ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་ནས་སི་ལོ་ཝ་ཁེའི་ཙུང་ཐུང་ལ་རྟེན་འབྲེལ་གློག་འཕྲིན་བཏང་།

2024-04-13 11:18:00     责编:娜科

ཟླ་4ཚེས་11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པི་ཏེ·ཕེ་ལེ་ཀེ་ལི་ཉི་ལ་གློག་འཕྲིན་བཏང་ནས། ཁོང་སི་ལོ་ཝ་ཁེ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་པ་རེད།

ཞི་ཅིན་ཕིང་གིས། ཀྲུང་གོ་དང་སི་ལོ་ཝ་ཁེའི་སྲོལ་རྒྱུན་མཛའ་གྲོགས་དང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་དུས་ཡུན་རིང་ལ་སྔར་བས་སྲ་བརྟན་དུ་འགྲོ་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་སི་ལོ་ཝ་ཁེའི་འབྲེལ་བར་འཕེལ་རྒྱས་འགྲོ་ཚུལ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད་ཅིང་། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་མདུན་ལམ་རྒྱ་ཆེན་པོ་ལྡན་ཡོད། ད་ལོ་ནི་ཀྲུང་གོ་དང་སི་ལོ་ཝ་ཁེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བའི་ལོ་ཡིན་པ་དང་། ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བར་གལ་ཆེའི་གོ་སྐབས་གསར་པ་འཕྲད་ཡོད། ང་རང་ནས་ཀྲུང་སིའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། བདམས་ཐོན་བྱུང་བའི་ཙུང་ཐུང་ཕེ་ལེ་ཀེ་ལི་ཉི་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཟབ་ཏུ་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་དང་དེ་བཞིན་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་དབར་གྱི་མཉམ་ལས་རྒྱ་ཆེར་གཏོང་བ་བརྒྱུད། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་བསྐྲུན་འདོད་ཡོད་ཅེས་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག སྐལ་བཟང་བདེ་སྐྱིད།

ཡིག་སྒྱུར། གཡུ་སྒྲོན།

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།

中央广播电视总台 央广网 版权所有

ཞི་ཅིན་ཕིང་ནས་སི་ལོ་ཝ་ཁེའི་ཙུང་ཐུང་ལ་རྟེན་འབྲེལ་གློག་འཕྲིན་བཏང་།