ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

རང་རྒྱལ་ལ་སྐྲུན་བཞིན་པའི་རྡུལ་ཉིང་གློག་གི་འཕྲུལ་འཁོར་སྡེ་པ་༢༦ཡོད་པ་དང་། གྲངས་འབོར་གོ་ལ་ཧྲིལ་པོའི་ཨང་དང་པོ་ཡིན་པ།

2024-03-20 17:20:00     责编:娜科
     འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།          སྤྱི་ལོ་༢༠༢༤ལོའི་ཀྲུང་གོ་རྒྱལ་སྤྱིའི་རྡུལ་ཉིང་བཟོ་ལས་འགྲེམས་ཚོགས་སྤྱི་ཚེས་༡༩ཉིན་འགོ་ཚུགས་ཡོད།  ཉེ་བའི་ལོ་ཤས་ནང་།  རང་རྒྱལ་གྱི་རྡུལ་ཉིང་གློག་གི་ཚན་རྩལ་གསར་སྐྲུན་མ་ལག་གི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་འགྲོ་བཞིན་ཡོད་པ་དང་། སྐྲུན་བཞིན་པའི་རྡུལ་ཉིང་གློག་གི་འཕྲུལ་འཁོར་སྡེ་པའི་གྲངས་འབོར་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་པ།  རྡུལ་ཉིང་ལག་རྩལ་བེད་སྤྱོད་དང་། རྡུལ་ཉིང་གློག་གི་སྒྲིག་ཆས་རང་བརྟེན་ཅན། རྡུལ་ཉིང་བཟོ་ལས་གྲངས་འཛིན་ཅན་དང་རིག་ནུས་ཅན་སོགས་ཀྱིས་རྒྱལ་དམངས་དཔལ་འབྱོར་གོང་འཕེལ་ལ་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད།  

        འགྲེམས་སྟོན་ཁང་གི་ཡན་ལག་ཁང་གསུམ་པར་སྐྱོད་སྐབས།   མིག་ལམ་དུ་འཆར་བ་ནི་མི་བཟོས་ཉི་མ་ཞེས་སུ་འབོད་པའི་ཀྲུང་གོའི་འཁོར་རྒྱུག་གསུམ་པ་རྟགས་ཅན་༼HL-༣༽གྱི་ཚོད་ལྟའི་སྒྲིག་བཀོད་ཀྱི་བཟོ་དབྱིབས་དག་རེད།  ཀྲུང་གོ་རྡུལ་ཉིང་ཚོགས་པ་རྡུལ་ཉིང་བཟོ་ལས་ལྷོ་ནུབ་དངོས་ཁམས་ཞིབ་འཇུག་ཁང་འདུས་འགྱུར་ཚན་རིག་སོའོ་ཡི་འབུམ་རམས་པའི་ཚན་རིག་ཁྱབ་གདལ་ཚོགས་པའི་ཁོངས་མི་ཧྲེ་ཞའོ་ཀྲུང་གིས།   གོང་དུ་བརྗོད་པའི་དངོས་པོ་དེ་དག་ནི་སྐབས་འདིའི་རྡུལ་ཉིང་བཟོ་ལས་འགྲེམས་སྟོན་ནང་ཀྲུང་གོ་རྡུལ་ཉིང་ཚོགས་པའི་ཁག་དང་པོའི་འཛམ་གླིང་ལ་སྒོ་དབྱེ་བའི་ཚན་ཞིབ་སྒྲིག་ཆས་དང་ཚོད་ལྟའི་སྟེགས་བུའི་གྲས་ཤིག་རེད་ཅེས་ངོ་སྤྲོད་གནང་ཡོད།

