ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཅེ་ཁེས་ཨུ་རུ་སུའི་ཕྱི་འབྲེལ་དཔོན་མཐར་སྐྲོད་བཏང་བའི་ཐད་ཨུ་རུ་སུས་རྒོལ་གཏམ་བཏང་བ།

2021-04-19 10:27:00     责编:nake

  འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་18ཉིན་ཨུ་རུ་སུའི་ཕྱི་འབྲེལ་པུས་གསལ་བསྒྲགས་སྤེལ་ནས་ཅེ་ཁེས་ཨུ་རུ་སུའི་ཕྱི་འབྲེལ་དཔོན་18མཐར་སྐྲོད་བཏང་བར་རྒོལ་གཏམ་དྲག་པོ་བཏང་བ་རེད། ཨུ་རུ་སུའི་ཕྱི་འབྲེལ་པུའི་མགྲིན་ཚབ་པས་དེ་ཉིན་ཉེ་དུས་ལན་སློག་པའི་རང་བཞིན་གྱི་བྱེད་ཐབས་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

  ཨུ་རུ་སུའི་ཕྱི་འབྲེལ་པུས་ཉིན་དེར་སྤེལ་བའི་གསལ་བསྒྲགས་ནང་ཅེ་ཁེ་སྲིད་གཞུང་གིས་ཁུངས་ལུང་སྤུ་ཙམ་མེད་པ་དང་བཙན་ཤེད་ཀྱི་མིང་ཐོག་ནས་ཨུ་རུ་སུའི་ཕྱི་འབྲེལ་དཔོན་18ཕྱིར་འབུད་བྱ་རྒྱུའི་གཏན་འཁེལ་བྱས་ཏེ། ཨུ་རུ་སུའི་གསང་འཕྲིན་སྡེ་ཚན་2014ལོའི་ཅེ་ཁེའི་མཚོན་ཆའི་མཛོད་ཅིག་གི་འབར་གས་དོན་རྐྱེན་ནང་ཞུགས་ཡོད་ཅེས་བཤད་ཡོད། བཤད་སྟངས་དེ་ནི་ཁུངས་ལུང་གཏན་ནས་མེད་པ་ཞིག་རེད།གང་ལགས་ཤེ་ན།ཅེ་ཁེའི་འགོ་ཁྲིད་པས་དེ་གོང་འབར་གས་དེ་དམག་དོན་མཛོད་ཁང་ཁོངས་གཏོགས་ཀྱི་ཀུང་སིར་ཁག་དཀྲི་གི་ཡོད་པས་རེད།

  གསལ་བསྒྲགས་ནང་ཅེ་ཁེས་ཨུ་རུ་སུའི་ཕྱི་འབྲེལ་དཔོན་མཐར་སྐྲོད་གཏོང་བའི་དགྲར་འཛིན་བྱེད་སྤྱོད་ནི་ཉེ་བའི་ལོ་ཤས་རིང་ཨུ་རུ་སུར་ངོ་རྒོལ་བྱེད་པའིབྱ་སྤྱོད་རྒྱུན་མཐུད་བྱས་པ་ཞིག་རེད། ཕྱིར་འབུད་བྱ་སྤྱོད་ཀྱི་རྒྱབ་ཏུ་ཨ་རིའི་“རྗེས་ཤུལ་”མང་པོ་ཡོད་ཅེས་བསྟན་པ་དང་། གསལ་བསྒྲགས་ནང་། ཨུ་རུ་སུ་ཕྱོགས་ཀྱིས་ངོ་རྒོལ་གྱི་བྱེད་ཐབས་སྤྱད་དེ་འཁྲུག་རྐྱེན་སློང་མཁན་ལ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་ལྡན་ལྟར་འཕེལ་རྒྱས་འགྲོ་རྒྱུར་གཏོར་བཤིག་གཏོང་བའི་འགན་འཁྲི་ཚང་མ་ཁོ་ཚོར་ཡོད་པ་ཚོར་དུ་བཅུག་གི་ཡིན་ཞེས་ནན་སྟོན་བྱས་ཡོད།

  སྤྱི་ཚེས་18ཉིན་ཨུ་རུ་སུའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲ་ཧ་ལུའོ་ཝ་ཡིས“ཨུ་རུ་སུ་-1”བརྙན་འཕྲིན་འཕྲིན་ལམ་བརྒྱུད་དེ་ཨུ་རུ་སུ་ཕྱོགས་ཀྱིས་ཉེ་དུས་ཅེ་ཁེསཨུ་རུ་སུའི་ཕྱི་འབྲེལ་དཔོན་མཐར་སྐྲོད་གཏོང་བར་དམིགས་པའི་ལན་སློག་རང་བཞིན་གྱི་བྱེད་ཐབས་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

  གཞན་ཡང་ཟླ་འདིའི་ཚེས་16ཉིན་ཨུ་རུ་སུའི་ཕྱི་འབྲེལ་པུས་ཨུ་རུ་སུར་བཅའ་སྡོད་ཕོ་ལན་གྱི་ཕྱི་འབྲེལ་དཔོན་5ཕྱིར་འབུད་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ནས་ཕོ་ལན་ནས་ཨུ་རུ་སུའི་ཕྱི་འབྲེལ་དཔོན་གསུམ་ཕྱིར་འབུད་བྱས་པ་དེར་ཡ་ལན་སྤྲད་པ་རེད། ཚེས་18ཉིན་ཅེ་ཁེས་ཨུ་རུ་སུའི་ཕྱི་འབྲེལ་དཔོན་ཕྱིར་འབུད་བྱ་རྒྱུའི་ཁྱབ་བསྒྲགས་བྱས་རྗེས།ཕོ་ལན་གྱི་ཕྱི་འབྲེལ་པུས་གསལ་བསྒྲགས་སྤེལ་ནས་བྱ་སྤྱོད་དེར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ཡིག་སྒྱུར། ཟླ་བ་གཡུ་སྒྲོན།

འཛམ་གླིང་སྐར་ཁུངས།

▶དབྱིན་ཇིའི་རྒྱལ་མོའི་སྐུ་ཟླ་ཧྥེ་ལི་ཕུའུ་ཡི་འདས་མཆོད།

ས་གནས་དེ་གའི་དུས་ཚོད་ཀྱི་ཚེས་17ཉིན། གྲོངས་ཟིན་པའི་དབྱིན་ཇིའི་རྒྱལ་མོའི་སྐུ་ཟླ་ཧྥེ་ལི་ཕུའུ་ཡི་འདས་མཆོད་དེ་ཝུན་ཧྲ་མཁར་དུ་ཡོད་པའི་ཧྲིན་ཆའོ་

中央广播电视总台 央广网 版权所有

ཅེ་ཁེས་ཨུ་རུ་སུའི་ཕྱི་འབྲེལ་དཔོན་མཐར་སྐྲོད་བཏང་བའི་ཐད་ཨུ་རུ་སུས་རྒོལ་གཏམ་བཏང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ས་གནས་དེ་གའི་དུཨུ་རུ་སུའི་ཕྱི་འབྲེལ་པུས་ཉིན་དེར་སྤེལ་བའི་གསལ་བསྒྲ