ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཧན་ཀྲེང་གིས་དབྱིན་ཇིའི་ལུན་ཏུན་དངུལ་རྩའི་གྲོང་གི་གྲོང་སྤྱི་དང་མཇལ་འཕྲད་གནང་བ།

2024-03-21 11:17:00     责编:娜科
   འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གིས་ཚེས་20ཉིན་པེ་ཅིང་དུ་དབྱིན་ཇིའི་ལུན་ཏུན་དངུལ་རྩའི་གྲོང་གི་གྲོང་སྤྱི་མེ་རུའེ་མེང་དང་མཇལ་འཕྲད་གནང་ཡོད།

ཧན་ཀྲེང་གིས། ཀྲུང་གོ་དང་དབྱིན་ཇི་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་རྒྱ་ཆེ་ཞིང་གཏིང་ཟབ་པ་དང་།  ལུན་ཏུན་དངུལ་རྩའི་གྲོང་ནི་འཛམ་གླིང་ཐོག་སྐད་གྲགས་ཆེ་བའི་དངུལ་རྩའི་ལྟེ་གནས་ཞིག་རེད། དུས་ཡུན་རིང་པོའི་ནང་ཀྲུང་གོ་དང་དབྱིན་ཇིའི་དངུལ་རྩའི་འགྲོ་འོང་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་བཞིན་ཡོད། མིག་སྔར་ཀྲུང་གོས་སྤུས་ཚད་མཐོ་བའི་གོང་འཕེལ་ལ་བརྟེན་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། བློ་བརྟན་འགྱུར་མེད་ངང་མ་རྩའི་ཁྲོམ་རའི་ཕན་ཚུན་སྒོ་དབྱེ་རྒྱ་བསྐྱེད་བཏང་ནས། འཛམ་གླིང་རྒྱལ་ཁབ་ཁག་གི་དངུལ་རྩའི་ཚན་པ་དང་མ་དངུལ་འཇོག་མཁན་ལ་དེ་བས་རྒྱ་ཆེ་བའི་མ་འཇོག་དང་གོང་འཕེལ་གྱི་གོ་སྐབས་མཁོ་འདོན་བྱས་ཡོད། ང་ཚོས་དབྱིན་ཇིའི་དངུལ་རྩའི་ཚན་པ་དང་མཉམ་དུ་མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་ཀྱི་སྤེལ་རེས་ལ་སྐུལ་འདེད་གཏོང་བ། བརྟན་ལྷིང་དང་གཉིས་ཕན་གྱི་ཀྲུང་གོ་དང་དབྱིན་ཇིའི་འབྲེལ་བ་གཏོད་པར་སྐུལ་འདེད་གཏོང་བ་བཅས་བྱེད་འདོད་ཡོད་ཅེས་གསུངས་ཡོད།

   མེ་རུའེ་མེང་གིས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་ཐོབ་པའི་གྲུབ་འབྲས་ལ་བསྔགས་བརྗོད་གནང་ཡོད་པ་དང་། ཁོང་གིས། དབྱིན་ཇི་དང་ཀྲུང་གོའི་དངུལ་རྩའི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་མདུན་ལྗོངས་རྒྱ་ཆེ་པོ་ལྡན་ཡོད། ལུན་ཏུན་དངུལ་རྩའི་གྲོང་གིས་ཀྲུང་གོའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་ནང་མུ་མཐུད་ཧུར་ཐག་ཞུགས་ནས། དབྱིན་ཇི་དང་ཀྲུང་གོའི་ལྗང་མདོག་དངུལ་རྩ་དང་དཔལ་འབྱོར་ཉོ་ཚོང་གི་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད།

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

ཧན་ཀྲེང་གིས་དབྱིན་ཇིའི་ལུན་ཏུན་དངུལ་རྩའི་གྲོང་གི་གྲོང་སྤྱི་དང་མཇལ་འཕྲད་གནང་བ།

དབྱིན་ཇི་དང་ཀྲུང་གོའི་ལྗང་མདོག་དངུལ་རྩ་དང་དཔལ་འབྱོར་ཉོ་ཚོང་གི་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད།