ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལོ་སྟོད་ལ་རང་རྒྱལ་གྱི་རླངས་འཁོར་ཐོན་འཚོང་བྱེད་ཚད་དུས་མཚུངས་པ་དང་བསྡུར་ན་ཁག་སོ་སོར་བརྒྱ་ཆ་9.3དང་བརྒྱ་ཆ་9.8འཕར་བ།

2023-07-12 10:58:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། འདི་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་རླངས་འཁོར་བཟོ་ལས་ཀྱི་དཔལ་འབྱོར་དམིགས་ཚད་མང་པོ་ཞིག་གི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། ཟླ་དང་པོ་ནས་དྲུག་པའི་བར་རླངས་འཁོར་ཐོན་སྐྱེད་དང་བྲིན་འཚོང་བྱེད་ཚད་ཁག་སོ་སོར་ཁྲི་1324.8དང་ཁྲི་1323.9ཟིན་པ་དེ་དུས་མཚུངས་ལས་9.3%དང་9.8%འཕར་ཡོད། དེའི་ནང་ནས་ནུས་ཁུངས་གསར་པའི་རླངས་འཁོར་མུ་མཐུད་དུ་མགྱོགས་མྱུར་ངང་འཕར་འགྲོ་བའི་རྣམ་པ་རྒྱུན་མཐུད་ཐུབ་ཡོད།

ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱི་སྤྱི་ཁྱབ་ལག་རྩལ་ཆེ་མོ་བ་གཞོན་པ་ཞུས་ཧའེ་ཏུང་གིས། ཟླ་བཞི་པ་ནས་བཟུང་རང་རྒྱལ་གྱི་རླངས་འཁོར་ཁྲོམ་རའི་དགོས་མཁོ་རིམ་བཞིན་སླར་གསོ་བྱུང་ནས་ལོ་སྟོད་དུ་རིམ་རྩིས་བྱས་ན་ཅུང་འཕར་མགྱོགས་ཙམ་ཡིན། ནུས་རྒྱུ་གསར་པའི་རླངས་འཁོར་མགྱོགས་མྱུར་འཕར་ནས་ཁྲོམ་རའི་ནང་བཟུང་ཚད་28.3%ཟིན་པ་དང་། རླངས་འཁོར་ཕྱིར་གཏོང་བྱེད་ཚད་འཕར་ཚད་མགྱོགས་པོ་བྱུང་སྟེ་ལོ་སྟོད་དུ་རླངས་འཁོར་ཁྲི་200ལས་བརྒལ་ནས་ཁྲོམ་ར་ཧྲིལ་པོའི་འཕར་ཚད་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད། ཀྲུང་གོའི་སྤུས་རྟགས་རླངས་འཁོར་གྱིས་ཁྲོམ་རའི་ནང་ 50%ཡན་བཟུང་ཡོད་ཅེས་ངོ་སྤྲོད་གནང་བ་རེད།

ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཁྲོམ་ར་འདི་ལོ་ཟླ་རེར་མང་དུ་འགྲོ་བ་དང་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་རྒྱུན་མཐུད་ངང་མང་དུ་འགྲོ་བཞིན་ཡོད་པ་རེད། ཟླ་དང་པོ་ནས་དྲུག་པའི་བར་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་དང་བྲིན་ཚོང་བྱེད་ཚད་ཁག་སོ་སོར་ཁྲི་378.8དང་ཁྲི་374.7ཟིན་པ་དེ་དུས་མཚུངས་ལས་ཁག་སོ་སོར་42.4%དང་44.1%འཕར་ཡོད་པ་རེད།

ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་ལོ་ཧྲིལ་པོར་རླངས་འཁོར་ཁྲོམ་རའི་ཐོག་འཕར་ཚད་3%ཟིན་རྒྱུ་ཡིན་པའི་སྔོན་དཔག་བྱས་པ་རེད། ལོ་སྨད་ལ་རྒྱང་ལྟ་བྱས་ཚེ། སྤྱི་ཁོག་དཔལ་འབྱོར་གྱི་རིམ་བཞིན་སླར་གསོ་ཡོང་བ་དང་བསྟུན་ནས་རླངས་འཁོར་ཁྲོམ་རར་བརྒྱུད་སྤྲོད་ཐུབ་པ་དང་རླངས་འཁོར་ཁྲོམ་རའི་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔར་བས་ཆེ་རུ་འགྲོ་རྒྱུ་ཡིན་པ་རེད།

འཛམ་གླིང་སྐར་ཁུངས།

▶ཕུའུ་ཅིང་གིས་ལོ་གཅིག་ནང་ཝ་ཀེ་ནར་ལུའུ་པུའུ་དུང་ཕྱུར་860ལྷག་་་

གཞན་ཡང་དབྱིན་ཇིའི་《འཕྲོད་བསྟེན་ཚགས་པར》ཐོག་ཚེས་24ཉིན་གནས་ཚུལ་སྤེལ་བར་གཞིགས་ན།ཕུའུ་ལི་ཀེ་རེན་རང་ཉིད་ཀྱིས་གནས་ཚུལ་དེ་ར་སྤྲོད་བྱེད་མྱོང་ཡོད་པ་དང་། ཁོང་གིས་དངུལ་དེ་ཝ་ཀེ་ན་ཚོགས་པའི་འགྲོ་སོང་ཐད་སྤྱོད་རྒྱུ་ཡིན་པར་བརྗོད་ཡོད།

中央广播电视总台 央广网 版权所有

ལོ་སྟོད་ལ་རང་རྒྱལ་གྱི་རླངས་འཁོར་ཐོན་འཚོང་བྱེད་ཚད་དུས་མཚུངས་པ་དང་བསྡུར་ན་ཁག་སོ་སོར་བརྒྱ་ཆ་9.3དང་བརྒྱ་ཆ་9.8འཕར་བ།

ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་ལོ་ཧྲིལ་པོར་རླངས་འཁོར་ཁྲོམ་རའི་ཐོག་འཕར་ཚད་3%ཟིན་རྒྱུ་ཡིན་པའི་སྔོན་དཔག་བྱས་པ་རེད། ལོ་སྨད་ལ་རྒྱང་ལྟ་བྱས་ཚེ།