ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

མོ་ཊ་ཉོས་ན་གཟིགས་སྐྱོང་རིན་གོང་མཐོ་ཤོས་སྒོར་ཁྲི12འདུག

2023-04-19 10:56:00     责编:娜科

    མོ་ཊ་ཉོ་རྩིས་ཡོད་མཁན་ཚོས་མགྱོགས་པོ་གཟིགས་དང་། 2023ལོའིའཁོར་རྒྱུག་ལ་སྐུལ་འདེད་བཏང་ནས་འཛད་སྤྱོད་རྒྱ་ཆེར་གཏོང་བའི་འགྲན་བསྡུར་དུས་ཚིགསཀྱི་ཕྱིར་འཚོང་འགྲན་བསྡུར་ཆེ་མོ་ཐེངས་གསུམ་པའི་གཟིགས་སྐྱོང་སླར་ཡང་ལོངས་སུ་སྤྱོད་ཆོག་གི་འདུག གཟིགས་སྐྱོང་ག་རེ་ཡོད་མེད་གཤམ་དུ་གཟིགས་དང་།

འཁོར་རྒྱུག་ལ་སྐུལ་འདེད་བཏང་ནས་འཛད་སྤྱོད་རྒྱ་ཆེར་གཏོང་བའི་འགྲན་བསྡུར་དུས་ཚིགས། ལྷ་སའི་ཁང་ཏ་ཚོགས་པ།

བྱེད་སྒོ་སྤེལ་བའི་དུས་ཚོད།

    ཟླ་4ཚེས་29ཉིན་ནས་ཟླ་5ཚེས་5ཉིན་བར།

    བྱེད་སྒོ་སྤེལ་ཡུལ། ལྷ་ས་གྲོང་ཁྱེར་སྣེའུ་དབན་ཏ་ཐང་ཆེན་ཁང་ཏ་མོ་ཊ་ཉོ་ཚོང་གླིང་། 2023ལོའི་ལྷ་ས་ཁང་ཏ་ཚོགས་པའི་མོ་ཊ་འགྲེམས་སྟོན་ཆེ་གྲས“མོ་ཊ་ཉོ་སྒྲུབ་ཁ་གསབ་དང་བཟོ་གྲྭ་དང་ཚོང་ཁང་གི་གཟིགས་སྐྱོང་ཆེན་པོའི”བྲིན་ཚོང་བྱེད་སྒོ།

    1. ཅུན་གཡོད་རྟགས་ཅན་གྱི་མོ་ཊའི་རིགས་ཉོས་ཚེ་གཟིགས་སྐྱོང་རིན་གོང་མཐོ་ཤོས་སྒོར་ཁྲི་5.5བྱ་རྒྱུ་དང་། མོ་ཊར་རིན་ཐང་སྒོར་5000རི་བའི་མཛེས་བཟོ་བྱ་རྒྱུ་མ་ཟད། རིན་མེད་ངང་རྨང་གཞིའི་བདག་སྐྱོང་ཐེངས་གཉིས་བྱ་རྒྱུ།

    2. ཁའེ་ཐོ་ཀྲེ་རྟགས་ཅན་གྱི་མོ་ཊའི་རིགས་ཉོས་ཚེ་གཟིགས་སྐྱོང་རིན་གོང་མཐོ་ཤོས་སྒོར་ཁྲི་5.8བྱ་རྒྱུ་དང་། མོ་ཊར་རིན་ཐང་སྒོར་5000རི་བའི་མཛེས་བཟོ་བྱ་རྒྱུ་མ་ཟད། ལོ་གཅིག་ནང་རིན་མེད་ངང་རྨང་གཞིའི་བདག་སྐྱོང་ཐེངས་གཉིས་བྱ་རྒྱུ།

    3. ལིང་ཧྥང་རྟགས་ཅན་གྱི་སྒུལ་ཤུགས་གཉིས་ལྡན་གྱི་མོ་ཊའི་རིགས་ཉོས་ཚེ་དངུལ་སྨར་སྒོར་ཁྲི་2ཀྱི་གཟིགས་སྐྱོང་བྱ་རྒྱུ་དང་སྒོར་ཁྲི་1རི་བའི་སྤུས་ལེགས་ལག་རྟགས་སྤྲོད་རྒྱུ།

    4. ཅེ་ཏ་རྟགས་ཅན་གྱི་དམིགས་འཛུགས་མོ་ཊའི་རིགས་ཉོས་ཚེ་གཟིགས་སྐྱོང་རིན་གོང་སྒོར་ཁྲི་1.4བྱ་རྒྱུ།

    5. ཀྲུང་གོ་རླངས་འཁོར་ཚོགས་པ་ཚད་ཡོད་ཀུང་སི་དང་པོའི་ཏ་ཀྲུང་ལན་ཅིང་གི་མོ་ཊ་ཉོས་ཚེ་ཕྱོགས་བསྡུས་གཟིགས་སྐྱོང་རིན་གོང་སྒོར་ཁྲི་3.5བྱ་རྒྱུ།

    6. ཝེ་ལི་རྟགས་ཅན་གྱི་སྒུལ་ཤུགས་གཉིས་ལྡན་གྱི་མོ་ཊའི་རིགས་ཉོས་ཚེ་གཟིགས་སྐྱོང་རིན་གོང་སྒོར་ཁྲི་2བྱ་རྒྱུ།

    7. ཧྥུ་ཐེ་EV0Sརྟགས་ཅན་གྱི་མི་ཊའི་རིགས་ཉོས་ཚེ་གཟིགས་སྐྱོང་རིན་གོང་མཐོ་ཤོས་སྒོར་ཁྲི་5བྱ་རྒྱུ།

