་དང་གནོད་འཚེ་ཕོག་པའི་རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་སྡེ་ཁག་ནས་གནོད་འཚེ་ཕོག་ཁུལ་གྱི་འཕྲོད་བསྟེན་རིམས་འགོག་གི་དགོས་མཁོར་དུས་ཐོག་ཏུ་དཔྱད་དཔོག་བྱས་ནས། གནོད་སེལ་ལས་དོན་ནང་མགྱོགས་མྱུར་ཞུགས་རྒྱུའི་བཀོད་སྒྲིག་བྱས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག  སྐལ་བཟང་བདེ་སྐྱིད།

སྒྲིག་སྒྱུར། རྡོ་ཐར། 

འཛམ་གླིང་སྐར་ཁུངས།

ཨ་རིས་ཤིན་ཅང་གི་ཐད་གང་བྱུང་སྐྱོན་འཛུགས་བྱེད་པའི་ཐད།

ཨ་རིའི་རྒྱལ་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཧ་ཅང་མང་པོ་ཡོད་པ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ལའང་ཉེས་སྤྱོད་གྲངས་མེད་བཟོས་ཡོད།

中央广播电视总台 央广网 版权所有

རྒྱལ་ཁབ་ནད་ཡམས་སྔོན་འགོག་ཚོད་འཛིན་ཅུས་ནས་ལས་དོན་ཚོ་ཆུང་མངཊ།

གནོད་འཚེ་ཕོག་རྗེས། ཀན་སུའུ་ཞིང་ཆེན་ནད་ཡམས་སྔོན་འགོག་ཚོད་འཛིན་ཅུས་ཀྱིས་ནད་ཡམས་རིག་པའི་བརྟག་དཔྱད་དང་ཁོར་ཡུག་དུག་སེལ། ནད་ཡམས་ལྟ་ཞིབ་ཚད་ལེན་སོགས་ཀྱི་ཆེད་ལས་མི་སྣ་དང་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན