ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་ནས་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་དང་མཇལ་འཕྲད་གནང་བ།

2024-04-10 11:12:00     责编:卓玛才让
      རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་9ཉིན་གྱི་ཕྱི་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལ་ཧྥུ་ལུའོ་ཧྥུ་དང་མཇལ་འཕྲད་གནང་བ་རེད།

     ཞི་ཅིན་ཕིང་གིས་ལ་ཧྥུ་ལུའོ་ཧྥུར་ཙུང་ཐུང་ཕུའུ་ཅིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་ལུགས་བརྒྱུད་ཞུ་གནང་རོགས་ཞུས་པ་རེད། ཞི་ཅིན་ཕིང་གིས། ད་ལོ་ནི་ཀྲུང་གོ་དང་ཨུ་རུ་སུའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བའི་ལོ་རེད། ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོས་ལག་གདང་སྦྲེལ་ནས་རྒྱལ་ཁབ་ཆེན་པོ་དང་ཁྱིམ་མཚེས་རྒྱལ་ཁབ་འཆམ་མཐུན་མཉམ་གནས་དང་མཉམ་ལས་མཉམ་རྒྱལ་གྱི་ལམ་བུ་གསར་རྐྱང་ཞིག་གི་ཐོག་བསྐྱོད་ནས། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད་ལ། རྒྱལ་སྤྱིའི་གཞུང་དྲང་དྲང་བདེན་ཆེད་དུ་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད། ང་རང་དང་ཙུང་ཐུང་ཕུའུ་ཅིང་དབར་མུ་མཐུད་དེ་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱས་ནས་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་བདེ་བླག་དང་བརྟན་ལྷིང་ངང་གོང་འཕེལ་འགྲོ་རྒྱུར་འགན་ལེན་བྱ་རྒྱུའི་ཐད་མོས་མཐུན་གཅིག་གྱུར་བྱུང་ཞེས་བསྟན་གནང་ཡོད།

     ཞི་ཅིན་ཕིང་གིས། ཕྱོགས་གཉིས་པོས་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བ་དང་ཀྲུང་གོ་དང་ཨུ་རུ་སུའི་རིག་གནས་ལོ་གཉེར་བ་གོ་སྐབས་སུ་བཟུང་ནས། ང་རང་དང་ཙུང་ཐུང་ཕུའུ་ཅིང་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་རབ་དང་རིམ་པ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས་ཞེས་བསྟན་གནང་ཡོད།

     ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ནས་ཨུ་རུ་སུའི་མི་དམངས་ཀྱིས་རང་རྒྱལ་ཁབ་ཀྱི་རྒྱལ་ཚུལ་དང་འཚམ་པའི་གོང་འཕེལ་གྱི་ལམ་བུའི་ཐོག་སྐྱོད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། ཨུ་རུ་སུ་ཕྱོགས་ནས་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བ་དང་སྤྱི་ཚོགས་ཀྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ནས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ཅིང་། ཨུ་རུ་སུ་ཕྱོགས་དང་ལྷན་དུ་ཕྱོགས་གཉིས་འབྲེལ་གཏུག་ཟབ་ཏུ་གཏོང་བ་དང་འབོ་གསེར་རྒྱལ་ཁབ་དང་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་སོགས་ཕྱོགས་མང་འཐབ་ཇུས་རོགས་ལས་ལ་ཤུགས་སྣོན་རྒྱག་པ། དེ་བས་ཆེ་བའི་འགན་འཁྲི་འཁུར་སེམས་མངོན་པ། འདྲ་མཉམ་དང་སྒོ་དབྱེ། ཕྱི་གསལ་ནང་གསལ། ཁོང་ཡངས་བཅས་ཀྱི་སྙིང་སྟོབས་ལ་བརྟེན་ནས“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”རྒྱལ་ཁབ་མཐུན་སྒྲིལ་བྱེད་པ་བཅས་ཀྱི་ཐོག་ནས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བསྒྱུར་བཅོས་ལ་སྐུལ་འདེད་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་སྣེ་ཁྲིད་ནུས་ལྡན་བྱེད་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།

     ལ་ཧྥུ་ལུའོ་ཧྥུས་ཙུང་ཐུང་ཕུའུ་ཅིང་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་མཛའ་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་ལུགས་བརྒྱུད་ཞུ་གནང་བ་རེད། ཁོང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ཀྲུང་གོར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་ཁུར་བྱེད་པའི་གྲུབ་འབྲས་ཐོབ་ཡོད་པ་དང་། རྒྱལ་ཁབ་གཞན་དག་ནས་ཐུན་མོང་གོང་འཕེལ་མངོན་འགྱུར་ཡོང་བ་བྱེད་པར་གོ་སྐབས་གལ་ཆེན་བཏོད་ཡོད་པས། ཨུ་རུ་སུ་ཕྱོགས་ནས་ཡི་རང་ཆེན་པོ་ཞུ་བཞིན་ཡོད། ཨུ་རུ་སུའི་ཕྱི་འབྲེལ་སྲིད་ཇུས་ཀྱི་སྔོན་འགྲོའི་བྱེད་ཕྱོགས་ནི་ཀྲུང་གོའི་དབར་གྱི་འབྲེལ་བ་ཁྱོན་ཡོངས་ནས་སྲ་བརྟན་དང་གོང་འཕེལ་གཏོང་རྒྱུ་དེ་ཡིན། ཙུང་ཐུང་ཕུའུ་ཅིང་ནས་བདེ་བླག་ངང་འགན་གནས་བསྟུན་འཛིན་གནང་བ་དེས་ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བའི་རྒྱུན་མཐུད་རང་བཞིན་ལ་འགན་ལེན་ཐུབ་ཡོད། ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བ་དེ་འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་ཐོག་བཙུགས་པ་ཞིག་ཡིན་པས། འཇམ་འཐབ་དུས་སྐབས་ཀྱི་མནའ་འབྲེལ་འབྲེལ་བ་ལས་ཐོལ་བརྒལ་བྱུང་ཡོད་ཅིང་། དེའི་ཐོག་ནས་སྟོབས་ཆེའི་ལྡེམ་ཤུགས་ཆེན་པོ་མངོན་ཡོད། ཨུ་རུ་སུ་ཕྱོགས་ནས་ཀྲུང་གོ་ཕྱོགས་དང་ལྷན་དུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཕྱོགས་གཉིས་དང་ཕྱོགས་མང་རོགས་ལས་ལ་ཤུགས་སྣོན་རྒྱག་པ། “གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”རྒྱལ་ཁབ་གཞན་དག་དང་ལྷན་དུ་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐོག་ནས། དེ་བས་གཞུང་དྲང་དང་དྲང་བདེན་གྱི་རྒྱལ་སྤྱིའི་སྒྲིག་ལམ་ཞིག་ཆགས་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས་པ་རེད།

     ཝང་དབྱི་གོང་གསལ་བྱེད་སྒོར་ཞུགས་ཡོད་པ་རེད།

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།

中央广播电视总台 央广网 版权所有

ཞི་ཅིན་ཕིང་ནས་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་དང་མཇལ་འཕྲད་གནང་བ།