ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལྗར་པན་ཧྥུ་ཏའོ་ཡི་ཉིང་རྡུལ་བཙོག་ཆུ་དང་ཉིང་རྡུལ་གློག་ཁང་གི་རྒྱུན་ལྡན་འཁོར་རྒྱུག་བྱེད་བཞིན་པའི་བཤེར་གཟུགས་འབུད་བཤངས་དངོས་པོའི་དབར་ངོ་བོའི་རང་བཞིན་གྱི་ཁྱད་པར་ཡོད།

2021-04-19 10:28:00     责编:nake

  འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།ལྗར་པན་སྲིད་གཞུང་གིས་ཉེ་དུས་ཧྥུ་ཏའོ་ཉིང་རྡུལ་གློག་ཁང་དང་པོའི་ཉིང་རྡུལ་བཙོག་ཆུ་ཐག་གཅོད་བྱས་རྗེས་རྒྱ་མཚོའོ་ནང་འབུད་བཤངས་བྱ་རྒྱུའི་ཐག་བཅད་པ་དེར་ཕྱོགས་ཀུན་གྱིས་རྒྱ་ཁྱབ་ཐོག་དོ་ཁུར་བྱས་ཡོད། ཀྲུང་གོའི་ཉིང་ནུས་ལས་རིགས་མཐུན་ཚོགས་རིག་གཅིག་མཁས་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རིན་གཞོན་པ་ཀྲའོ་ཁྲེང་ཁུན་གྱིས་ལྗར་པན་ཧྥུ་ཏའོ་ཡི་ཉིང་རྡུལ་བཙོག་ཆུ་དང་ཉིང་རྡུལ་གློག་ཁང་གི་རྒྱུན་ལྡན་འཁོར་རྒྱུག་བྱེད་བཞིན་པའི་བཤེར་གཟུགས་འབུད་བཤངས་དངོས་པོའི་དབར་ངོ་བོའི་རང་བཞིན་གྱི་ཁྱད་པར་ཡོད་པས། ལྗར་པན་གྱིས་རང་རྒྱལ་ཁབ་ཀྱི་མང་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་འགན་ཁུར་བའི་རྣམ་འགྱུར་ཐོག་ནས་གཟབ་ནན་གྱི་བྱ་ཐབས་བཟུང་དགོས་པ་དང་། ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད་པའི་ཕྱོགས་ཁག་མཉམ་ཞུགས་དང་མཉམ་དུ་ལྟ་སྐུལ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཐག་གཅོད་བྱ་ཐབས་ལེགས་ཤོས་གདམ་དགོས་པའི་ངོས་འཛིན་གནང་བ་རེད།

  མི་ཁག་གཅིག་གིས་ལྗར་པན་ཧྥུ་ཏའོ་ཉིང་རྡུལ་དོན་རྐྱེན་ཐག་གཅོད་བྱས་རྗེས་ཀྱི་བཙོག་ཆུ་དང་རྒྱལ་ཁབ་ཁག་གི་ཉིང་རྡུལ་གློག་ཁང་གི་རྒྱུན་ལྡན་འཁོར་རྒྱུག་བྱེད་བཞིན་པའི་གཤེར་གཟུགས་འབུད་བཤངས་དངོས་པོའི་དབར་བསྡུར་བ་བཏང་ཡོད། ཀྲུང་གོའི་ཉིང་ནུས་ལས་རིགས་མཐུན་ཚོགས་རིག་གཅིག་མཁས་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རིན་གཞོན་པ་ཀྲའོ་ཁྲེང་ཁུན་གྱིས་དེ་གཉིས་པོར་བསྡུར་བ་གཏོང་རིན་མེད་ཅིང་། གཉིས་ཀ་བཙོག་ཆུ་ཡིན་ཡང་། བཙོག་ཆུའི་ཡོངས་ཁུངས་ལ་ངོ་བོའི་རང་བཞིན་གྱི་ཁྱད་པར་ཡོད་པའི་ངོས་འཛིན་གནང་བ་རེད།

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ཡིག་སྒྱུར། ཟླ་བ་གཡུ་སྒྲོན།

འཛམ་གླིང་སྐར་ཁུངས།

▶དབྱིན་ཇིའི་རྒྱལ་མོའི་སྐུ་ཟླ་ཧྥེ་ལི་ཕུའུ་ཡི་འདས་མཆོད།

ས་གནས་དེ་གའི་དུས་ཚོད་ཀྱི་ཚེས་17ཉིན། གྲོངས་ཟིན་པའི་དབྱིན་ཇིའི་རྒྱལ་མོའི་སྐུ་ཟླ་ཧྥེ་ལི་ཕུའུ་ཡི་འདས་མཆོད་དེ་ཝུན་ཧྲ་མཁར་དུ་ཡོད་པའི་ཧྲིན་ཆའོ་

中央广播电视总台 央广网 版权所有

ལྗར་པན་ཧྥུ་ཏའོ་ཡི་ཉིང་རྡུལ་བཙོག་ཆུ་དང་ཉིང་རྡུལ་གློག་ཁང་གི་རྒྱུན་ལྡན་འཁོར་རྒྱུག་བྱེད་བཞིན་པའི་བཤེར་གཟུགས་འབུད་བཤངས་དངོས་པོའི་དབར་ངོ་བོའི་རང་བཞིན་གྱི་ཁྱད་པར་ཡོད།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།ལྗར་པན་སྲིད་གཞུངམི་ཁག་གཅིག་གིས་ལྗར་པན་ཧྥུ་ཏའོ་ཉིང་རྡུལ་དོན་རྐྱེན་ཐ