ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

རང་རྒྱལ་གྱིས་བྱིས་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་སྔར་བས་འཐུས་ཚང་དུ་གཏོང་རྒྱུ་ཡིན་པ།

2024-03-20 17:16:00     责编:娜科
  འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།  སྤྱི་ཚེས་༡༩ཉིན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས། ད་ལོ་རང་རྒྱལ་གྱིས་བྱིས་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་སྔར་བས་འཐུས་ཚང་དུ་བཏང་སྟེ། ཉིན་བཞིན་ཆེ་རུ་འགྲོ་བའི་སྣ་མང་ཅན་གྱི་བྱིས་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དགོས་མཁོ་སྔར་བས་ཡག་པོ་སྐོང་བ་དང་དུས་མཚུངས་སུ། ཁྱོན་ཡོངས་ནས་དམ་ཚགས་རྣམ་པའི་རྫོང་ཁོངས་ཀྱི་སྨན་བཅོས་ཐུན་མོང་མ་ལག་འཛུགས་སྐྱོང་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས།

བྱིས་ནད་ཚན་ཁག་གི་སྨན་པའི་ཐོན་ཁོངས་མི་འདང་བ་དང་ཁྱབ་ཁོངས་ཁྱབ་ཚུལ་དོ་སྙོམས་མིན་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་སྨན་སྲིད་སིའི་སི་ཀྲང་གཞོན་པ་ལི་ཏ་ཁྲོན་གྱིས། ད་ལོ་རང་རྒྱལ་གྱི་བྱིས་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ། གཞི་རིམ་གྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན་ཞེས་གསུངས་པ་དང་། ཁོང་གིས། ཞིང་ཆེན་རེས་ཆུ་ཚད་མཐོ་བའི་བྱིས་པའི་ཆེད་ཚན་སྨན་ཁང་ངམ་ཡང་ན་ཕྱོགས་བསྡུས་སྨན་ཁང་གི་བྱིས་ནད་ཚན་ཁག་འཛུགས་དགོས་པའི་བླང་བྱ་འདོན་པ་དང་། ས་ཁུལ་དང་གྲོང་ཁྱེར་རིམ་པའི་རིམ་གསུམ་སྨན་ཁང་གིས་ཤུགས་དང་ལྡན་པའི་བྱིས་པའི་ཆེད་ཚན་འཛུགས་སྐྲུན་བྱེད་དགོས་པའི་བླང་བྱ་བཏོན་ནས། གཞི་རིམ་སྨན་བཅོས་ཚན་པའི་མཁོ་ཆོད་སྨན་པས་བྱིས་པའི་ནད་རིགས་ཀྱི་སྨན་བཅོས་ནུས་པ་ཆེ་རུ་གཏོང་བ་དང་། འབྲེལ་ཡོད་ཆེད་ལས་སྨན་པ་བྱིས་ནད་ཚན་ཁག་གི་སྨན་པར་ལས་གནས་སྒྱུར་བར་ཆ་རྐྱེན་སྐྲུན་པ་དང་སྐུལ་སློང་བྱེད་དགོས་ཞེས་གསུངས།

རང་རྒྱལ་གྱི་བུད་མེད་བུ་བཙའི་ལོ་ཚད་ནར་འགྱངས་ཕྱིན་པ་དང་། ལོ་ན་ཆེ་བའི་སྦྲུམ་མའི་བསྡུར་ཚད་མཐོ་རུ་ཕྱིན་པ་སོགས་ཀྱི་དངོས་ཡོད་གནས་ཚུལ་ལ་དམིགས་ནས། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་མ་བུའི་བདེ་ཐང་སིའི་སི་ཀྲང་གཞོན་པ་ཧྲིན་ཧའེ་ཕིང་གིས། ད་ལོ་ཉེན་ཆེ་སྦྲུམ་མ་ངོས་འཛིན་དང་སྐྱོབ་བཅོས་བྱེད་པར་ཤུགས་སྣོན་རྒྱག་པ་དང་། ཕྱོགས་བསྡུས་ཇུས་འདོན་བྱས་ཏེ་གཙོ་གནད་དང་དཀའ་གནད་ཐག་གཅོད་བྱེད་པ་དང་དུས་མཚུངས་སུ། སྦྲུམ་མའི་ཕྲུ་གུ་སྐྱེ་བའི་མྱོང་ཚོར་ལེགས་སུ་གཏོང་རྒྱུ་ཡིན་ཞེས་ཟུར་གསལ་བྱས་པ་དང་། ཁོང་གིས་ད་དུང་། ང་ཚོས་ཉེན་ཚབས་ཆེ་བའི་ནད་ལྕིའི་ནད་ཐོག་སྐྱོབ་བཅོས་ཀྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་དུས་མཚུངས་སུ། ད་ལོ་ང་ཚོས་བུ་བཙའི་མཛའ་མཐུན་སྨན་ཁང་འཛུགས་སྐྱོང་བྱས་ཏེ། སྦྲུམ་མ་སྨན་ཁང་དུ་ཞག་སྡོད་བྱས་ནས་ཕྲུ་གུ་སྐྱེ་བའི་བདེ་ཚད་དང་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་རྒྱུ་ཡིན་ཞེས་གསུངས།

གཞན་ད་དུང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གཞི་རིམ་སིའི་སི་ཀྲང་ཧྥུའུ་ཝེ་ཡིས། ད་ལོ་དམ་ཚགས་རྣམ་པའི་རྫོང་ཁོངས་ཀྱི་སྨན་བཅོས་ཐུན་མོང་མ་ལག་ཁྱོན་ཡོངས་ནས་འཛུགས་སྐྱོང་བྱེད་པ་གཙོ་གནད་དུ་བཟུང་སྟེ། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ཚན་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བར་ཤུགས་བསྣན་ནས། རྒྱུན་མཐོང་ནད་དང་ཕོག་སླའི་ནད་སྔར་བས་མང་བ་རྫོང་ཁོངས་སུ་སྨན་བཅོས་བྱེད་ཐུབ་པ་བྱེད་དགོས་ཞེས་བསྟན། ཁོང་གིས། གཞི་རིམ་གྱི་ཐོག་མའི་ནད་གཞིའི་བརྟག་དཔྱད་དང་རྩད་ཆོད་དཀའ་བའི་ནད་རིགས་ཀྱི་ངོས་འཛིན་དང་ཚན་ཁག་བརྗེ་བའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་དང་། རྫོང་ཁོངས་ཀྱི་སྨན་བཅོས་ཐུན་མོང་མ་ལག་དང་གྲོང་ཁྱེར་སྨན་ཁང་བར་གྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། མང་ཚོགས་གཞི་རིམ་དུ་ཆུ་ཚད་སྔར་བས་མཐོ་བའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་དེ་བས་མང་བ་ཐོབ་པ་བྱ་དགོས་ཞེས་གསུངས་པ་རེད།

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

རང་རྒྱལ་གྱིས་བྱིས་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་སྔར་བས་འཐུས་ཚང་དུ་གཏོང་རྒྱུ་ཡིན་པ།

མང་ཚོགས་གཞི་རིམ་དུ་ཆུ་ཚད་སྔར་བས་མཐོ་བའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་དེ་བས་མང་བ་ཐོབ་པ་བྱ་དགོས་ཞེས་གསུངས་པ་རེད།