ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་མཁའ་སྐྱོད་མཉམ་ལས་གླེང་སྟེཊ་འདིར་ཤིས་འཕྲིན་སྤྲིངས།

2024-04-25 11:12:00     责编:卓玛才让
       རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་4ཚེས་24ཉིན་“སྐབས་དང་པོའི་ཀྲུང་གོ་དང་ལ་ཏིང་ཨ་མེ་རི་ཁ་དང་ཅ་ལེ་པིའི་རྒྱལ་ཁབ་ཀྱི་མཁའ་སྐྱོད་མཉམ་ལས་གླེང་སྟེགས”ལ་ཤིས་འཕྲིན་སྤྲིངས་གནང་བ་རེད།

     ཞི་ཅིན་ཕིང་གིས། ད་ལོ་ནི་ང་རང་དང་ལ་ཏིང་ཨ་མེ་རི་ཁ་ཕྱོགས་ཀྱི་འགོ་ཁྲིད་མི་སྣས་ཐུན་མོང་ཐོག་ཀྲུང་གོ་དང་ལ་ཏིང་ཨ་མེ་རི་ཁ་དང་ཅ་ལེ་པི་རྒྱལ་ཁབ་ཀྱི་ཐུན་མོང་ཚོགས་པའི་གླེང་སྟེགས་དབུ་བརྙེས་པ་ཁྱབ་བསྒྲགས་བྱས་ནས་ལོ་10འཁོར་བའི་ལོ་རེད། ལོ་ངོ་10ཡི་རིང་། ཀྲུང་གོ་དང་ལ་ཏིང་ཨ་མེ་རི་ཁའི་གླེང་སྟེགས་ཀྱི་སྒྲོམ་གཞིའི་ནང་། ཀྲུང་གོ་དང་ལ་ཏིང་ཨ་མེ་རི་ཁའི་ཁྱབ་ཁོངས་ཁག་གི་མཛའ་གྲོགས་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་ཕྱིན་ནས། ཀྲུང་གོ་དང་ལ་ཏིང་ཨ་མེ་རི་ཁའི་འབྲེལ་བ་འདྲ་མཉམ་དང་གཉིས་ཕན། གསར་གཏོད། སྒོ་དབྱེ། དམངས་ཕན་བཅས་ཀྱི་དུས་རབས་གསར་པར་སླེབས་པར་སྐུལ་འདེད་བཏང་ཡོད། ང་རང་ནས་དགའ་ཚོར་ཆེན་པོས་ཉེ་བའི་ལོའི་རིང་ཀྲུང་གོ་དང་ལ་ཏིང་ཨ་མེ་རི་ཁའི་མཁའ་སྐྱོད་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་མཐོང་བྱུང་། ཕྱོགས་གཉིས་པོའི་རྒྱང་ཚོར་སྲུང་སྐར་དང་། འཕྲིན་གཏོང་སྲུང་སྐར། བར་སྣང་ཁམས་ཀྱི་ས་ཚིགས་དྲ་བ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་འཕེལ་རིམ་གསར་པ་ཟམ་མི་ཆད་པར་ཐོན་ཏེ། ཚན་རྩལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དང་། ས་ཁོངས་མཉམ་སྦྲེལ་ལ་ཤུགས་སྣོན་རྒྱག་པ། དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ་བཅས་ཀྱི་ཐད་ནུས་པ་གལ་ཆེན་འདོན་སྤེལ་ཐུབ་ཡོད། ཀྲུང་གོས་ལ་ཏིང་ཨ་མེ་རི་ཁ་དང་ཅ་ལེ་པིའི་རྒྱལ་ཁབ་དང་ལྷན་དུ། སྐབས་དང་པོའི་ཀྲུང་གོ་དང་ལ་ཏིང་ཨ་མེ་རི་ཁའི་མཁའ་སྐྱོད་མཉམ་ལས་གླེང་སྟེགས་དེ་འགོ་འཛུགས་སར་བརྩིས་ཐོག ཆུ་ཚད་མཐོ་བའི་ཀྲུང་གོ་དང་ལ་ཏིང་ཨ་མེ་རི་ཁའི་མཁའ་སྐྱོད་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་པ་དང་། མཁའ་སྐྱོད་ལག་རྩལ་གྱིས་དེ་བས་ལེགས་པའི་སྒོ་ནས་ཕྱོགས་གཉིས་པོའི་མི་དམངས་ལ་ཕན་ཁེ་བསྐྲུན་པར་སྐུལ་འདེད་གཏོང་བ། ཀྲུང་གོ་དང་ལ་ཏིང་ཨ་མེ་རི་ཁའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་རྒྱུན་མཐུད་གཏོང་བ་བཅས་བྱ་འདོད་ཡོད་ཅེས་བསྟན་འདུག

     སྐབས་དང་པོའི་“ཀྲུང་གོ་དང་ལ་ཏིང་ཨ་མེ་རི་ཁ་དང་ཅ་ལེ་པིའི་རྒྱལ་ཁབ་ཀྱི་མཁའ་སྐྱོད་མཉམ་ལས་གླེང་སྟེགས”ཉིན་དེར་ཧུའུ་པེ་ཝུའུ་ཧན་དུ་འགོ་ཚུགས་པ་དང་། ཀྲུང་གོ་རྒྱལ་ཁབ་མཁའ་སྐྱོད་ཅུས་དང་ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་གཉེར་བྱས་པ་རེད།

中央广播电视总台 央广网 版权所有

ཞི་ཅིན་ཕིང་གིས་མཁའ་སྐྱོད་མཉམ་ལས་གླེང་སྟེཊ་འདིར་ཤིས་འཕྲིན་སྤྲིངས།