    8. ཨའོ་ཏི་རྟགས་ཅན་གྱི་མོ་ཊའི་རིགས་ཉོས་ཚེ་ཕྱོགས་བསྡུས་གཟིགས་སྐྱོང་རིན་གོང་མཐོ་ཤོས་སྒོར་ཁྲི་7.2བྱ་རྒྱུ།

    9. ཀོང་ཀྲོའུ་རླངས་འཁོར་ཚད་ཡོད་ཀུང་སིའི་པེན་ཐེན་རྟགས་ཅན་གྱི་ནུས་རྒྱུ་གསར་པའི་ཅི་ཕའེ་རྟགས་ཅན་གྱི་མོ་ཊའི་རིགས་ཉོས་ཚེ་གཟིགས་སྐྱོང་རིན་གོང་སྒོར་ཁྲི་6བྱ་རྒྱུ།

    10. ཁའེ་ཏེ་ལ་ཁེ་CT6རྟགས་ཅན་གྱི་མོ་ཊའི་རིགས་ཉོས་ཚེ་གཟིགས་སྐྱོང་རིན་གོང་མཐོ་ཤོས་སྒོར་ཁྲི་12བྱ་རྒྱུ།

    11. ལིང་ཁེ་09-EMPརྟགས་ཅན་གྱི་མོ་ཊའི་རིགས་ཉོས་ཚེ་རིན་གཟིགས་སྐྱོང་རིན་གོང་མཐོ་ཤོས་སྒོར་ཁྲི་1.8བྱ་རྒྱུ།

    12. ཝུའེ་ཕའེ་མོ་གཱ་PHEVརྟགས་ཅན་གྱི་མོ་ཊའི་རིགས་ཉོས་ཚེ་དངུལ་སྨར་སྒོར་ཁྲི་5ཡི་གཟིགས་སྐྱོང་བྱ་རྒྱུ།

    13. པེ་ཅིང་དེང་རབས་རྟགས་ཅན་གྱི་རབས་བཞི་པའི་ཧྲེང་ཏེ་རྟགས་ཅན་གྱི་མོ་ཊའི་རིགས་ཉོས་ཚེ་གཟིགས་སྐྱོང་རིན་གོང་སྒོར་ཁྲི་4.5བྱ་རྒྱུ།

    14. ཀོང་ཀྲོའུ་རླངས་འཁོར་ཚད་ཡོད་ཀུང་སིའི་ཁྲོན་ཆིGS3རྟགས་ཅན་གྱི་མོ་ཊའི་རིགས་ཉོས་ཚེ་དངུལ་སྨར་སྒོར་ཁྲི་1གི་གཟིགས་སྐྱོང་བྱ་རྒྱུ་བཅས་རེད།

    རླངས་འཁོར་ཉོ་སར་ཡོང་མཁན་ཚང་མར་གཙོ་གཉེར་ཕྱོགས་ཀྱིས་སྤུས་ལེགས་ལག་རྟགས་རེ་སྤྲོད་རྒྱུ་ཡིན་པ་དང་། དེ་གར་མོ་ཊའི་ཉོ་སྒྲུབ་ཀྱི་ཁ་གསབ་དང་། བཟོ་གྲྭ་དང་འགྲེམས་ཞུགས་ཚོང་པ་བཅས་ཀྱི་མོ་ཊའི་འགྲེམས་སྟོན་གྱི་ཆེད་མངགས་གཟིགས་སྐྱོང་བྱེད་སྒོ་ཕུད། ས་གནས་ས་ཐོག་ཏུ་མོ་ཊ་མངགས་ཉོའི་བྱ་དགའ་ཆེན་པོ་ཡང་བཀོད་སྒྲིག་བྱས་ཡོད་པ་རེད།

ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།

འཛམ་གླིང་སྐར་ཁུངས།

▶ལོ་80ལ་སླེབས་པའི་པའེ་ཏེང་2024ལོར་མུ་མཐུད་ཙུང་ཐུང་་་

ལུའུ་ཐུའུ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། པའེ་ཏེང་གི་ལག་རོགས་དང་མནའ་གྲོགས་ཀྱིས་འདེམས་འགྲན་ནང་ཞུགས་པའི་གྲ་སྒྲིག་བྱེད་སྒོ་སྤེལ་འགོ་ཚུགས་ཤིང་མ་དངུལ་གྲབས་གསོག་གི་སྒྲིག་གཞི་འཛུགས་འགོ་ཚུགས་ཡོད།

中央广播电视总台 央广网 版权所有

མོ་ཊ་ཉོས་ན་གཟིགས་སྐྱོང་རིན་གོང་མཐོ་ཤོས་སྒོར་ཁྲི12འདུག

རླངས་འཁོར་ཉོ་སར་ཡོང་མཁན་ཚང་མར་གཙོ་གཉེར་ཕྱོགས་ཀྱིས་སྤུས་ལེགས་ལག་རྟགས་རེ་སྤྲོད་རྒྱུ་ཡིན་པ་དང་། དེ་གར་མོ་ཊའི་ཉོ་སྒྲུབ་ཀྱི་ཁ་གསབ་དང་། བཟོ་གྲྭ་དང་འགྲེམས་ཞུགས་ཚོང་པ་བཅས་ཀྱི་མོ་ཊའི་འགྲེམས་སྟོན་གྱི་ཆེད་མངགས་གཟིགས་སྐྱོང་བྱེད་སྒོ་ཕུད། ས་གནས་ས་ཐོག་ཏུ་མོ་ཊ་མངགས་ཉོའི་བྱ་དགའ་ཆེན་པོ་ཡང་བཀོད་སྒྲིག་བྱས་ཡོད་པ་རེད།