ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་ནས་འཕྲལ་རྒོལ་རུ་ཁག་འདིའི་རུ་མི་ཚོར་འཕྲིན་ལན་སྤྲིངས་པ།

2024-04-10 11:12:00     责编:卓玛才让
      ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར“གླག་རྒོད་འཕྲལ་རྒོལ་རུ་ཁག”གི་རུ་མི་ཡོངས་ལ་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་བྱམས་བརྩེའི་ལྕག་སྐུལ་གནང་བ་རེད།

     ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། ང་རང་ནས་ལོ་10ཡི་གོང་ཁྱེད་ཚོར་དར་ཆ་སྤྲོད་སྐབས་ཀྱི་རྣམ་པ་ད་ལྟ་ད་དུང་གསལ་པོར་དྲན་གྱི་འདུག ཁྱེད་ཚོས་ལོ་10ཡི་རིང་བློ་རྩ་བརྟན་པོས་དར་ཆ་སྒྲེང་ནས་བླ་སྲོག་བཏོད་པ་དང་། དམིགས་བསལ་དམག་འཐབ་ཀྱི་འཇོན་ནུས་སྦྱོང་བརྡར་ནན་པོ་བྱས་ཏེ། ཕྲག་སྟེང་དུ་འཁུར་བའི་ལས་འགན་ལེགས་པར་སྒྲུབ་པ་ཤེས་སྐབས། ང་རང་དགའ་ཚོར་ཧ་ཅང་ཆེན་པོ་བྱུང་ཞེས་གསུངས་གནང་ཡོད།

     ཞི་ཅིན་ཕིང་གིས། དམིགས་བསལ་དམག་འཐབ་དཔུང་སྡེའི་ཕྲག་སྟེང་དུ་དམིགས་བསལ་གྱི་ལས་འགན་འཁུར་ཡོད་པས། ངེས་པར་དུ་ཆབ་སྲིད་དང་དམག་དོན་ཐད་ཉམས་སད་ཆེན་པོ་ཐེག་ཐུབ་པ་དགོས། ཁྱེད་ཚོས་ཡང་འབད་བསྐྱར་འབད་ཀྱིས་ལྷད་མེད་ཀྱི་གཤིས་རྒྱུད་ཞུན་བརྡར་ལེགས་པར་བྱེད་པ་དང་དངོས་འཐབ་ཅན་ལ་དམིགས་པའི་སྦྱོང་བརྡར་བྱེད་པ། དཀའ་ངལ་ལ་མི་སྐྲག་ཅིང་འཆི་རྒྱུར་མི་སྐྲག་པའི་དམག་འཐབ་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ཏེ། འཛམ་གླིང་ཐོག་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་རྩེར་སོན་དམིགས་བསལ་དམག་འཐབ་དཔུང་སྡེ་ཧུར་ཐག་གཏོད་པ་དང་། དུས་དང་རྣམ་པ་ཀུན་ཏུ་ཏང་དང་མི་དམངས་ཀྱི་ཆེད་དུ་སླར་ཡང་གྲུབ་འབྲས་གསར་པ་གཏོད་རྒྱུར་གྲ་སྒྲིག་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་ཡོད།

     “གླག་རྒོད་འཕྲལ་རྒོལ་རུ་ཁག”ནི་རྒྱལ་ཁབ་རིམ་པའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཟླ་མེད་དཔུང་སྡེ་གཅིག་རེད། 2014ལོའི་ཟླ་4པར། ཞི་ཅིན་ཕིང་སྐུ་ངོ་མས་དཔུང་སྡེ་དེར་དར་ཆ་གནང་བ་མ་ཟད་མཛུབ་སྟོན་གལ་ཆེན་གནང་ཡོད། ལོ་10ཡི་རིང་། དཔུང་སྡེ་དེས་དམག་སྤྱིའི་བཀའ་མངག་བློ་ལ་བརྟན་པོར་ངེས་ཐོག བློ་དཀར་སེམས་དཀར་ངང་ལས་འགན་གཙང་སྒྲུབ་བྱས་ཏེ། འཇིགས་རྒོལ་བརྟན་སྲུང་དང་། མཉམ་འབྲེལ་ནང་སྦྱོང་དང་མཉམ་འབྲེལ་སྦྱོང་བརྡར། བྱེད་སྒོ་ཆེ་གྲས་ཀྱི་བདེ་སྲུང་སོགས་ཀྱི་ལས་འགན་རབ་དང་རིམ་པ་ལེགས་པར་བསྒྲུབས་ཤིང་། རྒྱལ་སྤྱིའི་དམིགས་བསལ་དམག་འཐབ་དཔུང་སྡེའི་དྲག་རྩལ་འགྲན་བསྡུར་ཁྲོད་རྣམ་གྲངས་20ལྷག་གི་ཨང་དང་པོ་བླངས་པས། ཀྲུང་དབྱང་དམག་ཨུད་ཀྱིས“དམག་ཡོངས་ཀྱི་དམག་གྲབས་དཔེ་དམག་ལས་ཁུངས”ཀྱི་གཟི་བརྗིད་མཚན་སྙན་སྤྲད་པ་དང་། སྔ་རྗེས་སུ་མི་ཐེངས་7ལ་རྒྱལ་ཡོངས་ཀྱི་དམག་ཡོངས་ཀྱི་གཟེངས་བསྟོད་ཐོབ་པ། མི་ཐེངས་10ཡིས་བྱས་རྗེས་རིམ་པ་དང་པོ་བཞག་པ། མི་ཐེངས་17གྱིས་བྱས་རྗེས་རིམ་པ་གཉིས་པ་བཞག་ཡོད། ཉེ་དུས། “གླག་རྒོད་འཕྲལ་རྒོལ་རུ་ཁག”གི་རུ་མི་ཡོངས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ཏེ། དཔུང་སྡེ་འཛུགས་སྐྱོང་དང་ལས་འགན་སྒྲུབ་ཚུལ་སྙན་སེང་ཞུས་པ་དང་། འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དཔེ་དམག་ཡག་པོ་བྱ་རྒྱུ་དང་། ལས་འགན་མཐའ་གཅིག་ཏུ་སྒྲུབ་པའི་དད་སེམས་དང་ཆོད་སེམས་མཚོན་པར་བྱས་ཡོད་པ་རེད།

འཛམ་གླིང་སྐར་ཁུངས།

▶པའེ་ཏེང་དང་ཐེ་རོན་ཕུ་གཉིས་སླར་ཡང་འགྲན་ལམ་དུ་ཞུགས།

ཐོག་མའི་འདེམས་བསྐོ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དུས་རིམ་དང་པོ་ཡིན་ཞིང་། ཟླ་6པའི་བར་རྒྱུན་མཐུད་རྒྱུ་རེད། ཐོག་མའི་འདེམས་བསྐོ་མཇུག་སྒྲིལ་རྗེས།

中央广播电视总台 央广网 版权所有

ཞི་ཅིན་ཕིང་ནས་འཕྲལ་རྒོལ་རུ་ཁག་འདིའི་རུ་མི་ཚོར་འཕྲིན་ལན་སྤྲིངས་པ།