ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་གནང་བ་དང་། ༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་ལག་བསྟར་སྲོལ་ཡིག་༽ཁྱབ་བསྒྲགས་བྱས་པ།

2024-03-20 17:19:00     责编:娜科
    འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།           ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་ནས་༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས་ཀྱི་ལག་བསྟར་སྲོལ་ཡིག་༽ཁྱབ་བསྒྲགས་བྱས་པ་དང་། སྤྱི་ལོ་༢༠༢༤ལོའི་ཟླ་༧ཚེས་༡ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།  ༼སྲོལ་ཡིག་༽དེར་ཁྱོན་ལེའུ་༧དང་དོན་ཚན་༥༣ཡོད། དེ་ཡང་གཅིག་ནས་གཉེར་སྐྱོང་པའི་འོས་འགན་སྐོར་གྱི་གཏན་འབེབས་ཞིབ་ཕྲ་བཟོས་པ་དང་ཁ་གསབ་བྱས་པ་དང་། གཉིས་ནས་དྲ་རྒྱའི་འཛད་སྤྱོད་ཀྱི་འབྲེལ་ཡོད་གཏན་འབེབས་འཐུས་ཚང་དུ་བཏང་ཡོད། ཚོང་གཉེར་བྱེད་མཁན་གྱིས་ལག་རྩལ་གྱི་བྱེད་ཐབས་ལ་བརྟེན་ནས་འཛད་སྤྱོད་པར་བཙན་ཤེད་དམ་རྣམ་པ་འགྱུར་བའི་བཙན་ཤེད་ཀྱི་ཐོག་ནས་ཚོང་ཟོག་ཉོ་རུ་འཇུག་པའམ་ཞབས་ཞུ་དང་ལེན་བྱེད་དུ་བཅུག་མི་ཆོག་ཅེས་གཏན་འབེབས་བྱས་ཡོད། ཐད་གཏོང་ཚོང་གཉེར་སྟེགས་བུ་གཉེར་མཁན་གྱིས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། གསུམ་ནས་སྔོན་གཏོང་རྣམ་པའི་འཛད་སྤྱོད་གཉེར་སྐྱོང་མཁན་གྱི་འོས་འགན་ལ་ཤུགས་སྣོན་རྒྱག་དགོས། ཚོང་གཉེར་བྱེད་མཁན་གྱིས་འཛད་སྤྱོད་པའི་བར་གྱི་ཁ་ཆད་ལྟར་ཚོང་ཟོག་གམ་ཞབས་ཞུ་མཁོ་འདོན་བྱེད་དགོས་པའི་གཏན་འབེབས་བྱས་ཡོད། བཞི་ནས་འཛད་སྤྱོད་ཀྱི་གུན་གསབ་ལེན་པའི་བྱ་སྤྱོད་ཚད་ལྡན་དུ་བཏང་ཡོད། ཞུ་གཏུག་དང་ཐེར་འདོན་གོང་ཞུ་བྱེད་སྐབས་བཅའ་ཁྲིམས་དང་། ཁྲིམས་སྲོལ། འབྲེལ་ཡོད་གཏན་འབེབས་བཅས་ལ་བརྩི་སྲུང་ཞུ་དགོས་པ་ལས། ཞུ་གཏུག་དང་ཐེར་འདོན་གོང་ཞུ་བྱེད་པར་བརྟེན་ནས་ཚུལ་དང་མི་མཐུན་པའི་ཁེ་ཕན་རག་ཐབས་དང་།  གཉེར་སྐྱོང་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བ། ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་ལམ་དཀྲུག་པ་བཅས་བྱས་མི་ཆོག་པའི་གཏན་འབེབས་བྱས་ཡོད། ལྔ་ནས་སྲིད་གཞུང་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ལས་ཀའི་འགན་འཁྲི་ཁ་གསལ་བཟོས་ཡོད་པ་རེད། 

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་གནང་བ་དང་། ༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་ལག་བསྟར་སྲོལ་ཡིག་༽ཁྱབ་བསྒྲགས་བྱས་པ།

ལྔ་ནས་སྲིད་གཞུང་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ལས་ཀའི་འགན་འཁྲི་ཁ་གསལ་བཟོས་ཡོད་པ་རེད།