ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཀྲུང་གོ་མི་དམངས་དངུལ་ཁང་གིས་ཕྱི་རྒྱལ་ནས་ཀྲུང་གོར་ཡོང་མཁན་མི་སྣས་དངུལ་ལོར་གཏོང་སྤྲོད་བྱེད་སྟངས་ཐད་ཕྱོགས་སྟོན་བྱས་པ།

2024-03-15 16:49:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གོ་མི་དམངས་དངུལ་ཁང་གིས་ཚེས་14ཉིན། ཕྱི་རྒྱལ་ནས་ཀྲུང་གོར་ཡོང་མཁན་མི་སྣས་དངུལ་ལོར་གཏོང་སྤྲོད་བྱེད་སྟངས་ཕྱོགས་སྟོན་གྱི་རྒྱ་ཡིག་དཔར་མ་ཁྱབ་བསྒྲགས་བྱས་པ་དང་། སྒུལ་བདེའི་གཏོང་སྤྲོད་དང་། དངུལ་ཁང་བྱང་བུ། དངུལ་སྨར་སོགས་གཏོང་སྤྲོད་བྱེད་ཐབས་རབ་དང་རིམ་པའི་ཐོག་ནས་གཏོང་སྤྲོད་བྱེད་ཆོག་པའི་དྲན་སྐུལ་བྱས་ཏེ། ཕྱི་རྒྱལ་བ་ཀྲུང་གོར་ཡོང་སྐབས་གཏོང་སྤྲོད་དཀའ་བའི་གནད་དོན་ཐག་གཅོད་བྱ་རྒྱུར་རོགས་རམ་བྱས་ཡོད།
ཀྲུང་གོ་མི་དམངས་དངུལ་ཁང་གིས་ཁྱབ་སྒྲགས་བྱས་པའི་༼ཕྱོགས་སྟོན་༽ལ་གཞིགས་ན། ཀྲུང་གོར་ཡོང་མཁན་ཕྱི་རྒྱལ་བ་ཚོས་སྒུལ་བདེའི་གཏོང་སྤྲོད་དང་། དངུལ་ཁང་བྱང་བུ། དངུལ་སྨར་སོགས་གཏོང་སྤྲོད་ཞབས་ཞུ་རབ་དང་རིམ་པ་འདེམས་ཆོག་པ་ཁ་གསལ་བསྟན་ཡོད། དེའི་ཁྲོད་ཀྱི་དངུལ་ཁང་བྱང་བུའི་གཏོང་སྤྲོད་བྱེད་ཐབས་ཐད། གལ་སྲིད་Visaསོགས་བཀོད་པའི་དངུལ་ཁང་བྱང་བུ་ཡིན་ཚེ། གང་དེ་གཏོང་སྤྲོད་བྱེད་ཆོག་ཅེས་འཁོད་པའི་ཚོང་དུད་བརྒྱུད་གཏོང་སྤྲོད་བྱས་ན་ཆོག་གི་ཡོད། དངུལ་འབྲེལ་བྱང་བུ་ཡིན་ཚེ་མངའ་ཁོངས་ནང་གི་དངུལ་ཁང་བྱང་བུའི་གཏོང་སྤྲོད་མཐའ་སྣེ་ཡོད་པའི་ཚོང་དུད་ཚང་མར་བེད་སྤྱོད་གཏོང་ཆོག་གི་ཡོད།
ཀྲུང་གོར་ཡོང་མཁན་ཕྱི་རྒྱལ་བ་ཚོས་སྟབས་བདེའི་སྒུལ་བདེའི་གཏོང་སྤྲོད་བྱེད་ཐབས་སྤྱོད་བསམ་ཚེ་ལག་ཐོགས་ཁ་པར་གཅིག་བྱུང་ན་འགྲིག་གི་ཡོད། ཟླ་བ་གསུམ་པའི་ཟླ་འགོར། ཀྲུང་གོ་མི་དམངས་དངུལ་ཁང་གིས་ཀྲུང་གོར་ཡོང་མཁན་ཕྱི་རྒྱལ་བ་ཚོས་སྒུལ་བདེའི་གཏོང་སྤྲོད་བྱེད་སྐབས་ཐེངས་གཅིག་ལ་ཨ་སྒོར་1000ལས་གཏོང་སྤྲོད་བྱེད་མི་ཐུབ་པའི་ཚད་བཀག་དེ་ཨ་སྒོར་5000བར་མཐོ་རུ་བཏང་བ་དང་། ལོ་གཅིག་ལ་ཁྱོན་ཨ་སྒོར་ཁྲི་1ལས་གཏོང་སྤྲོད་བྱེད་མི་ཐུབ་པའི་ཚད་གཞི་དེ་ཨ་སྒོར་ཁྲི་5བར་མཐོ་རུ་བཏང་ཡོད། འབྲེལ་ཡོད་ཀྱི་གཏོང་སྤྲོད་སྟེགས་བུས་ཀྲུང་གོར་ཡོང་མཁན་ཕྱི་རྒྱལ་བ་ཚོས་ཕྱི་དངུལ་གྱི་གཏོང་སྤྲོད་ཡིད་རྟོན་བྱང་བུ་སྤྱོད་རྒྱུར་རྒྱབ་སྐྱོར་བྱེད་ཆོག་པ་དང་། ཕྱི་རྒྱལ་གྱི་གློག་རྡུལ་དངུལ་ཁུག་སྤྱོད་མཁན་ཚོས་ད་ཡོད་ཀྱི་གཏོང་སྤྲོད་བྱེད་ཐབས་བརྒྱུད་གཏོང་སྤྲོད་བྱེད་ཆོག་པས། གཏོང་སྤྲོད་བྱེད་ཐབས་གཞན་ཕབ་ལེན་བྱེད་དགོས་མེད་པ་རེད། གཏོང་སྤྲོད་སྟེགས་བུ་ག་གེ་མོའི་ཕྱི་རྒྱལ་བའི་གཏོང་སྤྲོད་ལས་སྒོའི་འགན་ཁུར་བ་ཅིན་ཡའོ་ཡའོ་ཡིས། ཕྱི་རྒྱལ་གྱི་རྒྱལ་ཁབ་དང་ས་ཁུལ་7གྱི་གློག་རྡུལ་དངུལ་ཁུག་10སྤྱོད་མཁན་རྣམས་མངའ་ཁོངས་ནང་དུ་འཛུལ་རྗེས་མུ་མཐུད་བེད་སྤྱོད་གཏོང་ཆོག་གི་ཡོད། དེ་དག་ཨེ་ཤེ་ཡ་ཤར་ལྷོ་དང་ཨེ་ཤེ་ཡ་ཤར་མའི་འཛད་སྤྱོད་པ་དུང་ཕྱུར་1དང་བྱེ་བ་7དང་ས་ཡ་5ལ་ཁྱབ་ཡོད། སླད་ཕྱིན། ད་དུང་ཕྱི་རྒྱལ་གྱི་གཏོང་སྤྲོད་བྱེད་ཐབས་དེ་བས་མང་བ་བཀོལ་སྤྱོད་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།
དངུལ་སྨར་བཀོལ་སྤྱོད་ཐད་ཕྱོགས་སྟོན་ཁ་གསལ་བྱས་པ་སྟེ། ཀྲུང་གོར་ཡོང་མཁན་ཕྱི་རྒྱལ་བ་ཚོས་དངུལ་ཁང་བྱང་བུ་བརྒྱུད་གང་དེ་སྤྱོད་ཆོག་པའི་རྟགས་བཀོད་པའི་དངུལ་ལེན་འཕྲུལ་ཆས་ནས་མི་དམངས་ཤོག་སྒོར་ལེན་ཆོག་གི་ཡོད་ལ། དངུལ་ལོར་བརྗེ་པོ་རྒྱག་ཆོག་པའི་རྟགས་བཀོད་པའི་དངུལ་ཁང་དྲ་ཚིགས་དང་། ཕྱི་དངུལ་བརྗེ་སྤྲོད་ལས་ཁུངས། རང་འདེམས་བརྗེ་སྤྲོད་འཕྲུལ་ཆས་བཅས་བརྒྱུད་ཕྱི་དངུལ་གྱི་དངུལ་སྨར་མི་དམངས་ཤོག་སྒོར་ལ་བརྗེ་ཆོག་གི་ཡོད་པ་རེད། །

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

ཀྲུང་གོ་མི་དམངས་དངུལ་ཁང་གིས་ཕྱི་རྒྱལ་ནས་ཀྲུང་གོར་ཡོང་མཁན་མི་སྣས་དངུལ་ལོར་གཏོང་སྤྲོད་བྱེད་སྟངས་ཐད་ཕྱོགས་སྟོན་བྱས་པ།

ཀྲུང་གོ་མི་དམངས་དངུལ་ཁང་གིས་ཚེས་14ཉིན། ཕྱི་རྒྱལ་ནས་ཀྲུང་གོར་ཡོང་མཁན་མི་སྣས་དངུལ་ལོར་གཏོང་སྤྲོད་བྱེད་སྟངས་ཕྱོགས་སྟོན་གྱི་རྒྱ་ཡིག་དཔར་མ་ཁྱབ་བསྒྲགས་བྱས་པ་དང་།