        གོ་ལ་ཧྲིལ་པོའི་ནང་དེ་ཙམ་མང་པོ་མེད་པའི་རང་བརྟེན་ཆ་ཚང་བའི་རྡུལ་ཉིང་བཟོ་ལས་ཀྱི་ཐོན་ལས་སྦྲེལ་ཐག་ཡོད་པའི་རྒྱལ་ཁབ་ཞིག་ཡིན་པའི་ཆ་ནས།  ཀྲུང་གོའི་སྐམ་ས་ཆེ་མོར་ད་ལྟ་བེད་སྤྱོད་བྱེད་བཞིན་པའི་རྡུལ་ཉིང་གློག་གི་འཕྲུལ་འཁོར་སྡེ་པ་༥༥ཡོད་པ་དང་།  གོ་ལ་ཧྲིལ་པོའི་ཨང་གསུམ་པ་ཡིན་པ།  སྐྲུན་བཞིན་པའི་རྡུལ་ཉིང་གློག་གི་འཕྲུལ་འཁོར་སྡེ་པ་༢༦ཡོད་པས།  མུ་མཐུད་ནས་འཛམ་གླིང་ཡོངས་ཀྱི་ཨང་དང་པོ་བཟུང་ཡོད། སྤྱི་ལོ་༢༠༢༢ལོ་དང་༢༠༢༣ལོ་གཉིས་བསྟུད་མར།  ལོ་རེར་ཞིབ་བཤེར་བྱས་ནས་ཆོག་མཆན་སྤྲད་པའི་རྡུལ་ཉིང་གློག་གི་འཕྲུལ་འཁོར་སྡེ་པའི་གྲངས་འབོར་དེ་བཅུ་ཟིན་པ་དང་།  རྡུལ་ཉིང་གློག་གི་འཛུགས་སྐྲུན་དེ་ཉིད་སྤུས་མཐོའི་གོང་འཕེལ་གྱི་ལམ་བུའི་ཐོག་སྐྱོད་བཞིན་ཡོད།  ཀྲུང་གོ་རྡུལ་ཉིང་གློག་ཚོགས་པའི་ལས་འཛིན་དཔོན་ཡུས་ཅན་ཧྥེང་གིས།  ཉེ་བའི་ལོ་ཤས་ནང་།  རང་རྒྱལ་གྱི་རྡུལ་ཉིང་བཟོ་ལས་ཀྱི་བདེ་འཇགས་གོང་འཕེལ་གྱི་རྨང་གཞི་སྔར་བས་སྲ་བརྟན་དུ་ཕྱིན་ཡོད་པ་དང་།    རྡུལ་ཉིང་ནུས་པའི་ལག་རྩལ་གསར་པའི་གསར་སྐྲུན་བེད་སྤྱོད་མགྱོགས་སུ་ཕྱིན་པ།  རྡུལ་ཉིང་བཟོ་ལས་མ་ལག་གི་ནུས་པ་ཟམ་མི་ཆད་པར་ཆེ་རུ་འགྲོ་བཞིན་ཡོད་ཅེས་གསུངས་ཡོད།  

       ཡུས་ཅན་ཧྥེང་གིས།   རྒྱལ་ཡོངས་ཀྱི་རྡུལ་ཉིང་གློག་གི་ཐོན་ལས་ཀྱིས་རིམ་རྩིས་བྱས་ན་གློག་ཏུའུ་དུང་ཕྱུར་བཞི་ཁྲི་ཙམ་བཏང་ཟིན་ཡོད་པ་དང་།  དེའི་ནང་ སྤྱི་ལོ་༢༠༢༣ལོར་བཏང་བའི་གློག་གི་འབོར་ཚད་དེ་ཏུའུ་དུང་ཕྱུར་༤༣༠༠ཟིན་ཡོད་ཅིང་།  དེ་ནི་ལོ་དེའི་ནང་དབྱང་གཉིས་ཐཱན་རྫས་འབུད་བཤངས་བྱ་རྒྱུ་ཏུན་དུང་ཕྱུར་༣དང་བྱེ་བ་༢ཉུང་དུ་བཏང་བ་དང་འདྲ་མཚུངས་རེད།  ང་ཚོས་རབས་གསུམ་པའི་རྡུལ་ཉིང་གློག་གི་ལག་རྩལ་ཆུ་ཚད་དང་འགྲན་རྩོད་ནུས་པ་མུ་མཐུད་ནས་ཇེ་ཆེར་གཏོང་བ་དང་།  རྡུལ་ཉིང་གས་འགྱུར་ཕུང་པོ་ཆུང་གྲས་ཀྱི་སྤྱོད་སྒོ་མང་བ་དང་ཚོང་ལས་ཐད་སྤྱོད་རྒྱུ་འཚོལ་ཞིབ་བྱེད་པ།  མགྱོགས་གྲུབ་རྡུལ་ཉིང་གས་འགྱུར་ཕུང་པོ་དང་།  དྲོད་མཐོ་རླུལ་གྲང་རྡུལ་ཉིང་གས་འགྱུར་ཕུང་པོ་སོགས་པའི་རབས་གསར་པའི་རྡུལ་ཉིང་གློག་གི་ལག་རྩལ་གསར་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ།  འདུས་འགྱུར་ཞིབ་བཟོའི་ལག་རྩལ་འགག་གཏོར་ལ་སྐུལ་འདེད་ཧུར་ཐག་གཏོང་བ།  རྡུལ་ཉིང་ནུས་པའི་གསར་སྐྲུན་གོང་འཕེལ་ཐད་སྒུལ་ནུས་གསར་པ་རྒྱུན་ཆད་མེད་པར་སྣོན་པ་བཅས་བྱ་རྒྱུ་རེད་ཅེས་གསུངས་ཡོད།  

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

རང་རྒྱལ་ལ་སྐྲུན་བཞིན་པའི་རྡུལ་ཉིང་གློག་གི་འཕྲུལ་འཁོར་སྡེ་པ་༢༦ཡོད་པ་དང་། གྲངས་འབོར་གོ་ལ་ཧྲིལ་པོའི་ཨང་དང་པོ་ཡིན་པ།

རྡུལ་ཉིང་ནུས་པའི་གསར་སྐྲུན་གོང་འཕེལ་ཐད་སྒུལ་ནུས་གསར་པ་རྒྱུན་ཆད་མེད་པར་སྣོན་པ་བཅས་བྱ་རྒྱུ་རེད་ཅེས་གསུངས་ཡོད།